点击上方蓝色文字关注我们
医 讯
为纪念白求恩逝世85周年,弘扬白求恩精神,不断深化和丰富中加友好交流内涵,厚植两国友好民意基础,应中国人民对外友好协会邀请,加拿大白求恩协会组织的“重走白求恩路-青海行”代表团将于9月12日(星期四)下午赴青海省同仁市中医院开展为期半天的免费义诊活动。根据义诊安排,加拿大资深心血管疾病顶级医学专家将坐诊同仁市中医院,为患者提供高水平的诊疗咨询服务。加拿大医学发达,心血管诊治水平位处全球前列,代表团团长约翰·杜卡斯教授是加拿大乃至世界著名心血管科专家,临床经验丰富,在心血管病防治方面有着丰硕的研究成果。在加拿大杜卡斯教授一号难求,就诊预约需要排队数月。心血管相关疾病,尤其是疑难重症患者莫失良机,提前预约排号(因时间有限,此次限号20名)。
建议心血管相关疑难顽疾患者提前住院,届时将组织专家进行查房、病案讨论等方式给予国际前沿诊治方案。
此次义诊活动除了上述心血管专家外,尚有加拿大著名家庭医生、中医针灸师、运动医学治疗师等专家学者,请广大城乡居民根据所患病情前来咨询就诊。
སྨན་བཅོས་བརྡ་ཐོ།
པའེ་ཆིའུ་ཨེན་སྐུ་གཤེགས་ནས་ལོ་འཁོར་85འགོར་བར་དྲན་གསོ་ཞུ་བ་དང་། པའེ་ཆིའུ་ཨེན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་གོ་དང་ཁ་ན་ཏའི་མཛའ་མཐུན་འབྲེལ་འདྲིས་ཀྱི་ནང་དོན་ཟམ་མི་ཆད་པར་གཏིང་ཇེ་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་མཛའ་མཐུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་ཚོགས་པའི་གདན་ཞུ་ལྟར།
ཁ་ན་ཏའི་པའེ་ཆིའུ་ཨེན་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི“པའེ་ཆིའུ་ཨེན་གྱི་གནའ་ལམ་བསྐྱར་འདེད—མཚོ་སྔོན་དུ་བསྐྱོད་པ”ཞེས་པའི་འཐུས་མི་ཚོགས་པས་ཟླ་9བའི་ཚེས་12ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དུ་དུས་ཡུན་ཉིན་ཕྱེད་རིང་གི་རིན་མེད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་འཆར་ཡོད། བྱེད་སྒོའི་བཀོད་སྒྲིག་ལྟར་ན། ཁ་ན་ཏའི་སྙིང་ཁམས་ཁྲག་རྩའི་ནད་ལ་ཉམས་མྱོང་མོད་པའི་རྩེར་སོན་གསོ་རིག་ཆེད་མཁས་པས་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དུ་སྨན་བཅོས་བྱེད་སྒོ་སྤེལ་ནས། ནད་པར་ཆུ་ཚད་མཐོ་བའི་སྨན་བཅོས་དང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། ཁ་ན་ཏའི་གསོ་རིག་ཆུ་ཚད་མཐོ་ཞིང་། སྙིང་ཁམས་ཁྲག་རྩའི་ནད་བཅོས་ཆུ་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད།འཐུས་མི་ཚོགས་པའི་ཚོགས་གཙོ་དགེ་རྒན་ཆེན་མོ་ཡུའེ་ཧན·ཏུའུ་ཁ་སི་ནི་ཁ་ན་ཏ་དང་འཛམ་གླིང་གི་སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་ཆེད་མཁས་པ་གྲགས་ཅན་ཞིག་ཡིན་ལ། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་སྙིང་ཁམས་ཁྲག་རྩའི་ནད་རིགས་འགོག་བཅོས་ཐད་ཞིབ་འཇུག་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཁ་ན་ཏའི་དགེ་རྒན་ཆེན་མོ་ཏུའུ་ཁ་སིར་སྨན་བསྟེན་ཐོ་འགོད་གཅིག་ལའང་ཟླ་འགར་སྒུག་དགོས་ལ། སྙིང་ཁམས་ཁྲག་རྩའི་འབྲེལ་ཡོད་ནད་གཞི་དང་ལྷག་པར་དུ་ནད་གཞི་དོགས་གནད་ཅན་གྱི་ནད་པས་གོ་སྐབས་བཟང་པོ་མི་ཤོར་ཆེད་སྔ་མོར་ཐོ་འགོད་ཕྲེང་སྒྲིག་བྱ་རོགས། (དུས་ཚོད་ཀྱི་དབང་གིས་ད་ཐེངས་ཐོ་འགོད་མིང་རྟགས་20ལས་མེད།)
གོང་གསལ་གྱི་ནད་པས་རབ་ཡིན་ན་སྔ་མོར་སྨན་ཁང་དུ་ཞག་སྡོད་འགྲོ་ལུགས་སྒྲུབ་ན། དུས་དེར་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་ནད་ཁང་ལྟ་ཞིབ་དང་ནད་གཞིའི་གྲོས་བསྡུར་སོགས་སྤྱད་ནས། ཁྱེད་ལ་རྒྱལ་སྤྱིའི་མདུན་གྲལ་ཆུ་ཚད་ཀྱི་སྨན་བཅོས་ཇུས་གཞི་འདོན་སྤྲོད་བྱ་ངེས།
སྨན་བཅོས་བྱེད་སྒོའི་ཁྲོད་གོང་གསལ་གྱི་སྙིང་ཁམས་ཁྲག་རྩའི་ཆེད་མཁས་པ་ཕུད། ད་དུང་ཁ་ན་ཏའི་ཁྱིམ་ཚང་སྨན་པ་གྲགས་ཅན་དང་།ཀྲུང་ལུགས་གསོ་རིག་གསེར་ཁབ་པ། ལུས་རྩལ་གསོ་རིག་སྨན་བཅོས་པ་སོགས་ཀྱི་ཆེད་མཁས་པ་དུ་མ་ཡོད་པས། རྒྱ་ཆེའི་གྲོང་མི་རྣམ་པས་ནད་གཞིར་གཞིགས་ནས་བློ་འདྲི་དང་སྨན་བཅོས་བྱེད་དུ་ཡོང་བར་ཞུ།
代表团名单如下:
འཐུས་མི་ཚོགས་པའི་མིང་ཐོ་གཤམ་གསལ་ལྟར།
供稿丨院办
审核丨杜宝珍
编辑丨扎西卓玛 德吉卓玛