༣༩ རང་རྒྱུད་འདུལ་བའི་ཐབས་ལ་སོང་ན་བློ་བསྐྱེད་ཡིན།

文化   2024-10-17 07:40   西藏  


སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿

༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །


ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།


     བླ་བྲང་གི་ཨ་ཁུ་ཞིག་གིས་ཨ་མྱེས་དམ་ཅན་སྒྲུབ་པས་ཨ་མྱེས་དམ་ཅན་གྱིས་རྗེས་སུ་བཟུང་ཞིང་། ཨ་མྱེས་དམ་ཅན་གྱིས་ཁྱོད་ལ་དངོས་གྲུབ་ཅི་ཞིག་དགོས་ཟེར། ང་ལ་དངོས་གྲུབ་གཞན་མི་དགོས་ང་ལ་ནམ་ཤི་རྒྱུ་ཡིན་འདུག་ཤོད་ཟེར། ཉིན་ཞིག་རྨི་ལམ་ཞིག་རྨིས་ནས་ཨ་མྱེས་དམ་ཅན་ཡིན་ཟེར་བའི་ངོ་གདོང་དམར་བོ་ཅན་ཞིག་གིས་ཁྱོད་ཀྱི་ཡར་ནང་གི་ཨ་ཁུ་དེ་ཤི་སོང་ཟེར། དེ་ད་ལོ་ལོ་ཅུང་ཙམ་ཆུང་ཟེར་ནས་བསམ་བློ་མ་བཏང་བར། བརྡ་བཏང་ཡང་མ་ཤེས་པ་རེད། དེའི་རྗེས་ནས་ཨ་མྱེས་དམ་ཅན་གྱིས་ཁྱོད་ཀྱི་མར་ནང་གི་ཨ་ཁུ་དེ་ཤི་སོང་ཟེར། དེ་ད་ངའི་ཆུང་ཡིན་ཟེར་ནས་བསམ་བློ་མ་བཏང་བ་རེད། དེ་ནས་ཅུང་མ་འགོར་བར་ཁྱོད་ཉིན་ཁ་ཤས་ཀྱི་རྗེས་ནས་ཤི་རྒྱུ་རེད་ཟེར། ཁྱོད་ཀྱིས་ང་ལ་སྔོན་ནས་ཅིའི་ཕྱིར་མ་བཤད་པ་ཡིན་ཟེར། ཨ་མྱེས་དམ་ཅན་གྱིས་ངས་ཁྱོད་ཀྱི་ཡར་ནང་གི་ཨ་ཁུ་དེ་ཤི་སོང་ཞེས་བཤད། མར་ནང་གི་ཨ་ཁུ་དེ་ཡང་ཤི་སོང་ཞེས་བཤད་མོད། ཁྱོད་བར་ན་འདུག་ས་མེད་པ་མི་ཤེས་སམ་ཟེར། ཨ་ཀྱཱ་ཚང་གི་ཟིན་བྲིས་ཤིག་གི་ནང་དུ་པཎ་ཆེན་ཡོངས་འཛིན་ཨ་ཁུ་འཇིགས་མེད་ཀྱིས་དེ་ལྟར་གསུངས་ཞེས་གསུངས་ཡོད། 

     ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་གི་ཞལ་ནས། སྔར་མ་ཤེས་པ་ཞིག་ཤེས་ན་བློ་བསྐྱེད་མིན། ཆོས་གཅིག་ཤེས་གཉིས་ཤེས་ཐམས་ཅད་རྭ་ལྟར་གྱོང་བའི་རང་རྒྱུད་འདུལ་བའི་ཐབས་ལ་སོང་ན་བློ་བསྐྱེད་ཡིན་གསུངས། 


མུ་འགོད།



མཉེན་ཆས་འོས་སྦྱོར།

班智达翻译-པཎྚི་ཏ་ཡིག་སྒྱུར།

班智达藏-པཎྚི་ཏ་བོད་ལུགས་གསོ་རིག

班智达词典-པཎྚི་ཏ་ཚིག་མཛོད།

班智达识别-པཎྚ་ཏ་བཤེར་འབེབས།

班智达图译-པཎྚི་ཏ་པར་རིས་ཡིག་སྒྱུར།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章