五官科:守护您的五官健康,点亮美好生活!དབང་བོ་ལྔའི་ཚན་ཁག་གིས་ཁྱེད་ལ་བདེ་སྣང་བསྩོལ།

文摘   2024-11-06 17:32   青海  

点击上方蓝色字体关注我们





五官科,如同守护我们身体的神奇卫士,密切关注着耳朵、眼睛、鼻子、口腔和咽喉的健康。然而,这些部位常常会受到各种疾病的困扰,影响我们的生活质量。

མིག་དང་རྣ་བ། ཁ་དང་སྣ། མིད་པ་བཅས་སུ་དུས་རྒྱུན་ནད་རིགས་སྣ་ཚོགས་འབྱུང་སྲིད་པས་ང་ཚོའི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དབང་བོ་ལྔའི་ཚན་ཁག་གིས་ཁྱེད་ཀྱི་དབང་པོ་འདི་དག་གི་བདེ་ཐང་སྲུང་སྐྱོང་དང་ཁྱེད་ཀྱི་འཚོ་བ་ལ་བདེ་སྣང་སྟེར་སྲིད།








耳部疾病རྣ་བའི་ནད།

耳鸣:耳朵里仿佛有一只不停鸣叫的小虫子,嗡嗡作响,让人烦躁不安,甚至影响睡眠和日常生活。这可能是由于耳部供血不足、内耳受损或其他全身性疾病引起的。

རྣ་འུར་བ། རྣ་བའི་ནང་དུ་འབུ་ཆུང་ཞིག་གིས་རྒྱུན་མི་ཆད་པར་བང་སྒྲ་སྒྲོག་བཞིན་པ་དང་འདྲ་སྟེ། སུན་སྣང་བཟོ་ཞིང་ཐ་ན་གཉིད་དང་ཉིན་རྒྱུན་གྱི་འཚོ་བར་ཡང་ཤུགས་རྐྱེན་ཐེབས་སྲིད། དེ་ནི་རྣ་བར་ཁྲག་གིས་མི་འདང་བ་དང་ནང་རྣར་སྐྱོན་ཐེབས་པ། ཡང་ན་ལུས་ཡོངས་རང་བཞིན་གྱི་ནད་རིགས་གཞན་གྱིས་བསླངས་པ་ཡིན་སྲིད། 


中耳炎:常常伴随着耳痛、流脓、听力下降等症状,给患者带来诸多不适。它可能是由感冒、鼻窦炎等呼吸道感染蔓延至中耳所致,若不及时治疗,可能会导致听力永久性损伤。

བར་རྣའི་གཉན་ཚད། རྒྱུན་དུ་རྣ་ན་བ་དང་རྣག་བཞུར་བ། ཉན་ནུས་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་ནད་རྟགས་ཀྱིས་མི་བདེ་བའི་ཚོར་བ་སྟེར་སྲིད། དེ་ནི་ཆམ་ནད་དང་སྣ་རྐོང་གཉན་ཚད་སོགས་དབུགས་ལམ་གཉན་ཚད་བར་རྣའི་ཁོངས་སུ་ཁྱབ་ནས་བྱུང་བ་ཡིན་སྲིད་པས། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ན་ཉན་ནུས་ལ་གནོད་པ་ཐེབས་སྲིད།



眼部疾病མིག་ནད།

近视:看远处的物体模糊不清,是现代人常见的眼部问题之一。长时间近距离用眼、用眼习惯不良等都可能导致近视的发生和发展。近视不仅影响视力,还可能给学习、工作和生活带来不便。

