青海省名中医院来我院坐诊啦 སྨན་བཅོས་བརྡ་ཐོ།

文摘   2024-11-13 17:45   青海  

点击上方蓝色字体关注我们






    医  讯   


为进一步提高我院诊疗水平,切实解决基层群众就医难问题,让群众在家门口就能享受到优质便捷的名中医专家诊疗服务,青海省中医院与同仁市中医院合作共建“名中医工作室”,在学科建设、人才培养、临床科研开展全面而深度合作,工作室专家定期轮流来我院开展诊疗工作。此次有骨科、妇科、脾胃科、急诊科专家于11月15日(星期五)来我院坐诊,望相关疾病患者莫失良机,按时咨询就诊。



  སྨན་བཅོས་བརྡ་ཐོ།  

ངེད་སྨན་ཁང་གི་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས། མང་ཚོགས་ལ་རང་གི་སྒོ་འགྲམ་ནས་སྤུས་ལེགས་ལ་སྟབས་བདེ་བའི་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་སྨན་པའི་སྨན་བཅོས་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་གྱི་ལས་དོན་ཁང་བཙུགས་པ་དང་། རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ནད་ཐོག་སྨན་བཅོས་ཚན་ཞིབ་བཅས་ཀྱི་ཐད་ཁྱོན་ཡོངས་དང་གཏིང་ཟབ་པའི་མཉམ་ལས་བྱས་ཏེ། ལས་དོན་ཁང་གི་ཆེད་མཁས་སྨན་པ་དུས་ལྟར་རེས་མོས་ངང་ངེད་སྨན་ཁང་དུ་སྨན་བཅོས་ལས་དོན་སྤེལ་རྒྱུར་ཡོང་འཆར་ཡོད་པ་རེད། ད་ཐེངས་རུས་ནད་ཚན་ཁག་དང་མོ་ནད་ཚན་ཁག ཕོ་རྒྱུའི་ཚན་ཁག མྱུར་སྐྱོབ་ཚན་ཁག་བཅས་ཀྱི་ཆེད་མཁས་སྨན་པ་ཟླ་11པའི་ཚེས་15སྟེ་གཟའ་པ་སངས་ཉིན་ངེད་སྨན་ཁང་དུ་སྨན་བཅོས་ལས་སྒོ་སྤེལ་དུ་ཡོང་འཆར་ཡོད་པས། འབྲེལ་ཡོད་ནད་པ་དག་གིས་གོ་སྐབས་དམ་འཛིན་གྱིས་སྨན་པར་བསྟེན་དུ་ཡོང་ཆོག




专家简介

ཆེད་མཁས་སྨན་པ་ངོ་སྤྲོད།




林勋,主任医师,医学博士。擅长运用石氏伤科治伤理论治疗退行性骨与关节疾病;以脊柱调整手法和传统理筋手法治疗颈椎病、项背肌筋膜炎、腰椎间盘突出症、急性腰扭伤、慢性腰肌劳损、运动性损伤等。

ལིན་ཞོན། ཀྲུའུ་རིན་སྨན་པ་དང་གསོ་རིག་འབུམ་རམས་པ། རུས་ཧྲི་ལུགས་ཀྱི་རྨས་བཅོས་གཞུང་ལུགས་ཀྱིས་ཕྱིར་བཀྱེད་རང་བཞིན་གྱི་རུས་ཚིགས་ནད་སྨན་བཅོས་བྱེད་པ་དང་། སྒལ་གཞུང་སྙོམ་སྒྲིག་གི་ལག་ཐབས་དང་སྲོལ་རྒྱུན་གྱི་རྒྱུས་གསོའི་ལག་ཐབས་ཀྱིས་མཇིང་ཚིགས་ནད་དང་མཇིང་རྒྱབ་ཤ་གྲིམ་རྒྱུས་སྐྱིའི་ཚ་ནད། རྐེད་ཚིགས་མཁར་མཚམས་འབུར་ཐོན་ནད། མྱུར་གཤིས་རྐེད་ཚིགས་སྐྱོགས་པ། དལ་གཤིས་རྐེད་ཤ། འགུལ་སྐྱོད་རང་བཞིན་གྱི་རྨས་སྐྱོན་སོགས་གསོ་བཅོས་བྱེད་པར་མཁས།





