【医院动态】开展新技术 开创新“镜”界ལག་རྩལ་གསར་བ་སྤེལ་ཏེ། འཕེལ་རྒྱས་གསར་བ་བསྐྲུན།

文摘   2024-10-23 17:52   青海  

点击上方蓝色文字关注我们















开展新技术 开创新“镜”界

ལག་རྩལ་གསར་བ་སྤེལ་ཏེ།

འཕེལ་རྒྱས་གསར་བ་བསྐྲུན།


2024年10月23日,对同仁市中医院消化内镜中心所有医护人员来说是个难忘的日子,同仁市卫健系统首例无痛胃镜及常规胃镜检查在青海省人民医院消化科主任医师马颖才、内镜中心护士长李志、麻醉科主治医师马成祥及我院医护团队的相互配合下顺利完成,整个检查过程安全顺利,操作精心细致,12名患者均无任何不良反应,受到了受检患者的连连称赞。消化内镜检查技术的开展,填补了医院在该项技术上的空白,进一步完善了科室建设,标志着医院在提升医疗服务质量和能力上迈出了重要的一步。

2024ལོའི་ཟླ་10བའི་ཚེས་23ཉིན་ནི། ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་འཇུ་ལམ་ལྟ་ཤེལ་ལྟེ་གནས་ཀྱི་སྨན་དོན་མི་སྣ་ཡོངས་ཀྱི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད། ཐུན་རིན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་གཟེར་མེད་ཕོ་ཁར་ལྟ་ཤེལ་དང་རྒྱུན་ལྡན་གྱི་ཕོ་ཁར་ལྟ་ཤེལ་གྱི་བརྟག་དཔྱད་ཐོག་མ་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་འཇུ་བྱེད་ཚན་ཁག་གི་ཀྲུའུ་རིན་སྨན་པ་མ་དབྱིན་ཚེ། མཇུ་ལམ་ལྟ་ཤེལ་ལྟེ་གནས་ཀྱི་གཙོ་འགན་ནད་སྐྱོང་ལིས་ཀྲི། སྦྲིད་བྱེད་ཚན་ཁག་གི་གཙོ་བཅོས་སྨན་པ་མ་ཁྲིན་ཞང་། དེ་བཞིན་རང་རེའི་སྨན་ཁང་གི་སྨན་དོན་ཚོགས་པ་བཅས་ཀྱི་ཕན་ཚུན་གཞོགས་འདེགས་འོག་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། བརྟག་དཔྱད་ཀྱི་བརྒྱུད་རིམ་བདེ་བླག་དང་བཀོལ་སྤྱོད་ཞིབ་ཚགས་ཡིན་ལ། བརྟག་དཔྱད་བྱ་ཡུལ་གྱི་ནད་པ་12ལ་མི་བདེ་བའི་ཚོར་སྣང་གང་ཡང་བསྐྲུན་མེད་པས་ནད་པའི་བསྔགས་བརྗོད་ཡང་ཡང་ཐོབ། འཇུ་ལམ་ལྟ་ཤེལ་བརྟག་དཔྱད་ལག་རྩལ་ལག་ལེན་དུ་བསྟར་བ་དེས། ངེད་སྨན་ཁང་གི་ལག་རྩལ་དེའི་ཐད་ཀྱི་སྟོང་ཆ་གསབ་པ་དང་ཚན་ཁག་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་ཕྱིན་པར་བྱས་ལ། ངེད་སྨན་ཁང་གིས་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ནུས་པ་མཐོ་རུ་གཏོང་བའི་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན།

为推进医疗卫生体系高质量发展,进一步提升医院综合服务能力,在市委市政府与上级主管部门的大力支持下,经过医院精心筹备,同仁市中医院消化内镜中心顺利开科,科室整体布局合理,严格按照标准设计,拥有舒适的环境和精良的设备,配套设施齐全,拥有国际一流电子胃肠镜,内镜洗消一体化系统,内镜消毒柜,多功能内镜床等配套设备,配备有空气消毒机、空调、卫生间等设施,能为患者提供舒适的检查环境。并从物资准备、设备使用、消毒灭菌、感染控制、患者评估、人员培养等方面给予了全方位支撑。

