ཀུན་མཁྱེན་རྗེས་དྲན་གྱི་དགེ་བསྐུལ། 纪念全知的共修

美体   2024-12-05 07:02   四川  


སང་ཉིན་བོད་ཟླ་བཅུ་པའི་ཚེས་ལྔ་ནི་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་དཔལ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་དང་རྗེ་བཙུན་འཇམ་པའི་དབྱངས་གཉིས་ངོ་བོ་དབྱེར་མེད་དུ་མི་ཡི་གཟུགས་སུ་རོལ་བའམ་དུས་གསུམ་སངས་རྒྱས་ཀྱི་ཐུགས་སྲས་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་མོ་བརྒྱ་དང་བདུན་ཅུ་དོན་དགུ་ལོན་པའི་འཁྲུངས་སྐར་ཡིན་པས་དགེ་སྒྲུབ་སྡིག་སྤོང་དང་རྗེས་དྲན་ཞུ། 


明天藏历十月五日(12月6日)是三世诸佛菩萨的心子,释迦牟尼佛和文殊菩萨无别一体的化身,全知麦彭降央南迦嘉措尊者的生辰日,也是诞辰一百七十九周年的纪念日。请大家要断恶行善。


ཀུན་མཁྱེན་གྱི་གསོལ་འདེབས། 全知祈祷文 


རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།།  

热东将华云尼辛拉类(觉空文殊童子之加持)

དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ།།

恭波龙内博波得嘉作(密意界中获证八辯才)

ལུང་རྟོགས་ཆོས་མཛོད་རྒྱ་མཚོ་མངའ་བདག་མཆོག།

龙多秋作嘉促锕达巧(教证法藏海洋尊胜主)

ཨ་ཛི་ཏ་བི་ཛ་ཡ་ལ་གསོལ་བ་འདེབས།།

阿泽达波匝牙拉所瓦得(至诚祈祷麦彭那迦尊)


དེས་ན་ཕྲན་གྱི་འདི་ནས་ཀུན་མཁྱེན་བླ་མ་མཆོག་ལ་རྗེས་དྲན་གྱི་ཆེད་དུ་མཆོད་མེ་འབུམ་མཆོད་གཅིག་ཙམ་དང་། སྲོག་བླུ་ས་ཡ་གཅིག་ཙམ་འགྲུབ་པའི་དགེ་བསྐུལ་བྱེད་པ་ཡིན་པས། རང་རང་སོ་སོས་ཟླ་གཅིག་གི་ཚུན་ལ་མཆོད་མེའི་གྲངས་ཀ་དུ་མཆོད་དང་། སྲོག་བླུ་གྲངས་ཀ་དུ་བྱེད་ཐུབ་ན་འོག་ནས་བོད་ཟླ་བཅུ་པའི་ཚེས་ཉེར་དགུ་ཚུན་ལ་ཁས་ལེན་བྱེད་ཆོག མྱུར་དུ་དགེ་བསྐུལ་འདི་དག་འགྲུབ་པར་བརྒྱུད་བསྐུར་རེ་མ་མཐའ་གནང་རོགས་ཞུ།


所以为了纪念全知上师麦彭尊者仁波齐,我在这里发起供十万盏灯(无论在任何地方都可以供),以及放一百万个生命的共修(无论大小任何众生,只要解救有情的都可以算放生)在一月之内你能供多少灯,放多少?在下面12月30日之前可以投票进行报数。为了迅速圆满此善,请告知,多多分享!

མདོར་ན་དགེ་རྩ་འདིར་ཞུགས་པའི་མི་རེས་མཆོད་མེ་ལྡོག་རེ་དང་། སྲོག་བླུ་གཅིག་ཙམ་བྱེད་པ་ཡན་ཆོད་ལ་དགེ་བའི་ཕན་ཡོན་མཉམ་དུ་ཐོབ་ཅིང་། བོད་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་དགེ་འདུན་འདུས་པ་རྒྱ་མཚོས་བསྔོ་སྨོན་གནང་བ་དང་། སྐྱེ་བ་ཚེ་རབས་ཀུན་ཏུ་ཀུན་མཁྱེན་བླ་མ་མཆོག་དང་འབྲལ་བ་མེད་པར་མཁའ་མཉམ་འགྲོ་བའི་དོན་རླབས་པོ་ཆེ་འགྲུབ་པའི་མཐུན་འགྱུར་དུ་གྱུར་ཅིག


总之此善中参与的每一人,只供一盏灯,只放一个生命,都能获得这一切的功德!藏历十月三十日佛陀的节日,以僧众圆满回向!愿生生世世不离全知仁波切!愿利益到普天下所有众生!


益西智麦
人不因出生而尊贵,而是因行为而尊贵。
 最新文章