【健康科普】中医穴位埋线减肥,开启健康“享瘦”人生

文摘   2024-10-15 14:38   青海  

点击上方蓝色文字关注我们











中医穴位埋线

ཀྲུང་ལུགས་གསོ་རིག་གི་གསང་མིག་སྐུད་སྦས།



穴位埋线机理 

གསང་མིག་སྐུད་སྦས་ཀྱི་གཞུང་རྩ།

中医埋线就是中医穴位埋线,它是针灸的延伸,是利用线体对穴位的持续刺激作用治疗疾病的- -种临床技术。它包括了穴位封闭疗法、针刺疗法、刺血疗法、组织疗法、割治疗法,同时也包括了穴位“物理刺激效应”和“化学刺激效应”两大方面。

ཀྲུང་ལུགས་གསོ་རིག་གི་སྐུད་སྦས་ཞེས་པ་ནི་ཀྲུང་ལུགས་གསོ་རིག་གི་གསང་མིག་སྐུད་སྦས་ལ་གོ་ཞིང་། དེ་ནི་སྐམ་ཁབ་ལས་མཆེད་པ་དང་། སྐུད་གཟུགས་ཀྱིས་གསང་མིག་ཁྲོད་རྒྱུན་ཆད་མེད་པར་ནུས་པ་ཐོན་པར་བརྟེན་ནད་གཞི་སྨན་བཅོས་བྱེད་པའི་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་ཞིག་ཡིན། དེ་ལ་གསང་མིག་ཁ་ཟུམ་པའི་བཅོས་ཐབས་དང་ཁབ་གཙག་གི་བཅོས་ཐབས། ཁྲག་གཙག་པའི་བཅོས་ཐབས། ཕུང་གྲུབ་ཀྱི་བཅོས་ཐབས། འབྲེག་བཅོས་བཅོས་ཐབས་བཅས་ཡོད་ལ། དུས་མཚུངས་སུ་གསང་མིག་གི་དངོས་ལུགས་ནུས་པ་དང་རྫས་འགྱུར་ནུས་པའི་ཕྱོགས་གཉིས་ཀྱང་འདུས་ཡོད།

中医埋线减肥的主要作用为:调节胃肠功能:穴位埋线对食欲有双向调节作用,对于食欲旺盛的肥胖患者,可以制食欲,减轻饥饿感,增加肠蠕动;对于食欲欠佳的肥胖患者,穴位埋线并不会抑制食欲,反而会促进代谢的恢复,增加人体免疫力。

ཀྲུང་ལུགས་གསོ་རིག་གི་སྐུད་སྦས་ཀྱི་ནུས་པ་གཙོ་བོ་ནི། ཕོ་བ་དང་རྒྱུ་མའི་ནུས་པ་སྙོམ་སྒྲིག་བྱེད་པ། གསང་མིག་ཁྲོད་སྐུད་པ་སྦས་པ་དེས་ཡི་ག་ལ་ཕྱོགས་གཉིས་ཀྱི་སྙོམ་སྒྲིག་བྱེད་པའི་ནུས་པ་ལྡན་ལ། ཡི་ག་ཆེ་བའི་ནད་པར་ཡི་ག་བཀག་ནས་ལྟོགས་ཚོར་སེལ་བ་དང་རྒྱུ་མའི་འགུལ་སྐྱོད་མང་དུ་གཏོང་བར་བྱེད། ཡི་ག་ཆུང་ཡང་ལུས་རྒྱགས་པའི་མིར་ཡི་ག་མི་འགོག་པར་མ་ཟད། དེ་ལས་ལྡོག་སྟེ་ལུས་པོའི་རྙིང་ཚབ་གསར་བརྗེའི་ནུས་པར་སླར་གསོ་ཡོང་བར་སྐུལ་འདེད་དང་མིའི་ལུས་ཕུང་གི་རིམས་འགོག་ནུས་པ་ཇེ་ཆེར་གཏོང་ཐུབ།

1.改善新陈代谢:穴位埋线可以通过调节糖脂代谢改善肥胖并发症、单纯性脂肪肝状态、降低甘油三酯,从而调整脂肪代谢。

རྙིང་ཚབ་གསར་བརྗེའི་ནུས་པ་ལེགས་བཅོས་བྱེད་པ། གསང་མིག་སྐུད་སྦས་ཀྱིས་ཧྭགས་ཚིལ་གྱི་བརྗེ་ཚབ་སྙོམ་སྒྲིག་བྱས་ནས་ལུས་རྒྱགས་པའི་ཞོར་ནད་དང་། མཆིན་པ་ཚིལ་འགྱུར་རྐྱང་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ། ཀན་སྣུམ་ཞག་གསུམ་(甘油三酯)གྱི་ཚད་ཇེ་དམའ་རུ་བཏང་སྟེ་ལུས་པོའི་ཤ་ཚིལ་བརྗེ་ཚབ་སྙོམ་སྒྲིག་བྱེད་ཐུབ།

2.调节内分泌:女性肥胖大多发生在青春期、孕产期、更年期等内分泌系统发生改变的时间段,同时可能伴有月经不调、闭经等,通过穴位埋线,可以起到调节内分泌的作用,治疗痛经也有明显的效果。