རྒྱང་སྒྲིབ། རྒྱང་རིང་གི་དངོས་གཟུགས་རབ་རིབ་ཏུ་སྣང་བ་སྟེ། དེ་ནི་དེང་རབས་ཀྱི་མིའི་རྒྱུན་མཐོང་གི་གནད་དོན་ཞིག་ཡིན་ལ། དུས་ཡུན་རིང་བོར་ཐག་ཉེ་སར་བལྟས་པའམ། མིག་བཀོལ་བའི་གོམས་གཤིས་མི་བཟང་བ་སོགས་ཀྱིས་རྒྱང་སྒྲིབ་འབྱུང་སྲིད། རྒྱང་སྒྲིབ་ཀྱིས་མིག་ཤེད་ལ་གནོད་པར་མ་ཟད་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ལ་ཡང་སྟབས་མི་བདེ་བར་བྱ་སྲིད།


白内障:眼睛里的晶状体变得混浊,就像窗户蒙上了一层雾气,逐渐影响视力。多见于老年人,但也可能与遗传、外伤、某些疾病等因素有关。如果不及时治疗,可能会导致失明。

སྐྱ་གྲིབ་ཀྱི་ནད། མིག་གི་ཆུ་ཤེལ་གཟུགས་རྙོག་པར་གྱུར་ནས་སྒེའུ་ཁུང་སྟེང་དུ་སྨུག་པ་འཐིབ་པ་དང་འདྲ་བ་སྟེ། མིག་ཤེད་ལ་རིམ་བཞིན་ཤུགས་རྐྱེན་ཐེབས་ཀྱི་ཡོད། མང་ཆེ་བ་ལོ་ན་རྒན་པའི་རིགས་ལ་འབྱུང་ཞིང་། དེ་ནི་རྒྱུད་འདེད་དམ་རྨས་སྐྱོན། ནད་རིགས་གཞན་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པས། གལ་ཏེ་དུས་ལྟར་སྨན་བཅོས་མ་བྱས་ན་མིག་ལོང་བར་འགྱུར་སྲིད།









鼻部疾病སྣ་ཡི་ནད།


过敏性鼻炎:一到花粉飞扬的季节或者接触到某些过敏原,鼻子就开始不停地打喷嚏、流鼻涕、鼻塞,让人苦不堪言。这是由于免疫系统对过敏原过度反应引起的,严重影响生活质量和工作效率。

ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད། མེ་ཏོག་གི་རྡུལ་འཕྱུར་བའི་དུས་ཚིགས་སུ་སླེབས་པའམ་ཚོར་ཐལ་གྱི་ཁུངས་འགའ་ལ་ཐུག་རྗེས། མཚམས་མི་ཆད་པར་སྣ་སྦྲིད་རྒྱག་པ་དང་སྣ་ཆུ་བཞུར་བ། སྣ་འགག་པ་སོགས་ཀྱིས་ནད་རྟགས་འདུག དེ་ནི་རིམས་འགོག་མ་ལག་དེ་ཚོར་ཐལ་ཁུངས་ལ་ཚོར་བ་དྲག་པ་ལས་བྱུང་བ་ཞིག་ཡིན་ལ།འཚོ་བའི་སྤུས་ཚད་དང་བྱ་བའི་ལས་ཆོད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་རེད། 


鼻窦炎:常常伴有头痛、鼻塞、脓涕等症状,是鼻窦黏膜的炎症性疾病。多由感冒、上呼吸道感染等引发,若治疗不彻底,容易反复发作,甚至引发其他并发症。

སྣ་རྐོང་གཉན་ཚད། རྒྱུན་དུ་མགོ་ན་བ་དང་སྣ་འགག་པ། སྣ་ཆུ་འཛག་པ་སོགས་ཀྱི་ནད་རྟགས་འབྱུང་ཞིང་། དེ་ནི་སྣ་རྐོང་འབྱར་སྐྱིའི་གཉན་ཚད་རང་བཞིན་གྱི་ནད་རིགས་ཤིག་ཡིན། མང་ཆེ་བ་ནི་ཆམ་ནད་དང་དབུགས་ལམ་སྟོད་ཀྱི་རེད་པ་སོགས་ཀྱིས་བསླངས་པ་ཡིན། གལ་ཏེ་རྩ་བ་ནས་སྨན་བཅོས་མ་བྱས་ན་ཡང་བསྐྱར་འབྱུང་སླ་བ་དང་ཞོར་ནད་གཞན་པའང་སློང་སྲིད།



口腔疾病ཁ་ནང་གི་ནད།


 龋齿(蛀牙):牙齿上出现小黑点或洞洞,逐渐扩大,不仅会引起牙痛,还可能影响咀嚼功能和口腔美观。主要是由于口腔卫生不良,细菌滋生导致牙齿硬组织被破坏。

སོ་རུལ་བ། སོ་ཡི་སྟེང་དུ་ནག་ཐིག་གམ་བུ་ག་བྱུང་ནས་རིམ་གྱིས་ཇེ་ཆེར་སོང་ན་སོ་ན་བར་མ་ཟད། ཟས་རིགས་ལྡད་པའི་ནུས་པ་དང་ཁ་དང་སོའི་མཛེས་པར་ཤུགས་རྐྱེན་ཐེབས་སྲིད། རྒྱུ་མཚན་གཙོ་བོ་ནི་ཁ་ནང་གི་གཙང་སྦྲ་མི་ལེགས་པས་འབུ་ཕྲ་སྐྱེ་འཕེལ་བྱུང་སྟེ་སོའི་སྲ་ཞིང་མཁྲེགས་པའི་ཕུང་གྲུབ་ལ་གཏོར་བརླག་ཐེབས་པ་རེད། 


 牙周炎:牙龈红肿、出血,牙齿松动,是牙周组织的慢性炎症。长期口腔卫生不良、牙结石堆积等是主要原因,如不及时治疗,可能导致牙齿脱落。

སོ་མཐའི་གཉན་ཚད། སོ་རྙིལ་སྐྲངས་པ་དང་ཁྲག་ཡོང་བ། སོ་འགུལ་པ་བཅས་སྟེ། སོ་མཐའི་ཕུང་གྲུབ་ཀྱི་དལ་བའི་རང་བཞིན་གྱི་གཉན་ཚད་ཅིག་ཡིན། དེ་ནི་དུས་ཡུན་རིང་པོར་ཁ་ནང་གི་གཙང་སྦྲ་མི་བཟང་བ་དང་། སོའི་རྡེའུ་སྤུངས་གསོག་ཐེབས་པ་སོགས་ཀྱི་རྐྱེན་ཡིན་ལ། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་སོ་ལྷུང་ཉེན་ཡོད།









咽喉疾病གྲེ་བ་དང་མིད་པའི་ནད།


咽喉炎:咽喉部疼痛、干燥、有异物感,声音嘶哑,是常见的咽喉疾病。多由感冒、过度用嗓、吸烟饮酒等不良生活习惯引起,给患者的日常生活和交流带来不便。

གྲེ་བ་དང་མིད་པའི་གཉན་ཚད། གྲེ་བ་དང་མིད་པ་ན་བའམ་ཚ་བ། སྐམ་པ། འགག་པ་ལྟར་མི་བདེ་བ། སྐད་འགག་པ་བཅས་ཀྱི་ནད་རྟགས་ཡོད་ལ། དེ་ནི་རྒྱུན་མཐོང་གི་གྲེ་ཨོལ་ནད་ཅིག་ཡིན། མང་ཆེ་བ་ནི་ཆམ་པ་ཕོག་པ་དང་། མགྲིན་པ་བཀོལ་མང་པ། དུ་བ་འཐེན་པ་དང་ཆང་འཐུང་བ་སོགས་འཚོ་བའི་གོམས་གཤིས་ངན་པས་བསླངས་པ་ཡིན་པས། ནད་པའི་རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་འདྲིས་ལ་སྟབས་མི་བདེ་བ་བཟོ་སྲིད།