孔桂茹,主任医师, 青海省名中医,国家中管局十二五重点专科学科带头人。青海省中医妇科孔桂茹名医工作室负责人,第三批青海省名老中医传承指导老师。参编十三五\十四五中医妇科规划教材及普通高校研究生规划教材《中医妇科学》等专业书籍数部,专利发明授权两项。擅长中西医结合诊治高原地区女性盆腔炎性疾病、更年期综合征、多囊卵巢综合征、不孕不育、痛经(子宫内膜异位症及子宫腺肌症)、异常子宫出血等。

ཁུང་ཀུའེ་རུའུ། ཀྲུན་རིན་སྨན་པ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན། རྒྱལ་ཁབ་ཀྲུང་དབྱང་དོ་དམ་ཅུས་ཀྱི་ཐེངས་བཅུ་གཉིས་པའི་ལོ་ལྔའི་འཆར་གཞིའི་གཙོ་གནད་ཆེད་ཚན་རིག་ཚན་གྱི་སྣེ་ཁྲིད་པ་བཅས་རེད། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་མོ་ནད་ཚན་ཁག་སྨན་པ་གྲགས་ཅན་ཁུང་ཀུའེ་རུའུ་ཡི་ལས་དོན་ཁང་གི་འགན་འཁུར་བ་དང་། ཁག་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་མཛུབ་ཁྲིད་དགེ་རྒན་ཡིན་པ་རེད། ཐེངས་བཅུ་གསུམ་དང་བཅུ་བཞིའི་ལོ་ལྔའི་འཆར་གཞིའི་ཀྲུང་ལུགས་གསོ་རིག་མོ་ནད་ཚན་ཁག་གི་འཆར་འགོད་སློབ་གཞི་དང་དེ་བཞིན་སློབ་ཆེན་ཞིབ་འཇུག་སློབ་མའི་འཆར་འགོད་སློབ་གཞི《ཀྲུང་ལུགས་གསོ་རིག་བུད་མེད་ཚན་རིག》སོགས་ཆེད་ལས་ཀྱི་དཔེ་ཆ་འགའི་སྒྲིག་པ་པོ་དང་། ཁེ་བེད་གསར་གཏོད་ཀྱི་དབང་ཆ་བཅས་ཁག་གཉིས་ཡོད་པ་རེད།ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་ཀྱིས་ས་མཐོའི་ཁུལ་གྱི་བུད་མེད་ཀྱི་མཚང་ཁོག་ཚ་ནད་རང་བཞིན་གྱི་ནད་དང་ཁམས་ཟད་དུས་ཀྱི་རྟགས་འདུས་ནད། སྣོད་མང་བསམ་བསེའུ་རྟགས་འདུས་ནད། མངལ་མི་ཆགས་པ། ཟླ་མཚན་འབབ་དུས་ན་བ། རྒྱུན་ལྡན་མ་ཡིན་པའི་བུ་སྣོད་ནས་ཁྲག་འཛར་བ་སོགས་ལ་མཁས།




李福善,脾胃病科副主任医师,硕士研究生,全国第四批老中医药专家临床经验继承人,从事脾胃病中医临床诊疗工作25年。擅长采用中西医结合治疗慢性萎缩性胃炎及胃癌前病变、胃食管反流病、消化性溃疡、消化道出血、慢性溃疡性结肠炎、克罗恩病、肠结核、肠易激综合征、功能性消化不良、功能性便秘、急性胰腺炎、慢性胰腺炎、吸收不良综合征、缺血性结肠炎等疾病,积累了较为丰富的临床治疗经验;尤其擅长采用中医药治疗溃疡性结肠炎、功能性胃肠病的诊治。