གསང་རྒྱུད་ཟགས་གཤེར་སྙོམས་སྒྲིག བུད་མེད་ཀྱི་ལུས་རྒྱགས་པ་ནི་མང་ཆེ་བ་ལང་ཚོའི་དུས་དང་མངལ་སྦྲུམ་སྐབས། ཁམས་ཟད་དུས་སོགས་གསང་རྒྱུད་ཟགས་གཤེར་མ་ལག་ལ་འགྱུར་ལྡོག་བྱུང་བའི་དུས་སུ་འབྱུང་བ་དང་། དེ་དང་མཉམ་དུ་ཟླ་མཚན་མི་སྙོམས་པ་དང་ཟླ་མཚན་འགག་པ་སོགས་ཀྱང་འབྱུང་སྲིད་པས། གསང་མིག་སྐུད་སྦས་བརྒྱུད་དེ་གསང་རྒྱུད་ཟགས་གཤེར་སྙོམས་སྒྲིག་བྱེད་པའི་ནུས་པ་ཐོན་ཐུབ་ལ། ཟླ་མཚན་གྱི་ན་ཟུག་གསོ་བཅོས་བྱེད་པར་ཡང་ཕན་ནུས་མངོན་གསལ་ཐོན་ཐུབ།

3.穴位埋线可局部塑形:特别对于减少腰围有显著疗效。

གསང་མིག་སྐུད་སྦས་ཀྱིས་གཟུགས་གཞི་ལེགས་པར་བྱེད་ཐུབ་སྟེ། ལྷག་པར་དུ་རྐེད་པ་ཇེ་ཕྲར་གཏོང་བར་མངོན་གསལ་གྱི་ཕན་ནུས་ཡོད།

穴位埋线疗法是用特制的医疗针具将胶原蛋白线(高分子)植入相应的穴位,通过这种异种蛋白组织对穴位刺激,进而对穴位产生一种缓慢、柔和、持久、良性的长效针感效应,以达到调节经络、治疗疾病的一种现代针灸的延伸和发展。与其他治疗方法相比,穴位埋线疗法具有速效、长效、特效的优势,操作方便、不良反应少、无毒副作用 、经济适用。由于每次治疗间隔时间较长,患者无须频繁往来医院,非常符合现代人快节奏、高质量的生活要求。

གསང་མིག་སྐུད་སྦས་ཀྱི་བཅོས་ཐབས་ནི་ཆེད་བཟོས་སྨན་བཅོས་ཁབ་ཆས་ཀྱིས་གདོད་སྤྱིན་སྤྲི་དཀར་སྐུད་པ་འོས་འཚམ་གྱི་གསང་མིག་ཁྲོད་བཅུག་སྟེ། རིགས་མི་འདྲ་བའི་སྤྲི་དཀར་ཕུང་གྲུབ་འདི་བརྒྱུད་དེ་གསང་མིག་ལ་དལ་ཞིང་འཇམ་པ། རྒྱུན་རིང་ཞིང་རྒྱུ་ལེགས་པ་བཅས་ཀྱི་ཡུན་རིང་ནུས་ལྡན་གྱི་ཁབ་ཚོར་གྱི་ནུས་པ་སྤེལ་ནས་རྩ་ལམ་སྙོམ་སྒྲིག་དང་ནད་རིགས་གསོ་བཅོས་བྱེད་པས། དེང་རབས་ཀྱི་སྐམ་ཁབ་ཀྱི་རྒྱུན་མཐུད་དང་འཕེལ་རྒྱས་ཅིག་ཡིན། སྨན་བཅོས་བྱེད་ཐབས་གཞན་དང་བསྡུར་ན་གསང་མིག་སྐུད་སྦས་ཀྱི་བཅོས་ཐབས་ལ་ནུས་ཐོན་མྱུར་བ་དང་ཕན་ཡུན་རིང་བ། ནུས་པ་ཁྱད་ལྡན་བཅས་ཀྱི་དགེ་མཚན་མཆིས་ཤིང་། ལག་ལེན་སྟབས་བདེ་བ་དང་མི་འཕྲོད་པ་མེད་པ། དུག་སྐྱོན་མེད་པ། གོང་སླ་ཞིང་སྤྱོད་བདེ་བ་ཞིག་ཡིན། སྨན་བཅོས་བྱེད་ཐེངས་རེའི་བར་གྱི་དུས་ཡུན་ཅུང་རིང་བས་ནད་པ་སྨན་ཁང་དུ་ཡང་ཡང་འགྲོ་དགོས་ཀྱི་མེད་པས། དེང་རབས་ཀྱི་མི་རྣམས་ཀྱི་འགྲོས་མགྱོགས་ཞིང་སྤུས་ཚད་མཐོ་བའི་འཚོ་བ་དང་ཧ་ཅང་འཚམ་མོ།


温馨提示  དྲོད་འཇམ་དྲན་སྐུལ།




预约时间:

周三、周四、周六

联系电话:09735988777

དུས་བཅད་བྱ་ཡུན།

གཟའ་ལྷག་པ། གཟའ་ཕུར་བུ། གཟའ་སྤེན་པ།

འབྲེལ་གཏུག་ཁ་པར། 09735988777


供稿 | 院办

   审核 | 杜宝珍

   编辑 | 信息科


同仁市中医院
同仁市中医院/同仁市人民医院 本院目前开设科室中医科 综合内科 皮肤科 内分泌科 妇科 儿科 口腔科 内镜中心 功能科 放射科 检验科等,欢迎前来就诊!
 最新文章