点击上方蓝色字体关注我们
医 讯
为进一步提高我院诊疗水平,切实解决基层群众就医困难问题,让群众在家门口就能享受到优质便捷的名中医专家诊疗服务,青海省中医院与同仁市中医院合作共建“名中医工作室”,在学科建设、人才培养、临床科研开展全面深度合作,工作室专家定期来我院开展诊疗工作。2024年9月29日(星期日)在同仁市中医院举行“名医工作室”挂牌仪式及义诊活动,让广大居民在家门口享受到省级专家优质、高效、便捷的医疗卫生健康服务。本次挂牌名医系青海省名中医,在全省乃至国内中医界享有盛誉,在中医内科各种疑难病症诊治方面理论功底深厚,临床经验丰富,望广大患者莫失良机,前来咨询就诊。
一、义诊时间
2024年9月29日(星期日)
下午14:00—16:00
二、义诊地点
同仁市中医院(同仁市郭么日东路6号)门诊二楼
三、咨询电话
0973-5955555 0973-8727120
同仁市中医院
2024年9月26日
སྨན་བཅོས་བརྡ་ཐོ།
ངེད་སྨན་ཁང་གི་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས། མང་ཚོགས་ལ་རང་གི་སྒོ་འགྲམ་ནས་སྤུས་ལེགས་ལ་སྟབས་བདེ་བའི་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་སྨན་པའི་སྨན་བཅོས་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་གྱི་ལས་དོན་ཁང་བཙུགས་པ་དང་། རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ནད་ཐོག་སྨན་བཅོས་ཚན་ཞིབ་བཅས་ཀྱི་ཐད་ཁྱོན་ཡོངས་དང་གཏིང་ཟབ་པའི་མཉམ་ལས་བྱ་རྒྱུ་དང་། ལས་དོན་ཁང་གི་ཆེད་མཁས་སྨན་པ་དུས་ལྟར་ངེད་སྨན་ཁང་དུ་སྨན་བཅོས་ལས་དོན་སྤེལ་རྒྱུར་ཡོང་འཆར་ཡོད་པ་རེད། དེ་བས་2024ལོའི་ཟླ9བའི་ཚེས29ཉིན་ཀྲུང་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་གྱི་ལས་དོན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་དང་། ཆེད་མཁས་སྨན་པ་གྲགས་ཅན་གཉིས་ཀྱིས་རིན་མེད་སྨན་བཅོས་ཞབས་ཞུ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ལ་རང་གི་སྒོ་འགྲམ་ནས་ཞིང་ཆེན་རིམ་པའི་ཆེད་མཁས་པའི་སྤུས་ལེགས་དང་ནུས་ལྡན། སྟབས་བདེ་བཅས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པར་བྱེད་འཆར་ཡོད། ད་ཐེངས་ཀྱི་བྱང་འགེལ་སྨན་པ་གྲགས་ཅན་ནི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་ཡིན་ལ། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ནང་གི་ཀྲུང་ལུགས་གསོ་རིག་ལས་རིགས་སུའང་མཚན་སྙན་ཁྱབ་ཡོད་ཅིང་། ཀྲུང་ལུགས་གསོ་རིག་ཁོག་ནད་ཚན་ཁག་གི་ནད་རྟགས་སྣ་ཚོགས་སྨན་བཅོས་བྱེད་པའི་ཐད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཟབ་པ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པས། རྒྱ་ཆེའི་ནད་པ་ཚོས་གོ་སྐབས་བཟང་པོ་དམ་འཛིན་གྱིས་བློ་འདྲི་དང་སྨན་བཅོས་བྱེད་པར་ཡོང་ཆོག
སྨན་བཅོས་བྱེད་སྒོའི་དུས་ཚོད།
2024ལོའི་ཟླ་9བའི་ཚེས་29ཉིན་གྱི་ཕྱི་དྲོའི་ཆུ་ཚོད་14:00——16:00བར།
སྨན་བཅོས་བྱེད་སྒོའི་ས་གནས།
ས་གནས། ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་། ཉིས་ཐོག་གི་སྒོ་བསྟེན་ཁང་།
(ཐུན་རིན་གྲོང་ཁྱེར་བྱང་ཕྱོགས་ཁུལ་གསར་སྒོ་དམར་ཤར་ལམ་གྱི་ཨང་རྟགས་6པ། )
བློ་འདྲིའི་ཁ་པར་ཨང་གྲངས།
0973-5955555 0973-8727120
ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་།
2024.9.26
专家简介
ཆེད་མཁས་སྨན་པ་ངོ་སྤྲོད།
李军茹青海省中医院党委书记,主任医师,医学博士,青海省名中医青海省优秀专家享受国务院特殊津贴专家龙砂医学流派学术继承人。
长期从事中医内科及中西医结合急危重病急教领域的临床、科研及教学工作。临证擅长采用辨体质-辨病证相结合的方法,诊治胃晚痛、腹痛、胁痛、泄泻、便秘、失眠、眩晕、心悸、咳喘、肺胀等内科系统危急重症及疑难病,中西医理论功底深厚、临床经验丰富。
ལིས་ཅིན་རུའུ།
མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ཏང་ཨུ་ཧྲུའུ་ཅི།ཀྲུའུ་རིན་སྨན་པ་དང་གསོ་རིག་འབུམ་རམས་པ། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་གི་སྨན་པ་གྲགས་ཅན། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ། ལུང་ཧྲ་(龙砂)གསོ་རིག་གཞུང་ལུགས་ཀྱི་རིག་གཞུང་རྒྱུན་འཛིན་པ།
齐洪军主任医师,中医内科临床专业博士研究生,中医内科硕士/博士研究生导师,第三届青海省名中医。
青海省中医院脾胃病科主任,中华中医药学会脾胃病分会常务委员,全国第五批老中医药专家学术经验继承人,全国名中医王常绮传承工作室主要成员及学术经验继承人,从事中西医结合消化系统疾病诊疗工作33年。专业研究方向为功能性胃肠病及胃癌前病变的中医诊治。
ཆི་ཧོང་ཅོན། ཀྲུང་ལུགས་གསོ་རིག་ཁོག་ནད་ཚན་ཁག་གི་ནད་ཐོག་སྨན་བཅོས་ཆེད་ལས་ཀྱི་འབུམ་རམས་པ། ཀྲུང་ལུགས་གསོ་རིག་ཁོག་ནད་ཚན་ཁག་གི་རབ་འབྱམས་དང་འབུམ་རམས་པའི་སློབ་དཔོན། སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་གི་སྨན་པ་གྲགས་ཅན། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་ཕོ་མཚེར་ནད་རིགས་ཚན་ཁག་གི་ཀྲུའུ་རིན།
供稿:院办
审核:杜宝珍
编辑:信息科