༣༨ གྲོགས་བཟང་བོ་ཞིག་བསྟེན་རྒྱུ་གལ་ཆེ།

文化   2024-10-05 14:14   西藏  


སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿

༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །



ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།


     དཔེ་ཆ་ལ་བློ་ཁ་མ་ཕྱོགས་པ་ལས་དཔེ་ཆར་བལྟས་ན་རང་གི་ནུས་ཚོད་ཅིག་ཤེས་ཐུབ། ལྷག་པར་དུ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་གསུང་དེ་བློ་རྣོན་པོ་ཅན་གྱི་གང་ཟག་ཅིག་གིས་བལྟས་ན་རང་གི་ནུས་ཚོད་ཅིག་གོ་བ་དང་། འབྲིང་ཞིག་གིས་ཀྱང་རང་གི་ནུས་ཚོད་ཅིག་གོ་བ། མཐའ་མ་ཞིག་གིས་ཀྱང་རང་གི་ནུས་ཚོད་ཅིག་གོ་བ་དེ་འདྲ་རེད། 

     སྔོན་སྤྱོད་པ་ཧ་ཅང་མི་ལེགས་པའི་ལྷ་སའི་གྲྭ་བ་ཞིག་རྭ་སྒྲེང་ལ་སོང་བ་དང་། རྭ་སྒྲེང་གི་གྲྭ་བ་བཟང་བོ་ཞིག་ལྷ་སར་ཡོང་ནས། ཁོ་ལྷ་ས་ནས་ཧ་ཅང་སྤྱོད་པ་མི་ལེགས་པ་ཞིག་ཏུ་གྱུར་པ་རེད། འདུ་འཛི་རྒོད་སའི་ཡུལ་དུ་ལས་དང་བོ་བ་ཞིག་བསྡད་ན་མི་བཟང་བས་གནས་དབེན་པ་བསྟེན་པ་དང་། གྲོགས་བཟང་བོ་ཞིག་བསྟེན་རྒྱུ་གལ་ཆེ། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པའི་ཞལ་ནས། གྲོགས་བཟང་བོ་སྨན་གྱི་ལྗོན་ཤིང་ཡིན། །ཞེས་གསུངས་པ་ལྟར་མི་ངན་པ་ཞིག་གིས་གྲོགས་བཟང་བོ་ལ་བསྟེན་ན་མི་བཟང་བོར་འགྱུར་བ་ཡོད། 

མུ་འགོད།



མཉེན་ཆས་འོས་སྦྱོར།

班智达翻译-པཎྚི་ཏ་ཡིག་སྒྱུར།

班智达藏-པཎྚི་ཏ་བོད་ལུགས་གསོ་རིག

班智达词典-པཎྚི་ཏ་ཚིག་མཛོད།

班智达识别-པཎྚ་ཏ་བཤེར་འབེབས།

班智达图译-པཎྚི་ཏ་པར་རིས་ཡིག་སྒྱུར།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章