སྔོ་ཚལ་ཆུ་ཁོལ་ལ་བཙོ་ཙམ་བྱས་ན་སྔོ་ཚལ་ནང་གི་འཚོ་རྒྱུ་དང་གཏེར་རྫས་ལ་གཏོར་བརླག་ཐེབས་ཉེན་ཆེ། ལྷག་པར་འཚོ་རྒྱུCལ་གནོད། ཡིན་ནའང་གནོད་པ་དེ་ནི་སྔོ་ཚལ་གྱི་གཙབ་གཏུབ་ཞིབ་མི་ཞིབ་དངPHཡི་ཚད། ཆུ་ཡི་དྲོད་ཚད་དང་བཙོ་ཡུན་སོགས་ལ་འབྲེལ་བ་ཡོད། དཔེར་ན་སྔོ་ཚལ་སྐར་མ5ནས10བར་བཙོས་ན། 70%ནས90%ཙམ་གྱི་འཚོ་རྒྱུCབརླག་འགྲོ་བ་ཡིན། དེ་ན་སྔོ་ཚལ་ཆུ་ལ་ཇི་ལྟར་བཙོས་ན་ད་གཟོད་འཚོ་བཅུད་ལ་མི་གནོད་ཅེ་ན།
1.མེ་ཆེ་དགོས་ལ་ཆུ་མང་དགོས་པ་དང་དུས་ཚོད་ཐུང་དགོས། མེ་དྲོད་ཆེན་པོ་ཆུ་ལྷོག་ལྷོག་ཏུ་གདུ་བར་བྱེད་ལ། ཆུ་མང་ན་བཙོ་བའི་སྐབས་སུ་ཆུ་ཉུང་ཙམ་བསྣན་པས་འཁྱག་པར་མི་འགྱུར་བ་དང་། སྔོ་ཚལ་ཅུང་མང་ན་དུ་མར་བགོས་ནས་བཙོ་དགོས། དེ་ལྟར་བྱས་ན་དྲོད་ཚད་ཇེ་འཁྱག་ཏུ་འགྲོ་དཀའ། ཆུ་ཁོལ་ཚ་མོའི་ནང་དུ་དུས་ཡུན་ཐུང་ངུར་བཙོས་ན། སྔོ་ཚལ་ནང་གི་དབྱང་འགྱུར་རྩབས་ལ་ལམ་སང་གྲུང་གཤིས་ཤོར་འགྲོ་ལ། ཆུ་ཁོལ་ཚ་མོའི་ནང་དུ་དབྱང་དབུགས་མེད་པས། འཚོ་རྒྱུCསོགས་སྔོ་ཚལ་ནང་གི་འཚོ་བཅུད་ལ་དབྱང་འགྱུར་གྱི་གཏོར་བརླག་ཐེབས་དཀའ། ཡིན་ནའང་། འཚོ་རྒྱུCཡིས་ཚ་བ་མི་བཟོད་པས་བཙོ་ཡུན་ངེས་པར་ཐུང་དགོས། སྤྱིར་བཏང་དུ་མེ་ཚལ་ལྗང་ཁུ་དང་མེ་ཚལ་ལྟ་བུ་ནི་སྐར་མ2ཡས་མས་སུ་བཙོ་དགོས་ལ། པོ་ཚལ་དང་ལྒ་རྒོད་ནི་སྐར་མ1ཡས་མས་སུ་བཙོས་པས་ཆོག
2.ཚྭ་དང་སྣུམ་འདེབས་པ། སྔོ་ཚལ་ཆུ་ཁོལ་ཚ་མོའི་ནང་དུ་མ་བཙོས་སྔོན་ལ་ཚྭ་ཉུང་ཙམ་བཏབ་ན། སྔོ་ཚལ་ནི་ཕྲ་ཕུང་ཕྱི་ནང་གི་གར་ཚད་ཅུང་ཟད་སྙོམས་པའི་ཁོར་ཡུག་ཏུ་གནས་པ་ཡིན་པས། དེའི་ནང་གི་ཞུ་སླ་བའི་གྲུབ་མ་ཆུ་ནང་དུ་ཟགས་ཚད་ཇེ་དལ་དུ་འགྲོ་བ་ཡིན། སྔོ་ཚལ་ཆུ་ཁོལ་ནང་དུ་བཏབ་རྗེས་སྣུམ་ཉུང་ཙམ་བླུགས་ན། སྣུམ་གྱིས་སྔོ་ཚལ་ཕྱི་ནས་བཏུམ་པ་ཡིན་པས། ཚད་ངེས་ཅན་གྱི་ཐོག་ནས་ཆུ་དང་སྔོ་ཚལ་གྱི་བར་བཅད་ཡོད་ལ། ཞུ་སླ་བའི་གྲུབ་ཆའི་ཟགས་ཚད་ཇེ་ཉུང་དུ་གཏོང་བ་ཡིན། དུས་མཚུངས་སུ་དབྱང་འགྱུར་རྩབས་ཀྱིས་ལོ་མའི་ལྗང་རྒྱུ་ལ་གཏོར་བརླག་ཐེབས་པར་ཡང་བཀག་འགོག་བྱས་ཡོད་པས། སྔོ་ཚལ་གྱི་མདངས་མི་ཉམས་པ་ཡིན།
3.ཆུ་འཁྱག་གིས་དྲོད་ཚད་སྙོམས་པ། བཙོས་རྗེས་ཀྱི་སྔོ་ཚལ་ལམ་སང་བརྔོ་དགོས་ན་ཆུ་འཁྱག་གིས་བཤལ་མི་དགོས། གལ་ཏེ་ཅུང་ཟད་བསྐྱུར་དགོས་ན། མྱུར་དུ་ཆུ་འཁྱག་ལ་བཤལ་དགོས། བཙོས་ཟིན་པའི་སྔོ་ཚལ་གྱི་དྲོད་ཚད་ཅུང་མཐོ་བས། མཁའ་དབུགས་ནང་གི་དབྱང་དབུགས་དང་འཕྲད་ན། ཚ་བའི་དབྱང་འགྱུར་འབྱུང་སླ་ཞིང་འཚོ་བཅུད་ལ་གནོད་པ་ཡིན། ལོ་མ་ལྗང་ཁུ་ཅན་གྱི་སྔོ་ཚལ་ལ་ལྷག་པར་གནོད། དེ་བས། བཙོས་ཟིན་པའི་སྔོ་ཚལ་ལམ་སང་ཆུ་འཁྱག་གིས་བཤལ་དགོས་ལ། བཤལ་མ་ཐག་མྱུར་དུ་ཆུ་འཁྱག་ལས་འདོན་དགོས། དེ་མིན་བཙོས་ཟིན་པའི་སྔོ་ཚལ་ཆུ་འཁྱག་གིས་བཤལ་ཡང་མཁའ་དབུགས་དང་འཕྲད་སར་རིང་པོར་བསྐྱུར་མི་རུང་། རབ་ཡིན་ན་མྱུར་དུ་བཏོན་ནས་མྱུར་དུ་བརྔོས་ན་བཟང་། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།