དེ་རིང་ནི་དགེ་རྒན་དུས་ཆེན་ཡིན་པས་ང་ཚོའི་དགེ་རྒན་དང་པོ་ཕ་མ་གཉིས་དང་། འདས་པ་དང་ད་ལྟའི་དགེ་རྒན་སོགས་ཀྱི་བཀའ་དྲིན་དྲན་འོས། དེ་དག་གིས་ང་ཚོ་ལ་འཇིག་རྟེན་བསྟན་པ་རེད། དགེ་རྒན་ལ་གུས་བཀུར་བྱེད་པས་ཤེས་རབ་ཡོད་པར་མཚོན་ཞིང་། དེ་ཤེས་རབ་གྱི་འབྲས་བུའང་ཡིན་ནོ།།
今天是教师节,我们首先要感恩我们的第一任老师父母,再要感恩过去和现在的老师,他们给我们指明了世间法,尊敬老师是一种智慧的表现,也是智慧的成果。
ནང་བསྟན་རྗེས་འཇུག་པ་ཞིག་ཡིན་ན་ཆེས་བརྗེད་དུ་མི་རུང་བ་ནི་སངས་རྒྱས་ཀུན་འདུས་ཀྱི་བླ་མ་རེད། བླ་མ་དང་དགེ་རྒན་གཉིས་མི་འདྲ་སྟེ། སློབ་མ་སློབ་མཐར་ཕྱིན་པ་ན་དགེ་རྒན་དང་ཅི་ཡང་འབྲེལ་བ་མེད་པར་འགྱུར་མོད། བླ་མ་ནི་དེ་ལྟ་བུ་མ་ཡིན་པར་ཁྱོད་ད་དུང་འཁོར་བ་འདི་ལས་ཐར་མེད་ན། ཁྱོད་འདྲེན་པའི་ཆེད་དུ་བྱོན་ཞིང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་བླ་མས་སྐྱབས་དང་མགོན་གཉེན་བྱེད་པའོ།།
作为佛教徒并不能遗忘的是一切佛陀总集的上师,上师和老师不一样,学生一旦毕业就跟老师没有来往,而上师是只要你仍在轮回没有解脱,他一定来解救你,护你直到成佛。
དེ་རིང་ལྟ་བུའི་ཁྱད་པར་ཅན་གྱི་དུས་ཚོད་འདིར་ང་ཚོས་བླ་མ་བསