སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日

美体   2024-09-11 07:20   四川  


དེ་རིང་ནི་བོད་ཟླ་བདུན་པའི་ཚེས་བརྒྱད་དེ་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོའི་དུས་ཆེན་ཡིན་པས་དགེ་སྡིག་གང་བསྒྲུབ་ཀྱང་སྟོང་དུ་འགྱུར་ཞིང་། དེ་རིང་སངས་རྒྱས་སྨན་བླ་ལ་གསོལ་འདེབས་བྱས་ན་ནད་ཀྱི་བསྐལ་བ་ལས་ཐར་བ་དང་ཉི་ཚེ་བའི་དམྱལ་བར་ཡང་མི་སྐྱེ་ཞེས་གསུངས་སོ།།


今天(9月11日)藏历七月初八南无药师琉璃光王佛的殊胜吉祥日,无论行善与恶都会变动一千倍,今天只要一心祈求药师佛可以解脱病劫,也不会堕入孤独地狱。


གཞན་ཡང་དེ་རིང་སངས་རྒྱས་སྨན་བླའི་མཚན་སྔགས་སམ་གཟུངས་རིང་ཐུང་གང་ཞིག་ཚར་རེ་ཙམ་བཏོན་ནའང་བསྐལ་པ་སུམ་ཅུའི་སྡིག་པ་བྱང་ཞིང་གཅོད་གཏུབ་དམྱལ་བ་ལས་ཐར་ཞེས་ཀྱང་གསུངསཔས་མཚན་གཟུངས་གང་རུང་གདོན་པ་དང་སྒོ་གསུམ་གྱིས་དགེ་བ་ལ་འབད་ནུས་ན་ཕན་ཡོན་ལྷག་ཏུ་ཆེའོ།།


还有佛经中记载:若这一天中能念诵一遍南无药师佛心咒与圣号,就能忏除三十劫的恶业,并能解脱宰割地狱。


ཡེ་ཤེས་དྲི་མེད། 益西智麦

སངས་རྒྱས་སྨན་བླའི་མཚན་སྔགས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།


南无药师佛圣号: “ 炯丹迪 得银 夏巴 扎炯巴 扬达巴 作波 桑吉 曼杰喇 贝哲也 奥杰 嘉波拉 香擦洛 窍多 嘉森 且奧!”(含义:顶礼供养皈依出有坏如来应供真实圆满正等觉药师琉璃光佛)

སེམས་ཅན་ནད་པ་ཇི་སྙེད་པ།།

མྱུར་དུ་ནད་ལས་ཐར་གྱུར་ཅིག། 

愿诸病有情 速脱疾病苦

འགྲོ་བའི་ནད་ནི་མ་ལུས་པ།།

རྟག་ཏུ་འབྱུང་བ་མེད་པར་ཤོག།

亦愿众生疾 毕竟永不生



 
 

益西智麦
人不因出生而尊贵,而是因行为而尊贵。
 最新文章