སྐར་མ་རྀ་ཥྀ་ཆབ་ཞུགས་དུས་ཆེན། 嘎玛热喀•沐浴节

美体   宗教   2024-09-08 06:04   四川  

དེ་རིང་ནི་བོད་ཟླ་བདུན་པའི་ཚེས་ལྔའི་ནངས་དུས་ནས་བཟུང་འདིའི་ཉིན་བདུན་གྱི་རུང་ལ་སྐར་མ་རྀ་ཥྀ་ཤར་བ་སྟེ། རྩིས་གཞུང་ལས། ཟླ་དྲུག་ཉིན་འཆར་དང་། ཟླ་དྲུག་མཚན་འཆར་ཞེས་གསལ་ཞིང་། ཞེས་སྤྱིར་བོད་ཟླ་བདུན་པའི་ཚེས་ཉེར་ལྔ་ནས་བོད་ཟླ་བརྒྱད་པའི་ཚེས་གཅིག་བར་འཆར་རྒྱུའི་རྒྱུ་སྐར་ཞིག་ཡིན་ལ་འདིའི་འོད་ཟེར་ཕོག་ཚད་ཀྱི་རྩ་ཆུ་ནག་གསུམ་ཚང་མ་སྨན་ཆུར་གྱུར་པས་བོད་ཀྱི་ཆབ་ཞུགས་དུས་ཆེན་ཟེར་བའི་སྲོལ་རྒྱུན་ཞེས་པའང་འདི་ལས་བྱུང་། དེས་ན་ཀུན་གྱིས་འདིའི་ཉིན་བདུན་བར་ཆུས་ལུས་བཀྲུ་བ་དང་སྨན་ཆུར་འཐུང་བ་སོགས་བྱེད་ན་ཕན་ནུས་ཧ་ཅང་ཆེ་ཞིང་སངས་རྒྱས་སྨན་བླ་ལ་དད་སེམས་ཀྱིས་གསོལ་འདེབས་བྱེད་ནས་ལུས་བཀྲུ་བ་སོགས་བྱེད་ན་ལས་ངན་སྡིག་སྒྲིབ་དག་པར་ཡང་འགྱུར་རོ།།


从今天藏历七月五日(9月8日—9月14日)清晨开始的七天里有弃山星,澄水星。藏历书中说此星半年昼出,半年夜出。一般在藏地方于藏历七月二十五日至八月一间肉眼能见。传说经过此一星光照射之水,均成药水。藏族传统的沐浴节也连着这个不可思议的日子,一心祈祷药师佛沐浴,可以遣除万劫的业力。藏俗叫它: "嘎玛热喀"。

法王如意宝

༧ ཆོས་རྗེ་བླ་མས་སྐར་མ་རྀ་ཥྀ་ངོ་སྤྲོད་གནང་བ།

法王如意宝介绍嘎玛热喀

༧ཆོས་རྗེ་བླ་མས། སྐར་མ་རི་ཥི་ཟེར་རྒྱུ་དེ། ནངས་དུས་སྐར་མ་ཚང་མ་མ་ཡལ་དུས། སྐར་མ་ལག་སོའི་འགྲམ་ན་སྐར་མ་འོད་ཆེན་པོ་ཅན་ཞིག་ཡོད་པ་དེ་རེད། ང་ཚོ་འདི་ནས་ཐག་རིང་ཆེ་བས་རིག་ཐུབ་ནི་མ་རེད། དེ་ཤར་བའི་ཚེ་དེའི་འོད་དེ་སངས་རྒྱས་རྣམ་སྣང་གངས་ཅན་མཚོའི་ཐུགས་ཀར་ཕོག་ཅིང་། དེའི་སྐུ་ལུས་བདུད་རྩིའི་རྒྱུན་བབས་པས་མཚོ་དང་ཆུ། གདེངས་ཀ་རྣམས་ལ་ཕོག་ནས། ཞག་བདུན་གྱི་བར་དུ་རྩི་ཤིང་ནགས་ཚལ་ཆུ་ཡོད་ཡོད་པོ་སྨན་དུ་འགྱུར་ནི་རེད། ཐམས་ཅད་ཀྱིས་ཁྲུས་འདྲ་བྱེད་ན་ཡག་ནི་རེད། སྔོན་རིག་འཛིན་འཇིགས་མེད་གླིང་པ་དགུང་ལོ་མཐོ་བའི་དུས་སུའང་ཁྲུས་ལ་ཞུགས་པར་རྀ་ཥྀའི་ཆུ་ཉལ་ལ་བྱོན་དར་ནི་རེད། ཅེས་གསུངས་སོ།།


