དེ་རིང་ནི་བོད་ཟླ་བརྒྱད་པའི་ཚེས་སུམ་ཅུ་སྟེ་དགེ་སྡིག་གང་བསྒྲུབ་ཀྱང་དུང་ཕྱུར་དགུར་འགྱུར་བའི་དཔལ་རྒྱལ་བ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་དུས་ཆེན་ཡིན་པས། ནང་པའི་རྗེས་འཇུག་པ་ཞིག་ཡིན་ན། ཟླ་འདིིའི་ནང་གི་དགེ་བ་ལ་མཇུག་སྡོམ་བྱས་ཏེ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། རང་གི་སྡིག་པ་གང་བྱས་ལ་འགྱོད་བཤགས་དང་ཕྱིན་ཆད་ཅི་ནུས་ནས་མི་བྱེད་པར་དམ་བཅའ་བ་ནི་དེ་རིང་གི་འོས་འགན་གཅིག་པུ་དེ་ཡིན།
今天是(11月1日)藏历八月三十号,是南无本师释迦牟尼佛殊胜吉祥日,无论行善与恶都会增长九亿倍。作为佛门子弟,应当观察这一个月内的发心和行为。若是恶要一心忏悔,并且需要绝不做和尽量不再行恶的决心。若是善,整月的善都要为众生而回向。
སྟོན་པ་ཐུགས་རྗེ་ཅན་གྱི་མཚན་ནི། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།
本师释迦牟尼佛名号:喇嘛 敦巴 炯丹第 得印 夏巴 扎炯巴 样达巴 作波 桑吉 华嘉瓦 夏迦 特巴拉 香擦洛 秋多 嘉森 且奥!(顶礼供养皈依释迦牟尼如来 应供 正遍知 明行足 善逝 世间解 无上士调御丈夫 天人师 佛 世尊)
གལ་ཏེ་དེ་རིང་ལ་དཔལ་རྣམ་འདྲེན་བཞི་པའི་མཚན་ནམ་གཟུངས་སྔགས་བཏོན་ན་ལྷ་ཆེན་ཚངས་པ་མྱུལ་བའི་དུས་སྐབས་ཡིན་པས། བསྐལ་བ་སྟོང་གི་སྡིག་པ་བྱང་ཞིང་ཞིམ་མོར་འཇོམ་པའིི་དམྱལ་བ་ལས་ཐར་ཞེས་གསུངས། དེས་ན་དེ་རིང་ཉིན་གཅིག་གི་ཚུན་དུ་མ་མཐའང་མཚན་གཟུངས་གང་རུང་ཚར་གཅིག་གམ་བརྒྱ་དང་བརྒྱད་རེ་འདོན་པ་གལ་ཆེའོ།།
这殊胜的一天中,若能念诵第四任导师(释迦牟尼佛)的名号或心咒,因大仙梵天游方的时刻,遣除一千劫业障,并解脱明细地狱。所以这一天内至少要念诵名号或心咒一遍或一百零八遍及其重要。
ཡེ་ཤེས་དྲི་མེད། 益西智麦
1