ནར་སོན་པའི་མི་ཡང་གཟུཊ་པོ cm8 རིང་དུ་འགྲོ་སྲིད་ཟེར་ན་ཡིད་ཆེས་སམ།

文化   2024-10-15 08:11   西藏  

ཉེ་བའི་ལོ་ཤས་ནང་། སྤྱི་ཚོགས་ཐོག་གཟུགས་པོའི་རིང་ཚད་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བ་དང་བསྟུན་ནས། རང་ཉིད་ཀྱི་གཟུགས་པོའི་རིང་ཚད་ཐད་བློ་ཕམ་སེམས་ཁྲལ་བྱེད་མཁན་ལ་དམིགས་ནས་གཟུགས་པོ་རིང་དུ་གཏོང་བྱེད་ཀྱི་ཐོན་རྫས་ཟེར་བ་བཏོན་དང་འདོན་མུས་ཡིན་པ་དང་། དེ་ལྟར་དྲ་སྦྲེལ་ཐོག་ཉིན་བཞིན་འཐུས་ཆ་ཚང་བའི་ཐོན་ལས་མུ་ཁྱུད་ཅིག་གྲུབ་བཞིན་ཡོད་པ་རེད། ཁོ་ཚོས་རང་ཉིད་ཀྱི་ཐོན་རྫས་དེ་འདྲ་སྤྱད་པ་ཡིན་ན་ལོ་རྒན་གཞོན་ལ་མ་ལྟོས་པར་གཟུགས་པོ་ལིའི་སྨི་5ནས་8བར་རིང་དུ་འགྲོ་སྲིད་ཅེས་ཟེར་གྱི་ཡོད། འོ་ན་ཐོན་རྫས་དེ་དག་ལ་ནུས་པ་དེ་འདྲ་ཡོད་དམ། ནར་སོན་པའི་མིས་ཐོན་རྫས་དེ་རིགས་སྤྱད་ན་གཟུགས་པོ་རིང་དུ་རིང་དུ་འགྲོ་སྲིད་དམ་ཞེ་ན། 

དེའི་ཐད་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་མིན་ཧང་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་ཉེན་རྟོག་པ་ཏའེ་ཅ་ཝི་ཡིས། ང་ཚོས་གཟུགས་པོ་རིང་དུ་འགྲོ་བྱེད་ཀྱི་སྨན་ཕྱེ་ཟེར་བའི་གྲུབ་ཆར་ཞིབ་དཔྱད་བྱས་པ་ཡིན། དེའི་ནང་སྐྲི་དཀར་དང་འཚོ་བཅུད་ཀའེ་འདུས་འདུག ཡིན་ནའང་དེའི་ནང་གི་སྐྲི་དཀར་དང་འཚོ་བཅུད་ཀའེ་ཡི་འདུས་ཚད་དེ་ནམ་རྒྱུན་ང་ཚོའི་བཟའ་བཅའ་སྟེ་འབྲས་དང་སྲན་མའི་རིགས། འོ་མ་སོགས་དང་བསྡུར་བ་གཏོང་སྐབས་འཚོ་བཅུད་ལྡབ་ཀྱིས་ཉུང་བ་མ་གཏོགས་མང་བ་མི་འདུག་ཅེས་གསུངས་འདུག 

   


རྒྱལ་སའི་བྱིས་ནད་ཞིབ་འཇུག་ཁང་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་སྨན་པ་འབུམ་རམས་པ་སུང་ཧྥུ་དབྱིང་གིས། བུ་མོ་རྣམས་སྤྱིར་ལོ་14ཡི་གཡས་གཡོན་ལ་སླེབས་སྐབས་རུས་པ་ཁ་འགྲིག་པའི་ལོ་ཚད་ལ་ཉེ་བར་སླེབས་པ་དང་། བུ་རྣམས་ལོ་16གི་གཡས་གཡོན་ལ་སླེབས་སྐབས་ནར་སོན་པའི་མིའི་གཟུགས་པོའི་མཐོ་ཚད་དང་ཉེ་བར་སླེབས་ཀྱི་ཡོད། དེས་ན་ནར་སོན་པའི་མི་རྣམས་ཀྱི་ངོས་ནས་བཤད་ན་རུས་པའི་སྣེ་འབུར་ཡོངས་སུ་ཁ་འགྲིག་ཟིན་པས། ལོ་ཚད་དེར་སླེབས་སྐབས་བྱ་ཐབས་གང་འདྲ་ཞིག་སྤྱད་ཀྱང་རུས་པའི་སྣེ་འབུར་རིང་དུ་འགྲོ་མི་སྲིད་ཅེས་གསུངས་འདུག 


དེས་ན་དྲ་བའི་ཐོག་ནར་སོན་པའི་མིའི་གཟུགས་པོ་རིང་དུ་གཏོང་ཐུབ་ཟེར་བའི་ཐོན་རྫས་དེ་འདྲ་མཐོང་ན་འཛད་སྤྱོད་པ་རྣམས་ནས་དོགས་ཟོན་གྱིས་མགོ་སྐོར་འོག་མ་ཚུད་པ་གནང་དགོས། 

ནར་མ་སོན་པའི་མིའི་གཟུགས་པོའི་ལོངས་ཚད་ཐད་ཀྱི་ནོར་འཛོལ་གསུམ།

ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ནར་མ་སོན་པའི་མིའི་གཟུགས་པོའི་རིང་ཚད་ཀྱི་གནད་དོན་ཐད་ཁྱིམ་བདག་མི་ཉུང་བ་ཞིག་ལ་ནོར་འཛོལ་གྱི་ལྟ་ཚུལ་ཡོད།

·ནོར་འཛོལ་དང་པོ་ནི་འཚར་ལོངས་རེའུ་མིག་ལྟར་ན་ཕྲུ་གུའི་གཟུགས་པོའི་རིང་ཚད་མངོན་གསལ་དོད་པོས་ཐུང་ཡང་དེར་དོ་སྣང་མི་བྱེད་པ་དང་། དུས་ཐོག་ཏུ་འགོག་བཅོས་མི་བྱེད་པ་དེ་ཡིན། དོན་དངོས་ཐོག་བུ་ཆུང་རྣམས་སྐད་འགྱུར་སྐབས་དང་བུ་མོར་ཟླ་མཚན་ཐོག་མར་འབབ་སྐབས་ནི་ལང་ཚོའི་དུས་སྐབས་ཀྱི་འཚར་ལོངས་དུས་རིམ་དུ་སླེབས་པ་ཡིན། སྐབས་དེར་ལྷུ་རུས་ཀྱི་ཁ་ཟུམ་ལ་ཉེ་བ་དང་། གལ་ཏེ་རུས་པ་ཡོངས་སུ་ཁ་ཟུམ་ན། གཟུགས་པོ་སྐྱེ་འཚར་མཚམས་ཆད་པ་རེད། 

·ནོར་འཛོལ་གཉིས་པ་ནི་བྱིས་པའི་གཟུགས་པོའི་རིང་ཚད་ཅུང་ཐུང་ན། ཆེད་ལས་ཚན་ཁག་མིན་པའི་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱེད་པའམ་ཡང་ན་གཟུགས་པོ་རིང་དུ་གཏོང་བྱེད་ཀྱི་ཐོན་རྫས་ཟེར་བར་ཡིད་ཆེས་བྱེད་པ། དེ་ལྟ་བུའི་སྨན་པ་དང་སྨན་གང་བྱུང་དུ་བསྟེན་ན་བྱིས་པའི་སྐྱེ་འཚར་ལ་ཕན་མི་ཐོགས་པ་མ་ཟད། སྐུལ་རྩི་སྤྱོད་ནོར་བྱུང་བ་སོགས་ཀྱི་དབང་གིས་བྱིས་པའི་ལྷུ་ཚིགས་སྔ་ས་ནས་ཁ་ཟུམ་པར་འགྱུར་སྲིད། 

·ནོར་འཛོལ་གསུམ་པ་ནི་འོས་འཚམས་མིན་པའི་སྒོ་ནས་སྐྱེ་འཚར་སྐུལ་རྩི་སྤྱོད་པ་དེ་ཡིན། ཆེད་མཁས་པས་དྲན་སྐུལ་གནང་བར། ཁྱིམ་བདག་གིས་ངེས་པར་དུ་འཚར་ལོངས་རེའུ་མིག་གཞིར་བཟུང་ནས། དུས་བཀག་ལྟར་བྱིས་པའི་གཟིགས་པོའི་རིང་ཚད་འཇལ་དགོས། གལ་ཏེ་བྱིས་པའི་གཟུགས་པོའི་རིང་ཚད་མངོན་གསལ་གྱིས་ཐུང་བ་ཡོད་ན། གཟུགས་ཐུང་གི་ཁོངས་སུ་གཏོགས་པས། དུས་ལྟར་ཚད་ལྡན་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས། 



རྒྱལ་སའི་བྱིས་ནད་ཞིབ་འཇུག་ཁང་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་སྨན་པ་འབུམ་རམས་པ་སུང་ཧྥུ་དབྱིང་གིས དཔེར་ན་ཁྱིམ་རྒྱུད་ནས་རྒྱུད་འཁྲིད་པའི་དམིགས་འབྱུང་རང་བཞིན་གྱི་གཟུགས་ཐུང་དང་། སྐྱེ་དུས་ནས་གཟུགས་ཆུང་ཆུང་ཡིན་པ་གང་ཞིག་ཕྱིས་སུའང་ན་ཟླ་ལས་གཟུགས་པོ་དེ་བས་ཐུང་བ། རུས་སྒྲོམ་ཡ་མ་གཟུགས་ཅན་སོགས་ཡིན་ན་སྐྱེ་འཚར་སྐུལ་རྩི་སྤྱད་ནས་བཅོས་ཐབས་བྱ་རྒྱུར་ཚོད་ལྟ་བྱས་ཆོག་ཅེས་གསུངས་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】



    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章