༣༥ རྒྱུན་དུ་བསམ་པ་ལ་བརྟག་དཔྱོད་བྱེད་རྒྱུ་གལ་ཆེན་ཡིན།

文化   2024-09-02 07:05   陕西  


སྔོན་སྤེལ་ཟིན་པ་འདི་ནས་གཟིགས་ཐུབ། 👈🏿

༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ་བཞུགས་སོ། །

ཡིག་ཕབ་པ། ཐར་ཤུལ་ཤེས་རབ་རྒྱ་མཚོ།


     བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པས། ལམ་རིམ་མདོར་བསྡུས་ན་དམིགས་རྒྱ་བསྲིངས། ཡིད་རྒྱ་བསྐྱེད། ཁོང་སོ་གློད། ཅེས་པ་འདིའི་ནང་དུ་འདུ་བར་གསུངས། དམིགས་རྒྱ་བསྲིངས་ཞེས་པ་ནི། དམིགས་པ་བསྲིངས་ཏེ་སྐྱེ་བ་ཕྱི་མར་མངོན་མཐོའི་གོ་འཕང་ཙམ་མ་ཡིན་པར་སངས་རྒྱས་ཀྱི་གོ་འཕང་དམིགས་པ་ཞིག་དགོས། ཡིད་རྒྱ་བསྐྱེད་ཅེས་པ་ནི། སེམས་རྒྱ་བསྐྱེད་དེ་རང་དོན་ཁོ་ན་ཙམ་མ་ཡིན་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པ་ཞིག་དགོས། ཁོང་སོ་གློད་ཅེས་པ་ནི། རྒྱུན་མ་ཆད་པར་དལ་བས་ངང་ནས་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ལས་ཉིན་གཅིག་གཉིས་ཙམ་གྱི་རིང་ལ་མི་འགྲུབ་པའི་དོན་ཡིན། 

     འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་སློང་གིས་ཟིན་པ་ཞིག་ལ་མི་དགེ་བ་ལས་མེད། ང་ཚོས་ཆོས་ཤིག་བཏོན་པ་དང་། དཔེ་ཆ་ཞིག་ལ་བལྟས་ནའང་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་བསླད་པ་ཞིག་དཀོན། དུས་རྒྱུན་དུ་རང་གི་བསམ་པ་ལ་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་ཡིན།

མུ་འགོད།

མུ་འགོད།



མཉེན་ཆས་འོས་སྦྱོར།

班智达翻译-པཎྚི་ཏ་ཡིག་སྒྱུར།

班智达藏医-པཎྚི་ཏ་བོད་ལུགས་གསོ་རིག

班智达词典-པཎྚི་ཏ་ཚིག་མཛོད།

班智达识别-པཎྚ་ཏ་བཤེར་འབེབས།

班智达图译-པཎྚི་ཏ་པར་རིས་ཡིག་སྒྱུར།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章