རྗེ་བཙུན་སྒྲོལ་མའི་དུས་ཆེན། 至尊度母殊胜日

美体   其他   2024-10-26 05:59   四川  




དེ་རིང་ནི་བོད་ཟླ་བརྒྱད་པའི་ཚེས་ཉེར་ལྔ་སྟེ་མཁའ་འགྲོ་འབུམ་ཕྲག་དང་རྗེ་བཙུན་སྒྲོལ་མའི་དུས་ཆེན་ཡིན་པས་དགེ་སྡུག་གང་བསྒྲུབ་ཀྱང་ས་ཡ་འབུམ་དུ་འཕེལ་བར་གསུངས་སོ།།


今天是藏历八月二十五日(10月26日)十方空行母等至尊圣度母的殊胜加持日,无论行善与恶都会变动一千一百万倍。


དེ་ཡང་རྗེ་བཙུན་སྒྲོལ་མ་ནི་མཁའ་འགྲོ་མ་རྣམས་ཀྱི་མཚོན་བྱེད་ཡིན་པ་མ་ཟད་འཇིག་རྟེན་སྐྱེས་མའི་རིགས་ཏེ་སེམས་ཅན་ཀུན་སྒྲོལ་བའི་ཕྱིར་ཏུ་བུད་མེད་ལུས་རྟེན་གྱི་ཚུལ་དུ་སངས་རྒྱས་པ་ཞིག་ཡིན་ལ། འདིས་ནི་བུད་མེད་ཡིན་ཀྱང་ཆོས་དགེ་བ་ཅི་བཞིན་ཉམས་སུ་བླང་ན་སངས་རྒྱས་ཐུབ་པ་མཚོན་ཡོད།


度母是一切空行母的象征,为了解救凡夫女性以及一切众生而化身为女性的唯一功德加持无量无边的佛母,她让女性们明白,只要好好修行作善,任何女生都可以成为女性佛陀。



བུད་མེད་རྣམས་ཀྱི་གཙོས་གང་ཟག་སུ་ཞིག་གིས་རྗེ་བཙུན་སྒྲོལ་མ་ལ་སེམས་རྩེ་གཅིག་གིས་གསོལ་བ་བཏབ་ན་ཚེ་འདི་ཕྱིའི་འདོད་དོན་ཅི་དང་ཅི་བསམ་པ་ཐམས་ཅད་མྱུར་ཏུ་འགྲུབ་པར་འགྱུར་རོ།།


女性为主任何众生只要一心祈求度母,今生来世所有欲望速速实现圆满。


མདོར་ན་རྗེ་བཙུན་སྒྲོལ་མ་ནི་འཁོར་བར་གནས་པའི་སེམས་ཅན་བུ་ཕྲུག་ལྟ་བུ་རྣམས་ངན་སོང་གསུམ་གྱི་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བའི་སྙིང་རྗེ་ཅན་གྱི་ཨ་མ་དེའོ།།


反正,“至尊度母” 就如慈悲的母亲,救度三恶道的一切孩子。


རྗེ་བཙུན་སྒྲོལ་མའི་གསོལ་འདེབས་བསྡུས་པ། 

至尊圣度母略祈祷文


རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།།

至尊度母您垂念

འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།།

祈求救脱诸苦难


བསྙེན་པ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། 

心咒:嗡达热 德达热 德热娑哈

གལ་ཏེ་དད་པ་ལྡན་པའི་ངང་སྒྲོལ་མར་གསོལ་བ་འདེབས་ཤིང་སེམས་རྩེ་གཅིག་གིས་སྒྲོལ་མའི་བསྙེན་པ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་བརྗོད་ན་ངན་བསྙེན། རང་སྲོག་གཅོད་པ། འགོས་ནད་ཀྱི་ཉེས་སྐྱོན་སོགས་མི་འབྱུང་ཞིང་། སེམས་ཀྱི་སྐྱོ་སྣང་དང་འཇིགས་སྣང་མེད་པར་འགྱུར་ཞིང་རྒྱུ་ནོར་དང་དབང་ཆ་སྙན་གྲགས་སོགས་ཀྱི་ནུས་པ་གང་ཐོབ་འདོད་ན་འཇིག་རྟེན་འདིར་རྗེ་བཙུན་སྒྲོལ་མ་ལ་བརྟེན་ནས་བསྒྲུབ་པ་ནི་ཆེས་མྱུར་བའི་ཐབས་ཤེས་བླ་ན་མེད་པ་དེའོ།།

若虔诚祈祷度母,一心专念度母心咒“嗡达热德达热德热索哈”,能止息恶咒、自杀、疾病等损害,免除一切烦恼,消除心中恐惧,获得钱财、势力、名声等世间力量。当今之世,修此法之成效最为迅速。

ཡེ་ཤེས་དྲི་མེད། Py 益西智麦

བསྔོ་སྨོན།

回向

རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།།

佛母度母尊身何所依

འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།།

眷属寿量以及净土等

ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།།

尊之圣号贤善何所依

དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།

彼悉唯如吾等之所愿


 

益西智麦
人不因出生而尊贵,而是因行为而尊贵。
 最新文章