点击上方蓝色文字关注我们
冬病夏治作为中医传统疗法中的一种特色理念,体现了中医的辨证施治思想和未病先防的治疗原则。通过调节人体阴阳平衡,达到防治疾病的目的。
དགུན་ནད་དབྱར་བཅོས་ཞེས་པ་ནི་ཀྲུང་ལུགས་གསོ་རིག་གི་སྲོལ་རྒྱུན་བཅོས་ཐབས་ཁྲོད་ཀྱི་ཁྱད་ལྡན་འདུ་ཤེས་ཤིག་ཡིན་པའི་ངོས་ནས། ཀྲུང་ལུགས་གསོ་རིག་གི་རྩོད་སྒྲུབ་སྨན་བཅོས་ཀྱི་བསམ་བློ་དང་ནད་མ་ཕོག་གོང་ལ་སྔོན་འགོག་བྱེད་པའི་སྨན་བཅོས་རྩ་དོན་མཚོན་ཡོད་ཅིང་། མིའི་ལུས་ཕུང་གི་གདགས་སྲིབས་དོ་སྙོམ་བརྒྱུད་ནད་རིགས་འགོག་བཅོས་ཀྱི་དམིགས་ཡུལ་འགྲུབ་པར་བྱེད་པའོ།
冬病夏治,顾名思义,指的是在夏季利用中医特色疗法,例如贴敷,艾灸等,治疗那些在冬季容易发作或加重的疾病。选择在夏季治疗冬季疾病的原理在于,夏季阳气旺盛,人体气血运行畅通,此时进行温阳散寒、扶正祛邪的治疗,能够更好地驱散体内寒气,增强正气,从而减轻或消除冬季疾病的发作。这样做的好处不仅在于能够标本兼治,还在于能够避免冬季因疾病发作而给生活带来的不便和痛苦。
དགུན་ནད་དབྱར་བཅོས་ཞེས་པ་ནི་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་བཅོས་ཐབས་ཏེ། དཔེར་ན་སྨན་སྦྱར་དང་མེ་བཙའ་སོགས་ཀྱིས་དགུན་དུས་ནད་འབྱུང་སླ་བའམ་ཡང་ན་ཇེ་ལྗིད་དུ་འགྲོ་བའི་ནད་རིགས་སྨན་བཅོས་བྱེད་པར་ཟེར། དགུན་ནད་དབྱར་བཅོས་ཀྱི་རྩ་བའི་རིག་པ་ནི། དབྱར་དུས་སུ་གདགས་རླུང་རྒྱས་པ་དང་མིའི་ལུས་ཕུང་གི་རླུང་ཁྲག་འཁོར་རྒྱུག་བཟང་བས། སྐབས་དེར་གདགས་དྲོད་གྲང་སེལ་བྱས་པར་བརྟེན་རྩ་ལག་སྙོམ་བཅོས་ཀྱི་ནུས་པ་ཐོན་ནས། དགུན་དུས་ཀྱི་ནད་འབྱུང་ཚད་ཇེ་ཆུང་དུ་གཏོང་བའམ་མེད་པར་གཏོང་ཐུབ།
三伏灸作为一种古老而有效的中医外治法,不仅具有防病治病的效果,还能有效增强人体免疫力,为人们的健康保驾护航。三伏天是夏季最炎热的时候,也是人体阳气最旺盛、气血最充盈的时期。此时,三伏贴和三伏灸可以有效调理身体,提高人体抵抗力,预防和治疗多种疾病。