扁桃体炎:扁桃体红肿、疼痛,甚至发热、吞咽困难。通常是由细菌或病毒感染引起,反复发作可能会影响身体健康和免疫力。

ལྐོག་རྨེན་གཉན་ཚད། ལྐོག་རྨེན་དམར་ཞིང་སྐྲངས་པ། ན་བ། ཐ་ན་ཚ་ལངས་པ་དང་མིད་དཀའ་བ་སྟེ། དེ་ནི་འབུ་ཕྲ་དང་ནད་དུག་འགོས་པ་ལས་བྱུང་བ་ཞིག་ཡིན་པས། ཡང་ཡང་བྱུང་ན་ལུས་ཕུང་གི་བདེ་ཐང་དང་རིམས་འགོག་ནུས་པ་ལ་གནོད་པ་ཐེབས་སྲིད། 




在我们的五官科,专业的医疗团队精通各种五官科疾病的诊断和治疗。我们拥有先进的设备和技术,为您提供精准的诊断和个性化的治疗方案。无论是药物治疗、物理治疗还是手术治疗,我们都将以最专业的态度和最贴心的服务,帮助您战胜疾病,恢复五官的健康与活力。

让我们一起关注五官科健康,享受清晰的听力、明亮的视力、通畅的呼吸、健康的口腔和清脆的嗓音,点亮美好生活的每一个瞬间。

地址:同仁市城北新区郭麻日东路6号(郭麻日桥东侧200米)

联系电话:17797030123


ང་ཚོའི་དབང་བོ་ལྔའི་ཚན་ཁག་གི་ཆེད་ལས་ཀྱི་སྨན་བཅོས་ཚོགས་པ་ནི་དབང་བོ་ལྔའི་ནད་གཞི་སྣ་ཚོགས་ཀྱི་ནད་དཔྱད་དང་སྨན་བཅོས་ལ་བྱང་ཆུབ་ཅིང་། ང་ཚོར་སྔོན་ཐོན་གྱི་སྒྲིག་ཆས་དང་ལག་རྩལ་མཆིས་པས། ཁྱེད་ལ་གནད་དུ་འཁེལ་བའི་བརྟག་དཔྱད་དང་དམིགས་གསལ་ཅན་གྱི་སྨན་བཅོས་བྱ་ཐབས་མཁོ་འདོན་བྱེད་ཀྱི་ཡོད། སྨན་རྫས་སྦྱོར་བའམ་དངོས་ལུགས་སྨན་བཅོས། ཡང་ན་གཤགས་བཅོས་ཀྱི་བཅོས་ཐབས་གང་ཡིན་རུང་། ཆེད་ལས་ཀྱི་སྨན་བཅོས་ཞབས་ཞུས་ཁྱེད་ཉིད་ནད་ལས་གྲོལ་ཏེ་དབང་བོ་ལྔའི་བདེ་ཐང་དང་གསོན་ཤུགས་སླར་གསོ་བྱ་ངེས་ཡིན།

ང་ཚོས་མཉམ་དུ་དབང་བོ་ལྔའི་བདེ་ཐང་ལ་དོ་སྣང་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་མྱོང་རོལ་བྱའོ།

ས་གནས། ཐུན་རིན་གྲོང་ཁྱེར་བྱང་ཕྱོགས་ཁུལ་གསར་སྒོ་དམར་ཤར་ལམ་གྱི་སྒོ་རྟགས་6པ།

འབྲེལ་གཏུགས་ཨང་གྲངས།17797030123



专家简介

ཆེད་མཁས་སྨན་པ་ངོ་སྤྲོད།



李密,副主任医师,启东市人民医院眼科,从事眼科临床工作20年,致力于视网膜疾病、黄斑疾病、视神经疾病、葡萄膜疾病的诊疗,擅长各种眼部疾病,如眼表疾病、白内障、青光眼、眼底造影、眼底激光、眼内抗 VEGF 注射治疗等。曾于上海复旦大学附属眼耳鼻科。