ལི་ཧྥིའུ་ཧྲན། ཕོ་མཚེར་ནད་རིགས་ཚན་ཁག་གི་ཀྲུའུ་རིན་སྨན་པ་གཞོན་པ། རབ་འབྱམས་ཞིབ་འཇུག་སློབ་མ། རྒྱལ་ཡོངས་ཀྱི་ཁག་བཞི་བའི་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་རྒན་གྲས་ཀྱི་ནད་ཐོག་སྨན་བཅོས་ཉམས་མྱོང་རྒྱུན་འཛིན་པ་བཅས་ཡིན་ཞིང་། ཕོ་མཚེར་ནད་ལ་ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ནད་བརྟག་སྨན་བཅོས་བྱས་ནས་ལོ་25ཕྱིན་ཡོད། ཀྲུང་ཕྱི་ཟུང་འབྲེལ་གྱིས་དལ་བའི་རྙིད་འཁུམ་རང་བཞིན་གྱི་ཕོ་བའི་གཉན་ཚད་དང་ཕོ་བའི་འབྲས་སྐྲན་སྔོན་གྱི་ནད་འགྱུར། ཕོ་བ་དང་མིད་པའི་ལྡོག་རྒྱུག་ནད། ཁྲག་དཀོན་རང་བཞིན་གྱི་ལོང་གའི་གཉན་ཚད་སོགས་ཀྱི་ནད་རིགས་ལ་གསོ་བཅོས་བྱེད་པར་མཁས་ཤིང་ནད་ཐོག་སྨན་བཅོས་ཉམས་མྱོང་ཅུང་ཕུན་སུམ་ཚོགས་པོ་བསགས་ཡོད། ལྷག་པར་དུ་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་རལ་ཟགས་རང་བཞིན་གྱི་ལོང་གའི་གཉན་ཚད་དང་ནུས་པའི་རང་བཞིན་གྱི་ཕོ་རྒྱུའི་ནད་རིགས་སྨན་བཅོས་བྱེད་པར་མཁས།





管昱鑫,青海省中医院急诊科副主任医师,毕业于广州暨南大学。师从顾植山教授、李军茹教授学习。第一批全国中医临床特色技术传承骨干人才。第七批全国老中医药专家学术经验继承人。从事中西医急危重症临床工作10年,擅长中西医结合救治急危重症。发表论文12篇。主持参与三新5项。参与课题3项。参编教材1部,论著4部

ཀོན་ཡུས་ཞིན། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་ཀྲུའུ་རིན་སྨན་པ་གཞོན་པ། ཀོང་ཀྲོའུ་ཅི་ནན་སློབ་ཆེན་ནས་མཐར་ཕྱིན། དགེ་རྒན་ཆེ་མོ་ཀུའུ་ཀྲི་ཧྲན་དང་དགེ་རྒན་ཆེ་མོ་ལི་ཅུན་རུའུ་གཉིས་ཀྱི་སློབ་མ་ཡིན་ལ། ཁག་དང་པོའི་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཁྱད་ལྡན་ལག་རྩལ་རྒྱུན་འཛིན་གྱི་རྐང་འཛིན་ཤེས་ལྡན་པ་དང་། ཁག་བདུན་པའི་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཆེད་མཁས་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པ་བཅས་ཡིན། ལོ་བཅུའི་རིང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ཉེན་ཚབས་ཅན་གྱི་ནད་ལ་སྨན་བཅོས་བྱ་བ་གཉེར་བ་དང་་། ཀྲུང་ཕྱིའི་གསོ་རིག་ཟུང་འབྲེལ་ཀྱིས་ཉེན་ཚབས་ཅན་གྱི་ནད་རིགས་སྐྱོབ་བཅོས་ཀྱི་ཕྱོགས་ལ་དཔྱད་རྩོམ་ཁག་12སྤེལ་ཡོད་ལ། གསར་གསུམ་རྣམ་གྲངས་ལྔ་དང་ཞིབ་འཇུག་བྱ་གཞི་3་གྱི་ཁོངས་སུ་ཞུགས་ཡོད། ཁོང་གིས་རྩོམ་སྒྲིག་གནང་བའི་སློབ་གཞི་ཁག་1དང་ཆེད་རྩོམ་ཁག་4ཡོད།



供稿:院办

审核:杜宝珍

编辑:信息科


同仁市中医院
同仁市中医院/同仁市人民医院 本院目前开设科室中医科 综合内科 皮肤科 内分泌科 妇科 儿科 口腔科 内镜中心 功能科 放射科 检验科等,欢迎前来就诊!
 最新文章