ཚ་གསུམ་མེ་བཙའ་ནི་གནའ་བོའི་ནུས་ལྡན་གྱི་ཀྲུང་ལུགས་གསོ་རིག་གི་ཕྱི་བཅོས་བྱེད་ཐབས་ཤིག་ཡིན་ཏེ། ཚ་དུས་གསུམ་ནི་དབྱར་དུས་ཚ་བ་ཆེ་ཤོས་ཀྱི་དུས་ཡིན་ལ། མིའི་ལུས་ཕུང་གི་གདགས་རླུང་དང་རླུང་ཁྲག་ཆེས་ཆེར་རྒྱས་པའི་དུས་ཀྱང་ཡིན། སྐབས་དེར་ཚ་གསུམ་སྦྱར་སྨན་དང་ཚ་གསུམ་མེ་བཙའ་ཡིས་ཕན་ནུས་ལྡན་པའི་སྒོ་ནས་ལུས་ཕུང་སྙོམས་སྒྲིག་དང་། མིའི་ལུས་ཕུང་གི་ནད་འགོག་ནུས་པ་མཐོར་འདེགས་གཏོང་ཐུབ། ནད་རིགས་སྣ་ཚོགས་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ།
三伏灸的功效与作用
ཚ་གསུམ་མེ་བཙའ་ཡི་ཕན་ནུས་གཙོ་བོ།
首先,它具有防病治病的效果。通过贴敷伏贴,艾灸等,刺激人体经络,调和气血,从而达到防病治病的目的。
དང་པོ། ནད་འགོག་སྨན་བཅོས་ཀྱི་ཕན་ནུས་ལྡན་པ་སྟེ། མེ་བཙའ་སོགས་ལ་བརྟེན་ནས་མིའི་ལུས་ཕུང་གི་རྩ་ལམ་སྐུལ་བ་ལས། རླུང་ཁྲག་སྙོམས་སྒྲིག་བྱས་ཏེ་ནད་འགོག་སྨན་བཅོས་བྱེད་ཐུབ།
其次,还能增强人体免疫力。在贴敷过程中,药物通过皮肤渗透进入体内,可以激发人体自身的免疫机能,提高抵抗力。
གཉིས་པ། མིའི་ལུས་ཕུང་གི་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ། སྨན་སྦྱར་བའི་གོ་རིམ་ཁྲོད་སྨན་དེ་སྐྱི་པགས་བརྒྱུད་ནས་ལུས་ནང་དུ་ཐིམ་ན། མིའི་ལུས་ཕུང་རང་སྟེང་གི་རིམས་འགོག་ནུས་པ་མཐོར་འདེགས་སུ་གཏོང་ཐུབ།
最后,三伏灸还有助于调理身体,改善亚健康状态。
མཇུག་མཐར། ཚ་གསུམ་མེ་བཙའ་ཡིས་ད་དུང་ལུས་ཕུང་སྙོམས་སྒྲིག་དང་བདེ་ཐང་མིན་པའི་རྣམ་པ་ལེགས་བཅོས་བྱེད་པར་ཕན་པ་ཡོད།
“三伏贴”贴敷适应证
“ཚ་གསུམ་སྦྱར་སྨན”འཚམ་པའི་ནད་རིགས།
1.反复呼吸道感染、慢性气管炎、支气管哮喘、过敏性鼻炎、慢性咽炎。
དབུགས་ལམ་འགོས་ཚད་བསྐྱར་བའི་རིགས། དལ་བའི་རང་བཞིན་གྱི་གློ་ཡུའི་གཉན་ཚད། གློ་ཡུའི་ཡན་ལག་དབུགས་འཚང་བ། ཚོར་ཐལ་རང་བཞིན་གྱི་སྣ་ཚད། དལ་བའི་རང་བཞིན་གྱི་གྲེ་ཚད།
2.慢性结肠炎、过敏性结肠炎、不明原因的慢性腹泻及消化不良。
དལ་བའི་རང་བཞིན་གྱི་ལོང་གའི་གཉན་ཚད། ཚོར་ཐལ་རང་བཞིན་གྱི་ལོང་གའི་གཉན་ཚད། རྒྱུ་རྐྱེན་མི་ཤེས་པའི་དལ་བའི་རང་བཞིན་གྱི་གྲོད་པ་བཤལ་བ། འཇུ་སྟོབས་ཞན་པ་བཅས་ཡིན།