ལི་སྨི། ཀྲུའུ་རིན་སྨན་པ་གཞོན་པ། ཆི་ཏུང་གྲོང་ཁྱེར་མི་དམངས་སྨན་ཁང་མིག་ནད་ཚན་ཁག ལོ་ངོ་ཉི་ཤུའི་རིང་ལ་མིག་ནད་ཚན་ཁག་གི་ནད་ཐོག་སྨན་བཅོས་ཀྱི་བྱ་བ་སྒྲུབ་པ་དང་། མིག་གི་དྲ་སྐྱིའི་ནད་དང་། སེར་ཁྲ་ནད། མཐོང་བྱེད་དབང་རྩའི་ནད། རྒུན་འབྲུམ་སྐྱི་མོའི་ནད་བཅས་ཀྱི་སྨན་བཅོས་ལ་གཞོལ་བ་དང་། དེ་མིན་རྒྱུན་མཐོང་མིག་ནད་སྣ་ཚོགས་ལ་སྨན་བཅོས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད།




何颖颖,主治医师,医学学士,2016-2019完成南通大学附属医院住院医师规范化培训。从事耳鼻咽喉头颈外科临床工作。熟悉耳鼻咽喉头颈外科常见病的诊断和治疗,包括鼻出血、 过敏性鼻炎、鼻窦炎、扁桃体炎、声带息肉等综合治疗,擅长良性阵发性位置性眩晕(俗称耳石症)的手法复位治疗。

 ཧི་ཡུན་ཡུན། གསོ་རིག་ཤེས་རམས་པ་དང་གཙོ་བཅོས་སྨན་པ། སྣ་དང་རྣ་བ། གྲེ་བ་དང་མིད་པ། མགོ་དང་སྐེ་བཅས་ཀྱི་ཕྱི་ནད་ཚན་ཁག་གི་ནད་བརྟག་དང་སྨན་བཅོས་ལག་རྩལ་ལ་བྱང་ཆ་ཤིན་ཏུ་ལྡན།




张官玻同仁市中医院五官科主任,毕业于西安市职工大学,从事五官科临床工作10年,擅长各种眼部疾病,如眼表疾病、白内障、青光眼、翼状胬肉的诊疗和治疗。熟悉耳鼻咽喉头颈外科常见病的诊断和治疗,包括鼻出血、过敏性鼻炎、鼻窦炎、扁桃体炎等。先后在青海省交通医院五官科、西宁市第一人民医院五官科、天津市第五人民医院五官科、辽宁省朝阳市中心医院五官科、江苏省启东市人民医院五官科进修学习,有着丰富的临床经验。

ཀྲང་ཀོན་པའོ། ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་དབང་བོ་ལྔའི་ཚན་ཁག་གི་ཀྲུའུ་རིན། ཞི་ཨན་གྲོང་ཁྱེར་ལས་བཟོའི་སློབ་ཆེན་ནས་མཐར་ཕྱིན། དབང་བོ་ལྔའི་ཚན་ཁག་གི་ནད་ཐོག་སྨན་བཅོས་ཀྱི་བྱ་བ་སྒྲུབ་ནས་ལོ་ངོ10ལྷག་འགོར་ཞིང་། མགོ་དང་སྐེ མིག་དང་རྣ་བ། སྣ་དང་གྲེ་བ། མིད་པ་སོགས་ཕྱི་ནད་ཚན་ཁག་གི་རྒྱུན་མཐོང་ནད་ཀྱི་བརྟག་དཔྱད་དང་སྨན་བཅོས་ལ་མཁས།




供稿:院办

审核:杜宝珍

编辑:信息科


同仁市中医院
同仁市中医院/同仁市人民医院 本院目前开设科室中医科 综合内科 皮肤科 内分泌科 妇科 儿科 口腔科 内镜中心 功能科 放射科 检验科等,欢迎前来就诊!
 最新文章