ཉེ་ཆར་བླ་མའི་ཞལ་གསུངས་ཟིན་བྲིས་ཕབ་པ་ཞིག་དྲྭ་བར་གང་སར་ཁྱབ་གྱིན་པ་ཞིག་འདུག་མོད། དེ་ནི་དེ་ཙམ་དག་པར་མ་མཐོང་ནས། བླ་མའི་སློབ་རྒྱུད་དུ་གཏོགས་པའི་ཕྲན་ཡེ་ཤེས་དྲི་མེད་ཀྱིས་གསལ་ལ་མི་གསལ་བའི་སྒྲ་དེ་ལ་ཐེངས་མང་དུ་ཉན་ནས་ཅུང་ཙམ་གཞན་ལ་ཕན་པར་རེ་ནས་གུས་པས་ཕབ་པའོ།། 


法王如意宝:清晨,星星都还在的时候,参星边上最光亮的星星就是嘎玛热喀。因为距离遥远,我们看不见。当这个星星升起时,它的光芒照在大日如来雪海佛的心口上,于是从大日如来的法体上不间断降下甘露到大海、湖泊、龙王头顶,以及草木、树林,七日以内都成为药。我们所有人在这期间洗澡是非常好,以前持明无畏州在高龄时也特意在热喀期间沐浴。


      ——此文是整理自法王如意宝录音

并由弟子益西智麦恭译

བླ་རུང་ལོ་ལྟར་ན་བོད་ཟླ་བདུན་པའི་ཚེས་ལྔའི་ནངས་དུས་ནས་བཟུང་འདིའི་ཉིན་བདུན་གྱི་རུང་ལ་སྐར་མ་རྀ་ཥྀ་འཆར་ཞེས་འབྱུང་ཞིང་། ན་རོ་ལོ་ཐོ་གཞན་པ་སོགས་སུ་སང་ཉིན་བོད་ཟླ་བདུན་པའི་ཚེས་བདུན་གྱི་ཐོ་རེངས་ལ་སྐར་མ་རྀ་ཥི་འཆར་ཞེས་འབྱུང་བས། མདོར་ན་རྀ་ཥྀའི་དུས་འདིའི་ནང་རང་རང་གིས་ལུས་ཁྲུས་སོགས་བྱེད་ན་ཕན་ནུས་ལྡན་པ་ཡིན་ནོ།།


按照喇荣五明佛学院的日历,藏历七月五日(9月8日—9月14日)开始至七天里出现“嘎玛热喀”。那若藏历等的日历中也说明天藏历七号会出现嘎玛热喀,总之在热喀期间什么人沐浴都会得到热喀药水的功效。

释迦牟尼佛

སྐར་མ་རྀ་ཥིའི་ཁུངས་དང་ཕན་ནུས། 

嘎玛热喀之来源于利益


འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས།  བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་ཞེས་བྱ་བ་དེས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་སེམས་ཅན་ན་བ་གཡོག་མེད་པ། ནད་དུ་མས་རེག་པ་ཡོད་པ་དེ་དག་གི་དོན་དུ་སྨན་ཆེན་པོ་ཆར་གང་གིས་ན་བ་དེ་དག་ནད་ལས་ཡོངས་སུ་ཐར་བར་འགྱུར་བ་ཕོབ་ཅིག དེ་ནས་དེ་མ་ཐག་ཏུ་བར་སྣང་ལས་བདུད་རྩིའི་སྨན་གྱི་ཆར་མངོན་པར་རབ་ཏུ་ཕབ་སྟེ། དེས་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཏོ།། ཞེས་གསུངས་སོ།།


天空菩萨闻受的《大乘经》当中:称药师王佛对天空菩萨说到:为了善男子女得病者,无护理者,被诸多病缠绕者而降大药雨,也是为患者能解脱病苦而下。之后立马空中下起甘露药之雨水,解脱了诸多病苦。