3.类风湿关节炎、强直性脊柱炎、顽固性关节疼痛及各种不明原因的疼痛。
དྲེག་གྲུམ་ཚིགས་ནད་དང་རེངས་གཤིས་སྒལ་ཚིགས་གཉན་ཚད། དྲག་དཀའ་བའི་རུས་ཚིགས་ཀྱི་ན་ཟུག་དང་རྒྱུ་རྐྱེན་མི་ཤེས་པའི་ན་ཟུག་རིགས་སྣ་ཚོགས།
4.不孕不育症属肾阳虚者,痛经及产后关节痛等。
མཁལ་གདགས་ཉམས་པས་མངལ་མི་ཆགས་པའི་རིགས། ཟླ་མཚན་ན་བ། མངལ་བཙས་རྗེས་རུས་ཚིགས་ན་བ་སོགས།
5.严重冻疮、胃寒症等。
འཁྱགས་རྨ་ཚབས་ཆེན་དང་ཕོ་བ་གྲང་བའི་ནད་སོགས།
6.其他疾病的虚证、寒证也可应用,具体请遵医嘱。
གྲང་ནད་གཞན་རིགས། ཞིབ་ཕྲའི་གནས་ཚུལ་སྨན་པའི་བཀོད་སྒྲིག་ལ་བརྩི་སྲུང་བྱེད་འོས།
哪些人不适合“三伏贴”治疗
“ཚ་གསུམ་སྦྱར་སྨན་”མི་འཚམ་པའི་རིགས།
1.3岁以下的孩子由于皮肤娇嫩,贴敷容易引起感染,所以不宜进行这项治疗。
2.过敏体质、疤痕体质、皮肤病患者及贴敷穴位局部皮肤有破损者。
ཚོར་ཐལ་འབྱུང་སླ་བ། རྨ་ཤུལ་དྲག་དཀའ་བ། སྐྱི་པགས་ཀྱི་ནད་རིགས་ཡོད་པ། སྨན་སྦྱར་ཡུལ་གྱི་གསང་མིག་སྟེང་རྨ་ཁ་ཡོད་པ་བཅས་ཀྱི་རིགས།
3.孕妇、母乳喂养的母亲及备孕者。
སྦྲུམ་མ། ནུ་མ་བསྣུན་མཁན། མངལ་སྦྲུམ་གྲ་སྒྲིག་བྱེད་མཁན།
4.糖尿病、血液病、恶性高血压、严重心脑血管病、严重肝肾功能障碍、支气管扩张及恶性肿瘤的患者。
གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ནད། ཚབས་ཆེའི་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད། ཚབས་ཆེའི་རང་བཞིན་གྱི་ཀླད་སྙིང་ཁྲག་རྩའི་ནད། ཚབས་ཆེའི་རང་བཞིན་གྱི་མཆིན་མཁལ་བྱེད་ནུས་དམན་པའི་ནད། གློ་ཡུའི་ཡན་ལག་བསྐྱེད་པའི་རིགས། སྐྲན་ནད་ཚབས་ཆེན།
5.医生不建议使用贴敷者。
སྨན་པས་འོས་སྦྱོར་མི་བྱེད་མཁན།
贴敷后注意事项
མེ་བཙའ་དང་སྦྱར་སྨན་བཀོལ་རྗེས་དོ་སྣང་བྱ་ཡུལ།
1.敷药后不要过分活动,以免药物移动、脱落。
སྨན་སྦྱར་རྗེས་མི་ལྷུང་ཆེད་འགུལ་སྐྱོད་ཚད་ལས་བརྒལ་མི་རུང་།
2.敷药期间禁食生冷、海鲜、肥甘厚腻及辛辣刺激性食物。
