【医讯】西安交通大学医学院第一附属医院著名妇科专家及青海省人民医院妇科专家团队来我院开展义诊活动啦!

文摘   2024-10-30 18:52   青海  

点击上方蓝色字体关注我们






    医  讯   


为推进优质医疗资源下沉,加强沟通交流,切实提升基层医疗服务水平,保障高原藏区妇女群众身心健康,我院特邀西安交通大学医学院第一附属医院著名妇科专家及青海省人民医院妇科专家团队于2024年11月1日(星期五)在同仁市中医院开展妇科义诊活动,此次专家团队涵盖了妇科领域的知名专家和骨干医师,让群众在家门口就能享受到高质量的医疗服务,为基层患者带来了福音,望广大患者莫失良机,前来咨询就诊。



  སྨན་བཅོས་བརྡ་ཐོ།  

སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མཐོ་སྒང་གི་བོད་རིགས་བུད་མེད་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་འགན་ལེན་བྱ་བ་བཅས་ཀྱི་ཆེད་དུ།ངེད་སྨན་ཁང་གིས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་ཞོར་གཏོགས་སྨན་ཁང་དང་པོའི་མོ་ནད་ཚན་ཁག་གི་ཆེད་མཁས་པ་གྲགས་ཅན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་མོ་ནད་ཚན་ཁག་གི་ཆེད་མཁས་སྨན་པའི་ཚོགས་པ་2024ལོའི་ཟླ་11ཚེས་1ཉིན་གཟའ་པ་སངསཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དུ་གདན་དྲངས་ནས། མོ་ནད་ཚན་ཁག་གི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་འཆར་ཡོད་ལ། ད་ཐེངས་ཀྱི་ཆེད་མཁས་སྨན་པའི་ཁྲོད་མོ་ནད་ཚན་ཁག་ཁྱབ་ཁོངས་ཀྱི་ཆེད་མཁས་སྨན་པ་གྲགས་ཅན་དང་རྐང་འཛིན་སྨན་པ་ཚུད་ཡོད་ཅིང་། རྒྱ་ཆེའི་མང་ཚོགས་ལ་རང་ས་གནས་ནས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱད་ཆོག་པར་བྱས་ཤིང་། གཞི་རིམ་ནད་པར་ཕན་བདེ་བསྐྲུན་ཡོད་པས། རྒྱ་ཆེའི་ནད་པ་ཚོས་གོ་སྐབས་བཟང་པོ་དམ་འཛིན་གྱིས་བློ་འདྲི་དང་སྨན་བཅོས་བྱེད་པར་ཡོང་ཆོག




专家简介

ཆེད་མཁས་སྨན་པ་ངོ་སྤྲོད།



 韩晓兵,副教授,医学博士,硕士研究生导师,西安交通大学医学院第一附属医院著妇产科副主任,青海省人民医院妇科主任。从事妇产科临床、教学、科研工作20多年来积累了扎实的专业理论与实践经验,主要致力于妇科肿瘤与子宫内膜异位症的诊治与研究,擅长妇科恶性肿瘤、子宫内膜异位症等良恶性妇科疾病的诊治及手术。

ཧན་ཞའོ་པིན། དགེ་རྒན་ཆེན་མོ་གཞོན་པ། གསོ་རིག་འབུམ་རམས་པ། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་དང་པོའི་མོ་ནད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རིན་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་མོ་ནད་ཚན་ཁག་གི་ཀྲུའུ་རིན་བཅས་རེད། ལོ་ངོ་ཉི་ཤུ་ལྷག་ཙམ་རིང་ལ་མོ་ནད་དང་བུ་བཙའི་ཚན་ཁག་གི་ནད་ཐོག་ལག་ལེན་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསག་ཅིང་། གཙོ་བོ་མོ་ནད་འབྲས་སྐྲན་དང་བུ་སྣོད་ནང་སྐྱི་གནས་བརྗེའི་ནད་སོགས་ཀྱི་བརྟག་བཅོས་དང་ཞིབ་འཇུག གཤགས་བཅོས་སོགས་ཀྱི་ཕྱག་ལས་ལ་གཞོལ་གྱིན་ཡོད།





 魏民,青海省人民医院妇科主任医师,硕士研究生导师,青海省人民医院妇科副主任,妇产科教研室副主任,从事妇产科临床工作20余年。

ཝུའེ་མིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་མོ་ནད་ཚན་ཁག་གི་ཀྲུའུ་རིན་སྨན་པ། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན།  མོ་ནད་ཚན་ཁག་གི་ཀྲུའུ་རིན་གཞོན་པ། མོ་ནད་དང་བུ་བཙའི་ཚན་ཁག་གི་སློབ་དཔྱོད་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཡིན་ཞིང་། ལོ་ངོ་ཉི་ཤུ་ལྷག་ཙམ་རིང་ལ་མོ་ནད་དང་བུ་བཙའ་ཚན་ཁག་གི་ནད་ཐོག་སྨན་བཅོས་ཀྱི་ཕྱག་ལས་གནང་བ་རེད།




