གྲུ་བཞི་ཡག་ལེ་སྒོ་འདྲ།རི་མོ་ཡག་ལེ་འཇའ་འདྲ།

文化   2024-10-09 08:09   西藏  


གནའ་སྔ་མོ་ཞིག་ནས་བསིལ་ལྗོངས་ཁ་བའི་ཡུལ་གྱི་ལོ་རྒྱུས་ཁྲོད་དུ་ཁེད་དམ་ལྡེའུ་ཞེས་པའི་བློ་རིག་གི་སྒོ་མོ་འབྱེད་པར་ལྡེ་མིག་ལྟ་བུའི་རིག་རྩལ་འདིས་བསམ་གཞིག་གི་ནུས་པ་གསོ་བར་ནུས་པ་གལ་ཆེན་ཞིག་ཐོན་ཡོད་པ་ལོ་རྒྱུས་དེབ་ཐར་ཁག་ཏུ་གསལ་བ་ལྟར་ཡིན་པ་མ་ཟད། ཁེད་ནི་བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་སྤྲོ་སྣང་ཆེ་བའི་རིག་སྟོབས་ཀྱི་ནུས་པ་སྦྱོང་བརྡར་བྱེད་པའི་རིག་རྩལ་གྱི་ཐབས་ཚུལ་གལ་ཆེན་ཞིག་ཡིན། དེར་བརྟེན་བྱིས་པའི་སེམས་ཁམས་བདེ་ཐང་ངང་འཚར་ལོངས་དང་། རིག་སྟོབས་ཀྱི་བྱེད་ནུས་སྐྱེད་པར་བྱེད་པའི་བྱིས་པའི་རིག་རྩལ་གྱི་ནུས་པ་འདོན་སྤེལ་བྱེད་པར་དོན་སྙིང་གལ་ཆེན་ཞིག་ལྡན། དེས་ན་ངེད་རྩོམ་སྒྲིག་ཁང་གིས《ཁེད་ཀྱི་རོལ་རྩེད》ཅེས་པའི་ལེ་ཚན་ཞིག་འདི་གཉེར་བ་ཡིན་པས།  ཀུན་གྱིས་དེ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་བའི་ཞོར་དུ་ཉིན་རེ་བཞིན་རང་རང་སོའི་སོའི་བུ་ཕྲུག་དང་ཚ་བོ་ཚ་མོ་དག་ལ་ཁེད་ཀྱི་རྩེ་མོའི་རིག་རྩལ་གྱིས་བྱིས་པ་ལ་རང་སྐད་ཀྱི་ཐ་སྙད་གོང་འཕེལ་དང་བློ་སྒོ་འབྱེད་པའི་ཐབས་ལ་བརྩོན་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་བ་ཡིན། 
ཁ་སང་གི་ཁེད།

ཤ་ཁྲི་ཁ་ན་ཤིང་ཁྲི། 

ཤིང་ཁྲི་ཁ་ན་ཆུ་མཚོ།

ཆུ་མཚོའི་ཁ་ན་གངས་རི།


ཁེད་ལན། ཤིང་ཕོར་ནང་དུ་སྤགས་བརྫིས་པ།

གྲུ་བཞི་ཡག་ལེ་སྒོ་འདྲ།

རི་མོ་ཡག་ལེ་འཇའ་འདྲ།

ཅི་ཁེད། 

ཁེད་ལན་ཐེངས་རྗེས་མར་བཀོད་ཡོང་། 

གཤམ་གྱི་དཔྱད་མཆན་བཀོད་སར་ཁེད་ལན་བྲིས་ཆོག👇🏿

ཡོང་ཁུངས། ཀུན་ཁྱབ་འོད་སྣང་སྤྱི་སྟེགས།

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章