འཁྱག་ཟས་དང་མཚོ་ཟས། སྣུམ་ཅན་དང་མངར་ཅན། ཁ་ཚ་ཅན་སོགས་ལ་འཛེམ་དགོས།
3.久病、体弱、消瘦者,用药量不宜过大,贴敷时间不宜过久,在贴敷期间密切注意病情变化、有无不良反应。
ཡུན་རིང་ནད་ཕོག་པ་དང་ལུས་སྟོབས་ཞན་པ། ལུས་ཕྲ་བའི་རིགས་ཀྱིས་སྨན་བཀོལ་ཚད་མང་དྲགས་མི་རུང་ལ། སྨན་སྦྱར་ཡུན་ཡང་རིང་དྲགས་མི་རུང་། སྨན་སྦྱར་སྐབས་ནད་གཞིའི་འགྱུར་ལྡོག་དང་སྨན་ལོག་ཡོད་མེད་ལ་དོ་སྣང་བྱེད་དགོས།
4.药物的反应敏感度因人而异。贴敷后皮肤反应不明显,说明皮肤对药物耐受程度较好,并不影响疗效。如贴敷局部出现刺痛、发红等情况时应停止当次贴敷。
མི་རེ་རེའི་སྨན་རྫས་ཀྱི་ཚོར་སྐྱེན་ཚད་མི་འདྲ་མོད། སྨན་སྦྱར་རྗེས་སྐྱི་པགས་ཀྱི་འགྱུར་བ་མངོན་གསལ་མིན་ཚེ་སྨན་བཟོད་ཚད་ཅུང་བཟང་བ་མཚོན་ལ། ཕན་ནུས་ལ་ཤུགས་རྐྱེན་མི་ཐེབས། གལ་ཏེ་སྦྱར་ཡུལ་ལ་ན་ཟུག་ལངས་བའམ་དམར་པོར་གྱུར་བའི་གནས་ཚུལ་བྱུང་ཚེ་ཐེངས་དེའི་སྦྱར་མཚམས་འཇོག་དགོས།
5.敷药后,局部皮肤的刺痒感是一种正常反应,可能出现红、肿、热、痛,甚至起泡,可外用烧烫伤治疗药物涂抹。(发泡后,治疗效果更好,但必须根据个人的接受、承受能力来选择,不应勉强。)
སྨན་བཀོལ་རྗེས་སྐྱི་པགས་ལ་ཟ་འཕྲུག་ལངས་པའི་ཚོར་བ་ནི་རྒྱུན་ལྡན་ཡིན་ལ། དམར་བ་དང་སྐྲངས་པ། ཚ་བ། ན་བ། ཐ་ན་ཆུ་ཐུམའང་འབྱུང་སྲིད། དེར་འཚིག་རྨས་གསོ་བཅོས་ཀྱི་སྨན་རྫས་བསྐུས་ཆོག དེ་ནི་རྒྱུན་ལྡན་གྱི་འགྱུར་འབྱུང་ཞིག་ཡིན་ལ།དམར་པོར་སྐྲངས་པ།ཚ་བ།ན་བ་སོགས་ཀྱང་འབྱུང་སྲིད། (ཆུ་ཐུམ་ཐོན་རྗེས་སྨན་བཅོས་ཀྱི་ཕན་ནུས་ལྷག་ཏུ་བཟང་མོད། འོན་ཀྱང་ན་ཟུག་ངེས་པར་དུ་རང་ཉིད་ཀྱི་ཐེག་ཚད་ལ་གཞིགས་པ་ལས་ཨུ་ཚུགས་བྱེད་མི་རུང་།)
三伏贴时间
ཚ་གསུམ་སྦྱར་སྨན་བཀོལ་བའི་དུས་ཚིགས།
初伏(ཐོག་མ།)
2024.7.15-2024.7.24
中伏(བར་མ།)
2024.7.25-2024.8.13
末伏(མཐའ་མ།)
2024.8.14-2024.8.23
伏后(ཚ་བ་ཡལ་རྗེས།)
2024.8.24-2024.9.2
供稿:中医科
审核:杜宝珍
编辑:扎西卓玛 德吉卓玛