 靳冬梅,青海省人民医院妇科副主任医师,从事妇产科临床工作20年。擅长子宫肌瘤、卵巢囊肿、异位妊娠、子宫内膜息肉、宫颈疾病、输卵管性不孕症等妇科疾病的宫、腹腔镜微创手术治疗;擅长子宫内膜异位症、围绝经期综合征、青春期功血、异常子宫出血等疾病内分泌治疗及药物长期管理;擅长宫颈癌、子宫内膜癌、阴道癌、外阴癌等妇科恶性肿瘤的近距离放射治疗。

ཅིན་ཏུང་མེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་མོ་ནད་ཚན་ཁག་གི་ཀྲུའུ་རིན་སྨན་པ་གཞོན་པ། ལོ་ངོ་ཉི་ཤུའི་རིང་མོ་ནད་དང་བུ་བཙའ་ཚན་ཁག་གི་ནད་ཐོག་སྨན་བཅོས་ཀྱི་ཕྱག་ལས་གནང་། བུ་སྣོད་ཀྱི་ཤ་སྐྲན་དང་བསམ་བསེའུ་སྐྲངས་པ། གཞན་གནས་མངལ་འཛིན། བུ་སྣོད་ནང་སྐྱིའི་ཤ་ལུ།  མངལ་སྐེའི་ནད། ཁམས་དམར་འདྲེན་སྦུག་རང་བཞིན་གྱི་མངལ་མི་ཆགས་པའི་ནད་སོགས་ཀྱི་གཤགས་བཅོས་དང་། བུ་སྣོད་ནང་སྐྱིའི་གནས་བརྗེའི་ནད་དང་ཟླ་མཚན་ཆད་པའི་རྟགས་འདུས་ནད། བུ་སྣོད་ནས་ཁྲག་ཐོན་པ་སོགས་ཀྱི་ནད་གཞིའི་ནང་གི་ཟགས་ཐོན་གསོ་བཅོས་ཡུན་རིང་སྨན་བཀོལ་གསོ་བཅོས། མངལ་སྐེའི་འབྲས་སྐྲན། བུ་སྣོད་ནང་སྐྱིའི་འབྲས་སྐྲན། གསང་ལམ་འབྲས་སྐྲན། མཚན་ཕྱིའི་འབྲས་སྐྲན། མོ་ནད་ཀྱི་ངན་གཤིས་སྐྲན་ནད་སོགས་ཀྱི་སྨན་བཅོས་བྱེད་པར་མཁས།





李文元,青海省人民医院妇科副主任医师,从事妇产科工作近20年,擅长单孔腹腔镜、宫腔镜及阴道镜的手术及操作。

ལི་བུན་ཡོན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་མོ་ནད་ཚན་ཁག་གི་ཀྲུའུ་རིན་སྨན་པ་གཞོན་པ། མོ་ནད་དང་བུ་བཙའི་ཚན་ཁག་གི་ཕྱག་ལས་གནང་ནས་ལོ་20ཙམ་འགོར་བ་དང་། ཁུང་གཅིག་གསུས་ཁོག་ལྟ་ཤེལ་དང་མངལ་ཁོག་ལྟ་ཤེལ། གསང་ལམ་ལྟ་ཤེལ་བཅས་བརྒྱུད་པའི་གཤགས་བཅོས་སོགས་ལ་མཁས།






王珍,主管护师,青海省人民医院妇科二病区护士长,从事妇科护理工作18年。2011年在北京协和医院进修学习。

ཝང་ཀྲན། གཙོ་གཉེར་ནད་སྐྱོང་དགེ་རྒན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་མོ་ནད་ཚན་ཁག་གི་ཁུལ་གཉིས་པའི་གཙོ་འགན་ནད་སྐྱོང་ཡིན་ལ། ལོ་18རིང་ནད་སྐྱོང་ཕྱག་ལས་ལ་གཞོལ་བ་རེད། 2011ལོར་པེ་ཅིང་ཞེ་ཧི་སྨན་ཁང་དུ་གསོ་སྦྱོང་དུ་ཞུགས།



供稿:院办

审核:杜宝珍

编辑:信息科


同仁市中医院
同仁市中医院/同仁市人民医院 本院目前开设科室中医科 综合内科 皮肤科 内分泌科 妇科 儿科 口腔科 内镜中心 功能科 放射科 检验科等,欢迎前来就诊!
 最新文章