莲师药佛

མདོ་སྡེ་མྱང་འདས་ཆེན་པོ་ལས།《大涅槃经》当中说:


བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་དེས།།

发愿能力无边者,

བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དེ་ལ།།

南无大悲药师佛,

སྨོན་ལམ་མཐུ་ཡིས་འདི་སྐད་ཅེས་སྨྲས་པ།།

对着天宝菩萨言:


རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས།།

善男子与信女众,

སེམས་ཅན་ན་བ་གཡོག་རྣམས་མེད་པ་དང་།།

得病无亲可怜者,

ནད་རྣམས་དུ་མས་རེག་པའི་སེམས་ཅན་ལ།།

各种疾病缠身时,

དེ་དག་དོན་དུ་བདུད་རྩིའི་ཆར་སྐོང་ཞིག།

为此下雨大甘露。


ཐམས་ཅད་ནད་ལས་ཡོངས་སུ་ཐར་ཕྱིར་དུ།།

为了一切脱离病,

སྨན་དང་བདུད་རྩིའི་ཆར་བ་ཕོབ་ཅིག་གོ།

愿我药雨甘露下。


ཞེས་དང་། དེ་ནས་དེ་མ་ཐག་ཏུ་བར་སྣང་ནས་བདུད་རྩིའི་ཆར་མངོན་པར་རབ་ཏུ་ཕབ་པས་སྡུག་བསྔལ་ལས་ཐར་ཏེ། དེའི་སྨོན་ལམ་གྱི་མཐུས་དེང་དུས་སུ་ཡང་བདུད་རྩིའི་ཆར་འབབ་པའི་ཟླ་བ་ཞིག་ཡོད་པ་ཡིན་ནོ།། ཞེས་གསུངས་པ་དང་།


之后天空中下了甘露雨,解脱了病痛的苦海。因为这个愿力,到现在还有这样殊胜之月。

龙树菩萨

མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་དཔྱད་ཡན་ལག་བརྒྱད་པ་ལས།

龙树菩萨所写的《医学判断八分支》中:


ཉི་མའི་འོད་ཀྱིས་གདུངས་པ་དང་།།

太阳晒的苦恼中,

ཟླ་བའི་འོད་ཀྱིས་བསིལ་བྱས་ལ།།

月亮光影凉凉时,

རྀ་ཥྀ་ཤར་བས་དུག་མེད་པ།།

无毒热喀显来了,

ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང་།།

日日夜夜喝药水。


ཞེས་སོགས་གསུངས་པས་འདི་ནི་སེམས་ཅན་རྣམས་ཀྱི་ལུས་ངག་གི་ནད་ཀྱི་སྒྲིབ་པའམ་སྡུག་བསྔལ་དག་སྦྱང་པའི་ཕྱིར་སངས་རྒྱས་སྨན་བླའི་ཐུགས་བསྐྱེད་ཁྱད་པར་ཅན་ལས་འཁྲུངས་པས། སྐབས་འདིར་ཁྲུས་ལ་ཞུགས་པ་སོགས་བྱས་ན་ནད་ཀྱི་སྡུག་བསྔལ་དག་ཅིང་དགེ་བ་འཕེལ་བ་སོགས་ཕན་ནུས་ཧ་ཅང་ཆེ། དེ་ཡང་ཆུ་ཙམ་ལ་བརྟེན་ནས་མ་ཡིན་པར་སངས་རྒྱས་སྨན་བླའི་སྨོན་ལམ་ཁྱད་པར་བའི་སྟོབས་ཀྱིས་དེ་ལྟར་འགྲུབ་པའོ།།


这是从南无药师佛的愿力所起,为了遣除众生的八苦之一病痛的无明,一心祈祷药师佛能忏悔一切罪障。这期间洗澡、能脱离病苦,也能遣除各种病魔等障碍。这一切并不是依靠水力所得,而是圆满正等觉南无药师琉璃光佛的愿力和加持下我们共同得到如此的功德。


ཡེ་ཤེས་དྲི་མེད། 益西智麦

益西智麦
人不因出生而尊贵,而是因行为而尊贵。
 最新文章