点击上方蓝色文字关注我们
很多人都认为春季是呼吸道疾病的高发期,却不知,夏季也是呼吸系统发病频率极高的季节。同仁市中医院综合内科提醒大家,夏季要警惕呼吸系统疾病趁虚而入。
མི་མང་པོ་ཞིག་གིས་དཔྱིད་དུས་ནི་དབུགས་ལམ་གྱི་ནད་ཕོག་ཚད་མཐོ་བའི་དུས་སྐབས་ཡིན་པར་འདོད་པ་ལས། དབྱར་དུས་ཀྱང་དབུགས་ལམ་མ་ལག་གི་ནད་ཕོག་ཚད་ཧ་ཅང་མཐོ་བའི་དུས་ཚིགས་ཡིན་པ་ཤེས་མེད། དེ་བས་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ཕྱོགས་བསྡུས་ཁོག་ནད་ཚན་ཁག་གིས་ཚང་མར་དབྱར་དུས་སུ་དབུགས་ལམ་མ་ལག་གི་ནད་གཞིར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་ཞུ།
A.夏季呼吸系统疾病有哪些?
དབྱར་དུས་དབུགས་ལམ་མ་ལག་གི་ནད་རིགས་གང་དག་ཡོད་དམ།
夏季常见的呼吸系统疾病分为两种,一种是急性起病,主要包括上呼吸道感染、肺炎、支气管炎等。
另一种是在原有慢性疾病基础上的急性加重或发作,比如支气管哮喘、慢性支气管炎等疾病。
B.如何预防夏季呼吸系统常见疾病呢?
དབྱར་དུས་དབུགས་ལམ་མ་ལག་གི་རྒྱུན་མཐོང་ནད་རིགས་སྔོན་འགོག་ཇི་ལྟར་བྱ་དགོས་སམ།
◆1.哮喘
哮喘是一种常见的呼吸系统疾病,夏季气温高、湿度大,容易导致哮喘发作。预防哮喘的关键是避免接触过敏源,如花粉、尘螨等。
གཅིག དབུགས་འཚང་བ།
དབུགས་འཚང་བ་ནི་འབྱིན་རྔུབ་མ་ལག་གི་རྒྱུན་མཐོང་ནད་རིགས་ཤིག་ཡིན། དབྱར་དུས་དྲོད་ཚད་མཐོ་བ་དང་བརླན་ཚད་ཆེ་བས། དབུགས་འཚང་སླ། དབུགས་འཚང་བའི་འགག་རྩ་ནི་ཚོར་ཐལ་འབྱུང་ཁུངས་ལ་མི་འཕྲད་རྒྱུ་སྟེ། དཔེར་ན་མེ་ཏོག་གི་རྡུལ་དང་མན་འབུའི་རྡུལ་སོགས་ལྟ་བུའོ།།
◆2.慢性阻塞性肺疾病
慢性阻塞性肺疾病是一种慢性呼吸系统疾病,夏季气温高、湿度大,容易导致病情加重。预防慢性阻塞性肺疾病的关键是戒烟,避免长时间暴露在污染环境中。
གཉིས། དལ་གཤིས་ཀྱི་འགག་པའི་རང་བཞིན་གྱི་གློ་ནད།
དལ་གཤིས་ཀྱི་འགག་པའི་རང་བཞིན་གྱི་གློ་ནད་ནི་འབྱིན་རྔུབ་མ་ལག་གི་དལ་གཤིས་ནད་རིགས་ཅིག་ཡིན། དབྱར་དུས་དྲོད་ཚད་མཐོ་བ་དང་བརླན་ཚད་ཆེ་བས་ནད་ཇེ་ལྗིད་དུ་འགྲོ་སླ། དལ་གཤིས་འགག་པའི་རང་བཞིན་གྱི་གློ་ནད་སྔོན་འགོག་བྱེད་པའི་གནད་འགག་ནི་ཐ་མག་གཅོད་པ་དང་། དུས་ཡུན་རིང་པོར་སྦགས་བཙོག་ཐེབས་པའི་ཁོར་ཡུག་ཁྲོད་མི་འདུག་པའོ།
◆3.急性上呼吸道感染
急性上呼吸道感染是夏季常见的呼吸系统疾病之一,主要表现为咳嗽、发热等症状。预防急性上呼吸道感染的关键是保持个人卫生、加强锻炼、合理饮食等。
གསུམ། མྱུར་གཤིས་ཀྱི་དབུགས་ལམ་གོང་མའི་འགོས་ཚད།
མྱུར་གཤིས་ཀྱི་དབུགས་ལམ་གོང་མའི་འགོས་ཚད་ནི་དབྱར་དུས་དབུགས་ལམ་མ་ལག་གི་རྒྱུན་མཐོང་ནད་རིགས་ཤིག་ཡིན་ལ། གཙོ་བོ་གློ་ལུ་བ་དང་ཚ་རྒྱས་པ་སོགས་ཀྱི་ནད་རྟགས་ཡིན། ནད་རིགས་འདི་སྔོན་འགོག་བྱེད་པའི་གནད་འགག་ནི་མི་སྒེར་གྱི་འཕྲོད་བསྟེན་རྒྱུན་འཁྱོངས་དང་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ལུགས་མཐུན་གྱི་བཟའ་བཏུང་ལ་བསྟེན་པ་སོགས་ཡིན།
C.夏季如何进行呼吸保健呢?
