ས་སྙིང་དུས་ཆེན། 地藏菩萨吉日

美体   其他   2024-10-22 12:49   四川  

དེ་རིང་ནི་བོད་ཟླ་བརྒྱད་པའི་ཚེས་ཉེར་གཅིག་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོས་བྱིན་གྱིས་བརླབས་པའི་དུས་ཆེན་ཡིན་པས་དགེ་སྡུག་གང་བསྒྲུབ་ནའང་དུང་ཕྱུར་དུ་འགྱུར་རོ།།


今天藏历八二十一日(10月22日)南无地藏王菩萨摩诃萨加持的殊胜吉日,无论行善与恶变动一亿倍。


གལ་ཏེ་བསམ་དོན་ཅི་བཞིན་འགྲུབ་འདོད་པ་དང་། དགེ་བ་དང་བསོད་ནམས་རྒྱུ་ནོར་འཕེལ་དགོས་པ་དང་ཚེ་འདས་སོགས་ལ་བསྔོ་སྨོན་བྱེད་འདོད་ཚེ། སེམས་རྩེ་གཅིག་གིས་ས་སྙིང་མཚན་སྔགས་དང་བསྙེན་པ་བརྗོད་ཅིང་གསོལ་འདེབས་བྱེད་ན་བྱིན་རླབས་ཅི་བཞིན་དུ་འཐོབ་བོ།།


若想所求如愿以偿,善根增长,福报、财富圆满,或者超度已故亡人,可一心专念“南无地藏菩萨”,或心咒圣号,祈祷地藏菩萨加持。

ས་སྙིང་འཁོར་ལོ་བཅུ་པ་ལས།




སེམ་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་མཚན་ནས་བརྗོད་ཅིང་། དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན་ཅི་དང་ཅི་འདོད་པ་ཐམས་ཅད་འཐོབ་ཅིང་སྡུག་བསྔལ་དང་བྲལ་ཞེས་དང་། བསམ་པའི་དོན་ཐམས་ཅད་འགྲུབ་པ་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་དང་། ཀུན་ཏུ་བཟང་པོ་དང་། བྱམས་པ་མགོན་པོ། སྤྱན་རས་གཟིགས་ལ་སོགས་པར་བསྐལ་བ་ནས་བསྐལ་བའི་བར་གསོལ་བ་བཏབ་པ་ལས་ས་ཡི་སྙིང་པོ་ལ་ཐེངས་གཅིག་ཡུད་ཙམ་ལ་གསོལ་བ་བཏབ་ན་ཕན་ཡོན་ཆེ་ཞེས་གསུངས་སོ།།

大乘大集地藏十轮经




善男子,假使有人于其弥勒及吉祥并观自在普贤之类而为上首殑伽沙等诸大菩萨摩诃萨所,于百却中至心归依称名念涌礼拜供养求诸所愿,不如有人于一食顷至心归依称名念诵礼拜供养地藏菩萨求诸所愿速得满足。

བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་སྔགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།


地藏王菩萨摩诃萨圣号:香且森华森华钦诐 萨耶酿诐拉 香檫洛 窍多嘉森且噢(藏语含义:顶礼供养皈依地藏菩萨摩诃萨)


འཕགས་པ་ས་ཡི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་ལས་གསུངས་པ་ཡོན་ཏན་སྦྱིན་པ་ཞེས་བྱ་བའི་གཟུངས་སྔགས་ནི། ཨོཾསུམ་བྷ་ནི་སུམ་བྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ་མ་རུ་ཏ། ཨ་མོ་གྷ་བཛྲ་ས་ཏྭ་སྭཱ་ཧཱ། གཟུངས་འདུས་ལས་སོ།། ཨོཾ་ཀྵི་ཏ་ས་གརྦྷ་ཀྵིཾ་སྭཱ་ཧཱ། དཔལ་ཡོན་ཐམས་ཅད་རྒྱ་ཆེར་འཕེལ་ལོ།། 

出自《地藏一百八圣号经》施舍功德陀罗尼:嗡森巴呢森巴 哈ra匝ra 玛哈吧夏玛热达 阿摩嘎班匝萨埵娑哈嗡杰达萨噶巴匠娑哈 此咒能广进一切财富功德。


ཀུན་མཁྱེན་མི་ཕམ་པས། བྱང་ཆུབ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འདི་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་རྣམས་ཀྱི་སྨོན་ལམ་གང་ཡིན་པ་ཡོངས་སུ་རྫོགས་པར་བྱེད་པ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲའོ།། དེ་ལྟར་སྐྱེས་བུ་ཆེན་པོ་འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡུན་རིང་པོ་ནས་སྨོན་ལམ་ཆེན་པོ་ཤིན་ཏུ་བརྟན་པ་དང་སྙིང་རྗེ་ཆེན་པོ་དང་ཤིན་ཏུ་འབད་པའི་བརྩོན་འགྲུས་བསྒོམས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་པས་ཁྱེད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་པར་བྱའོ།། ཀུན་མཁྱེན་མི་ཕམ་པས། བྱང་ཆུབ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འདི་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་རྣམས་ཀྱི་སྨོན་ལམ་གང་ཡིན་པ་ཡོངས་སུ་རྫོགས་པར་བྱེད་པ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲའོ།། དེ་ལྟར་སྐྱེས་བུ་ཆེན་པོ་འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡུན་རིང་པོ་ནས་སྨོན་ལམ་ཆེན་པོ་ཤིན་ཏུ་བརྟན་པ་དང་སྙིང་རྗེ་ཆེན་པོ་དང་ཤིན་ཏུ་འབད་པའི་བརྩོན་འགྲུས་བསྒོམས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་པས་ཁྱེད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་པར་བྱའོ།།


麦彭尊者:这位地藏大菩萨为利乐一切有情,能满足一切有情之愿,犹如摩尼珠之宝藏。这位大士为成熟众生,长久以来修行及其稳固大愿,大悲及精进之故,超生一切菩萨,你当然恭敬供养。

ས་ཡི་སྙིང་པོ་ཁྱེད་ཀྱི་ཐུགས་བསྐྱེད་དང་།།

地藏菩萨您所发大心

མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ།།事业大愿及与智悲力

བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ།།

无上智慧幻化众功德

དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།

唯愿吾等如是获成就





ཡེ་ཤེས་དྲི་མེད། 益西智麦


益西智麦
人不因出生而尊贵,而是因行为而尊贵。
 最新文章