སྨན་བཅོས་འཕྲོད་བསྟེན་མ་ལག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གོང་རིམ་གཙོ་གཉེར་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་སྨན་ཁང་གི་ཞིབ་ཅིང་ཚགས་པའི་གྲ་སྒྲིག་འོག ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་འཇུ་ལམ་ལྟ་ཤེལ་ལྟེ་གནས་བདེ་བླག་ངང་ཕྱེ་བ་དང་། ཚན་ཁག་གི་བཀོད་པ་ལུགས་མཐུན་ཞིང་ཚད་གཞི་ལྟར་ཇུས་འགོད་ནན་མོ་བྱས་ཡོད་ལ། རྒྱལ་སྤྱིའི་རྩེ་གྲས་ཀྱི་གློག་རྡུལ་ཕོ་རྒྱུའི་ལྟ་ཤེལ་དང་། དུག་སེལ་གཙང་བཀྲུ་གཞི་གཅིག་ཅན་གྱི་མ་ལག ལྟ་ཤེལ་དུག་སེལ་སྒམ། ནུས་མང་ལྟ་ཤེལ་མལ་ཁྲི་སོགས་ཀྱི་སྒྲིག་ཆས་ཡོད་ལ། མཁའ་རླུང་དུག་སེལ་ཆས་དང་། དྲོད་སྙོམས་ཆས། གསང་སྤྱོད་ཁང་སོགས་བཀོད་སྒྲིག་ཆ་ཚང་བྱས་ཡོད་པས། ནད་པར་བདེ་སྣང་དོད་པའི་བརྟག་དཔྱད་ཁོར་ཡུག་མཁོ་འདོན་བྱས་ཡོད། དེ་མིན་དངོས་ཟོག་གྲ་སྒྲིག་དང་སྒྲིག་ཆས་བེད་སྤྱོད། དུག་སེལ་དང་ནད་འགོག ནད་པར་དཔྱད་དཔོག མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་འདེགས་སྐྱོར་བྱས་ཡོད།

医院相继派出消化内科多名高年资医护人员,先后多次前往省人民医院、青大附院等医院进修胃镜检查技术,并引进日本富士EP-6000全高清电子胃肠镜系统,富士EP-6000胃肠镜被誉为内镜中的“福尔摩斯”,其具备的超高清图像质量和独特的光学染色技术,使医生能够更清晰地观察到消化道黏膜的细微结构和血管形态,从而有效提升了消化道早期肿瘤和炎症性疾病的检出率。该设备系统成像角度广、分辨率高、成像清晰,患者痛苦小,以其高清的画质为医生临床诊断提供权威诊断依据,‌镜身柔软纤细,与传统电子胃肠镜相比更加耐受舒适,能够帮助患者一次性完成常规检查和筛查,切实‌提高早癌的诊断准确率。同时‌还可在内镜下进行微创治疗,‌如异物取出、息肉切除、镜下钛夹止血等,‌减轻了患者的经济负担,是目前消化内窥镜诊疗领域最高端、最先进的胃肠检查诊疗设备,我院系全省首台引进。