དབྱར་དུས་དབུགས་གཏོང་ལེན་ཀྱི་བདེ་སྲུང་ཇི་ལྟར་བྱེད་དགོས་སམ།
1.保持室内空气流通
建议每天定时开窗通风,保持室内空气新鲜。
གཅིག ཁང་བའི་ནང་གི་མཁའ་རླུང་འཁོར་རྒྱུག་རྒྱུན་འཁྱོངས་བྱེད་པ་སྟེ།
ཉིན་རེར་དུས་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པར་བྱས་དེ་ཁང་བའི་ནང་གི་མཁའ་རླུང་གསར་བ་རྒྱུན་འཁྱོངས་བྱ་དགོས།
2.注意个人卫生
夏季出汗多,容易导致细菌滋生。因此要勤洗手、勤洗澡、勤换衣服,保持身体清洁干燥,减少细菌滋生。
གཉིས། མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས།
དབྱར་དུས་རྔུལ་ཆུ་མང་པོ་བཞུར་ན་འབུ་ཕྲ་སྐྱེ་སླ་བས། དེར་བརྟེན་རྒྱུན་དུ་ལག་པ་དང་ལུས་ཕུང་བཀྲུ་བ། ལྭ་བ་བརྗེས་བ་བཅས་བྱས་དེ། ལུས་པོ་གཙང་མ་དང་སྐམ་པོར་གནས་པར་བྱས་ཏེ་འབུ་ཕྲ་སྐྱེ་འཕེལ་ཇེ་ཉུང་དུ་གཏོང་དགོས།
3.加强锻炼,提高免疫力
适当的运动可以增强身体免疫力,提高抵抗力。建议夏季适当进行户外活动,如散步、慢跑、游泳等,增强自身体质。
གསུམ། སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས།
འགུལ་སྐྱོད་འོས་འཚམ་བྱས་ན་ལུས་པོའི་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པ་དང་འགོག་ཤུགས་ཇེ་མཐོར་གཏོང་ཐུབ་པས། དབྱར་དུས་སུ་ཕྱི་རོལ་དུ་འགུལ་སྐྱོད་འོས་འཚམ་སྟེ། དཔེར་ན་འཆམ་འཆམ་དང་དལ་རྒྱུག ཆུ་རྐྱལ་སོགས་བྱས་ཏེ། རང་ཉིད་ཀྱི་ལུས་སྟོབས་ཇེ་རྒྱས་སུ་གཏོང་དགོས།
4.合理饮食,保持营养均衡
夏季饮食应以清淡、易消化为主,多食用新鲜蔬菜、水果等富含维生素的食物,增强身体免疫力。
བཞི། བཟའ་བཏུང་ལུགས་མཐུན་བྱས་ནས་འཚོ་བཅུད་དོ་མཉམ་ཡོང་བར་བྱ་དགོས།
དབྱར་དུས་སུ་སྐྱ་ཟས་སྐྱ་ཆུ་དང་འཇུ་སླ་བའི་བཟའ་བཏུང་ལ་བརྟེན་ནས། སྔོ་ཚལ་དང་ཤིང་ཏོག་གསར་བ་སོགས་འཚོ་རྒྱུ་འདུས་པའི་ཟས་རིགས་མང་ཙམ་ཟོས་ནས་ལུས་པོའི་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས།
5.及早就医需要随方,避免传播病菌。
ལྔ། སྔ་མོར་སྨན་པར་བསྟེན་ནས་ནད་འབུ་མི་འགོས་པར་བྱེད་དགོས།
供稿:综合科
审核:杜宝珍
编辑:扎西卓玛 德吉卓玛