点击上方蓝色文字关注我们
天眼扫描 一览无余
གཟུགས་རིས་བཤར་ཕབ་ཀྱིས།
ནད་གཞི་གསལ་བར་བྱེད།
同仁市中医院急群众所急,想群众所想,为进一步提高疑难疾病诊断水平,满足群众日益增长的医疗需求,让老百姓享受到尖端、全面、便捷、精准的检查服务,在市委市政府及上级卫健部门的倾力支持下,医学影像诊断利器GE医疗中国制造生产的64排128层高端螺旋 CT Revolution Maxima M 落户我院影像科。经数月筹备,完成了设备采购、防护建设、环评验收、安装调试等流程,2024年11月5日正式投入使用,为临床诊断提供了有力依据。此外,医院通过和江苏省启东市人民医院建立远程影像诊断体系,信息化连接东部发达地区三级医院,以提升西部地区基层医疗机构医学影像诊断能力,实现跨区域影像信息资源共享,可以实现“二级检查、三级诊断”的高效模式,为辖区百姓带来更大便利,高质量满足群众就医需求,极大提升就医体验和健康水平,切实增强人民群众幸福感、获得感。
ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ནད་བརྟག་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། མང་ཚོགས་ཀྱི་མུ་ནས་ཆེ་རུ་འགྲོ་བའི་སྨན་བཅོས་དགོས་མཁོ་སྐོང་བ། མང་ཚོགས་ལ་རྩེར་སོན་དང་ཁྱོན་ཡོངས། སྟབས་བདེ་དང་གནད་འཁེལ་བཅས་ཀྱི་བརྟག་དཔྱད་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བཅས་བྱ་ཆེད། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་གོང་རིམ་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཆུ་ཚད་མཐོ་བའི་གསོ་རིག་གཟུགས་བརྙན་ལྟ་ཆས་evolution Maxima Mདེ་རང་རེའི་སྨན་ཁང་གི་བརྙན་ཚན་ཁག་ཏུ་ནང་འདྲེན་བྱས་ཡོད་ལ། ཟླ་བ་འགའི་རིང་གྲ་སྒྲིག་བྱས་པ་བརྒྱུད་སྒྲིག་ཆས་ཉོ་སྒྲུབ་དང་འགོག་སྲུང་འཛུགས་སྐྲུན། ཁོར་ཡུག་དཔྱད་དཔོག ཞིབ་བཤེར་རྩིས་ལེན། སྙོམས་སྒྲིག་ཚོད་ལྟ་སོགས་ཀྱི་བརྒྱུད་རིམ་ལེགས་གྲུབ་བྱུང་བ་དང་། 2024ལོའི་ཟླ་11པའི་ཚེས་5ཉིན་དངོས་སུ་སྤྱོད་འགོ་ཚུགས་ནས་ནད་ཐོག་སྨན་བཅོས་བརྟག་དཔྱད་ལ་གཞི་འཛིན་ས་ནུས་ལྡན་ཅིག་མཁོ་འདོན་བྱས་པ་རེད། གཞན་ཡང་ངེད་སྨན་ཁང་གིས་ཅང་སུའུ་ཞིང་ཆེན་ཆི་ཏུང་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལྷན་དུ་རྒྱང་ཁྲིད་གཟུགས་བརྙན་བརྟག་དཔྱད་མ་ལག་བཙུགས་པ་དང་། ཤར་རྒྱུད་ཀྱི་འབྱོར་ལྡན་ས་ཁུལ་གྱི་རིམ་གསུམ་སྨན་ཁང་དང་ཆ་འཕྲིན་ཅན་གྱི་སྦྲེལ་མཐུད་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་གཞི་རིམ་སྨན་བཅོས་སྒྲིག་གཞིའི་གསོ་རིག་གཟུགས་བརྙན་བརྟག་དཔྱད་ནུས་པ་ཆེ་རུ་གཏོང་བ་དང་། ས་ཁོངས་བརྒལ་ནས་བརྙན་པར་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ།“རིམ་གཉིས་བརྟག་དཔྱད་དང་རིམ་གསུམ་ནད་དཔྱད”ཀྱི་ནུས་ཆེའི་རྣམ་པ་མངོན་འགྱུར་ཐུབ་པ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དེ་བས་སྟབས་བདེ་སྐྲུན་ཐུབ་པ། མང་ཚོགས་ཀྱི་སྨན་བསྟེན་དགོས་མཁོ་སྤུས་ཚད་མཐོ་བའི་ངང་སྐོང་ཐུབ་པ། སྨན་བསྟེན་མྱོང་ཚོར་དང་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་ཐོབ་ཚོར་ཆེ་རུ་གཏོང་ཐུབ་པ་རེད།
Revolution Maxima M 具有高效、精确、立体的医学影像技术,扫描速度快,辐射剂量低,图像采集质量高,为目前全球该类层次影像诊断设备中最顶级产品,可广泛应用于全身多种疾病的诊断、复查、疗效随访,尤其是在心脏冠脉、头颈、主动脉及四肢血管成像方面优势突出,对心脑血管疾病、肺部疾病、腹部肿瘤、骨科等疾病有较高诊断价值,该产品集结了GE全球研发资源、属GE医疗中国制造生产的CT新品,搭载了“数字化天眼视觉认知系统”、“数字化自由心平台”和“数字化高清诊断平台”三大核心技术,具备更高级别的诊断分析能力,并提升智能化操作水平,提升临床检查效率和诊断精准度,有效帮助临床应对患者摆位、扫描和诊断流程中的各类挑战。其业界领先的低辐射技术,可以在图像质量一致的前提下将剂量最大降低 82%,仅用不到五分之一的剂量,即可达到同样的检查效果,患者接收到的辐射剂量大幅度降低。对涉及人体晶状体、胸腺等射线敏感器官部位的检查中,避免大剂量直接照射,确保患者安全。
Revolution MaximaMལ་ནུས་ལྡན་དང་གནད་འཁེལ།ལངས་གཟུགས་བཅས་ཀྱི་གསོ་རིག་བརྙན་ཕབ་ལག་རྩལ་ལྡན་ལ།བཤར་ཕབ་མྱུར་ཚད་མགྱོགས་ཤིང་འགྱེད་འཕྲོ་ཚད་ཉུང་བ། འདྲ་རིས་འཚོལ་སྡུད་ཀྱི་རྒྱུ་སྤུས་ཧ་ཅང་མཐོ་བས། མིག་སྔར་འཛམ་གླིང་སྟེང་གི་རིམ་པ་དེའི་བརྙན་པར་བརྟག་དཔྱད་སྒྲིག་ཆས་ཁྲོད་ཀྱི་ཆེས་བཟང་བའི་ཐོན་རྫས་ཡིན། ལུས་ཡོངས་ཀྱི་ནད་རིགས་སྣ་ཚོགས་ཀྱི་ནད་བརྟག་དང་བསྐྱར་བཤེར། སྨན་བཅོས་ནུས་པར་བརྟག་པ། ལྷག་པར་དུ་སྙིང་གི་ཏོག་རྩ་དང་མགོ་སྐེ། ལྡིང་རྩ་གཙོ་བོ་དང་རྐང་ལག་གི་ཁྲག་རྩ་སོགས་ལ་བརྟགས་པར་ནུས་པ་ཆེན་པོ་ལྡན། ཀླད་སྙིང་གི་ཁྲག་རྩའི་ནད་དང་གློ་བའི་ནད། གསུས་པའི་ནད། རུས་ནད་སོགས་ཀྱི་ཐད་ནད་བརྟག་གི་རིན་ཐང་གལ་ཆེན་ལྡན། ཐོན་རྫས་འདི་ལ་GEཡི་གོ་ལ་ཧྲིལ་བོའི་ཞིབ་འཇུག་གསར་སྤེལ་གྱི་ཐོན་ཁུངས་འཛོམས་ལ། GEསྨན་བཅོས་ཁྱབ་ཁོངས་ཀྱི་ཀྲུང་གོས་བཟོས་པའིCTཐོན་རྫས་གསར་བ་ཞིག་ཡིན། འདིར་“གཞི་གྲངས་ཅན་གྱི་མིག་མཐོང་ཚོར་རྟོགས་མ་ལག”དང་“གཞི་གྲངས་ཅན་གྱི་རང་མོས་ལས་སྟེགས” “གཞི་གྲངས་ཅན་གྱི་ཆེས་གསལ་བརྟག་དཔྱད་ལས་སྟེགས”བཅས་ལག་རྩལ་ཆེན་པོ་གསུམ་སྤྱད་པས། སྔར་ལས་རིམ་པ་མཐོ་བའི་བརྟག་དཔྱད་དབྱེ་ཞིབ་ཀྱི་ནུས་པ་ལྡན་པ་མ་ཟད། རིག་ནུས་ཅན་གྱི་བཀོལ་སྤྱོད་ཆུ་ཚད་དང་ནད་ཐོག་སྨན་བཅོས་ཀྱི་བརྟག་བཤེར་ལས་ཕྱོད་དང་གནད་འཁེལ་ཚད་མཐོ་རུ་བཏང་ནས། ནད་པའི་འདུག་སྟངས་དང་བཤེར་ཕབ། ནད་དཔྱད་བཅས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཀྱིས་སྨན་བཅོས་བྱ་བར་རམ་འདེགས་བྱ་ཐུབ། ལས་རིགས་དེའི་སྔོན་ཐོན་གྱི་རྩིབས་འཕྲོ་ཚད་དམའ་བའི་ལག་རྩལ་ནི། འདྲ་རིས་ཀྱི་སྤུས་ཚད་གཅིག་པའི་སྔོན་འགྲོའི་འོག་ཏུ་རྩིབས་འཕྲོའི་ཚད་ཆེས་མཐོ་ན་82%ཇེ་དམའ་རུ་གཏོང་ཐུབ་ལ། རྩིབས་འཕྲོའི་ཚད་ལྔ་ཆའི་གཅིག་ལས་མ་བཀོལ་ཀྱང་ཞིབ་བཤེར་གྱི་མཇུག་འབྲས་འདྲ་མཚུངས་ཐོན་ཐུབ་པས། ནད་པས་བསྡུ་ལེན་བྱས་པའི་རྩིབས་འཕྲོའི་ཚད་དེ་ཚད་མཐོན་པོཇེ་དམའ་རུ་གཏོང་ཐུབ་ལ། མིའི་ལུས་ཀྱི་ཤེལ་གཟུགས་དང་བྲང་རྨེན་སོགས་འཕྲོ་ཐིག་གི་ཚོར་བ་སྐྱེན་པའི་དབང་པོ་ཁག་ལ་བརྟག་དཔྱད་བྱེད་སྐབས། རྩིབས་འཕྲོའི་ཚད་མང་པོ་ཐད་ཀར་མི་ཕོག་པར་ནད་པའི་བདེ་འཇགས་ལ་ཁག་ཐེག་བྱེད་ཐུབ།
该设备的投入使用,极大提高了医院临床疾病的检出率以及病变定位、定性、定量诊断水平,在图像质量、扫描速度及高清成像方面发挥更大优势,推动医学影像诊断步入超微精细化,为医院临床诊疗工作提供一个全新的检查平台,提供更多、更可靠的诊断依据,为今后医院建设脑卒中中心及胸痛中心奠定了坚实基础,标志着同仁市中医院医学影像诊疗水平迈入新境界。
སྒྲིག་ཆས་འདི་སྤྱོད་འགོ་ཚུགས་པ་ཡིས་ངེད་སྨན་ཁང་གི་ནད་ཐོག་སྨན་བཅོས་ཀྱི་ནད་གཞི་བརྟག་ཚད་དང་དེ་བཞིན་ནད་འགྱུར་གྱི་གནས་དང་ངོ་བོ། གྲངས་ཚད་བཅས་བརྟག་པའི་ཆུ་ཚད་ཆེས་ཆེར མཐོ་རུ་འགྲོ་བ་དང་། པར་རིས་ཀྱི་སྤུས་ཚད་དང་བཤར་ཕར་གྱི་མྱུར་ཚད། དེ་བཞིན་དྭངས་གསལ་བརྙན་གྲུབ་བཅས་ཀྱི་ཐད་ལེགས་ཆ་སྔར་ལས་ཆེ་བ་འདོན་སྤེལ་བྱས་ནས། གསོ་རིག་གཟུགས་བརྙན་བརྟག་དཔྱད་དེ་ཧ་ཅང་ཞིབ་ཕྲ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། སྨན་ཁང་གི་ནད་བརྟག་སྨན་བཅོས་ལས་དོན་ལ་བརྟག་དཔྱད་ཀྱི་ལས་སྟེགས་གསར་པ་ཞིག་སྟེ། སྔར་ལས་མང་ཞིང་བློས་འགེལ་ཆོག་པའི་ནད་བརྟག་གཞི་འཛིན་བྱ་ཡུལ་ཅིག་མཁོ་འདོན་བྱས་པ་དང་། སླད་ཕྱིན་སྨན་ཁང་དུ་ཀླད་པའི་གཟའ་གྲིབ་ལྟེ་གནས་དང་དེ་བཞིན་བྲང་གཟེར་ལྟེ་གནས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ལ། ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་གསོ་རིག་གཟུགས་བརྙན་བརྟག་བཅོས་ཆུ་ཚད་དེ་ཚད་གཞི་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་པ་རེད།
供稿:院办
审核:杜宝珍
编辑:信息科