སྨན་ཁང་གིས་འཇུ་བྱེད་ཁོག་ནད་ཚན་ཁག་གི་བྱ་བའི་ཉམས་མྱོང་མོད་པའི་སྨན་དོན་མི་སྣ་མང་པོ་མངགས་ནས། སྔ་རྗེས་སུ་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་སོགས་སུ་ཕོ་ཤེལ་གྱི་བརྟག་དཔྱད་ལག་རྩལ་ཟབ་སྦྱོང་བྱེད་པར་ཐེངས་མང་བཏང་བ་དང་། གོ་ལ་ཧྲིལ་བོའི་རྩེར་སོན་སྒྲིག་ཆས་སྟེ་འཇར་པན་གྱི་གསལ་ཚད་མཐོ་བའི་གློག་རྡུལ་ཕོ་རྒྱུའི་ལྟ་ཤེལ་མ་ལག་ནང་འདྲེན་བྱས་ལ། སྒྲིག་ཆས་མ་ལག་དེའི་དབྱེ་འབྱེད་ནུས་པ་ཆེ་ཞིང་བརྙན་གྲུབ་གསལ་བ་དང་ནད་པའི་ན་ཟུག་ཆུང་བས། ནད་པར་ཐེངས་གཅིག་ངང་བརྟག་དཔྱད་དང་གྲལ་བཤེར་བྱེད་རོགས་བྱས་ཏེ་སྐྲན་ནད་ཀྱི་བརྟག་དཔྱད་ཡང་དག་ཚད་མཐོ་རུ་འགྲོ་ཐུབ་པར་མ་ཟད། དེ་དང་མཉམ་དུ་ལྟ་ཤེལ་གྱི་འོག་ནས་རྨ་ཁ་ཆུང་བའི་སྒོ་ནས་སྨན་བཅོས་བྱས་ཆོག་པས། ནད་པའི་སྨན་བཅོས་འགྲོ་སོང་ཇེ་ཆུང་དུ་གཏོང་ཐུབ། ད་ཡོད་ཀྱི་འཇུ་ལམ་ལྟ་ཤེལ་མ་ལག་ཁྱབ་ཁོངས་ཀྱི་ཆེས་རྩེ་གྲས་དང་སྔོན་ཐོན་ཅན་ཡིན་ལ། ངེད་སྨན་ཁང་ནི་ཞིང་ཆེན་ཡོངས་ཀྱི་ཁྲོད་ཆེས་ཐོག་མར་ནང་འདྲེན་བྱེད་མཁན་ཡིན།

同仁市中医院将充分利用好此次新开科室契机,坚持“人民至上、生命至上、患者至上”的服务理念,不断满足辖区患者的就医需求,通过引进稀缺医疗人才、先进诊疗技术和高端检查设备,不断完善医院服务能力,探索新的发展思路,切实保障医疗安全,为患者提供更加优质、高效、便捷的医疗服务,争创人民满意品牌医院。

ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་ད་ཐེངས་ཀྱི་ཚན་ཁག་གསར་པ་བཙུགས་པའི་གོ་སྐབས་གང་ལེགས་སྤྱད་དེ། མི་དམངས་དང་ཚེ་སྲོག ནད་པ་བཅས་གོང་དུ་བཀུར་བའི་ཞབས་ཞུའི་འདུ་ཤེས་མཐའ་འཁྱོངས་ཀྱིས། རྒྱུན་ཆད་མེད་པར་ཁོངས་གཏོགས་ས་ཁུལ་གྱི་ནད་པའི་སྨན་བཅོས་དགོས་མཁོ་བསྐངས་ཏེ། རྩེར་སོན་གྱི་སྨན་བཅོས་ཤེས་ལྡན་མི་སྣ་དང་སྔོན་ཐོན་གྱི་ནད་བརྟག་སྨན་བཅོས་ལག་རྩལ། སྤུས་ལེགས་ཀྱི་ཞིབ་བཤེར་སྒྲིག་ཆས་བཅས་ནང་འདྲེན་བྱེད་པ་དང་། སྨན་ཁང་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ། སྨན་བཅོས་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱས་ཏེ། ནད་པར་སྔར་བས་སྤུས་ལེགས་དང་ནུས་ལྡན། སྟབས་བདེ་བཅས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ནས་དམངས་བློ་ཚིམ་པའི་སྤུས་ལྡན་སྨན་ཁང་ཞིག་བསྐྲུན་པར་བྱེད་ཀྱི་ཡོད།

供稿:院办

审核:杜宝珍

编辑:信息科

同仁市中医院
同仁市中医院/同仁市人民医院 本院目前开设科室中医科 综合内科 皮肤科 内分泌科 妇科 儿科 口腔科 内镜中心 功能科 放射科 检验科等,欢迎前来就诊!
 最新文章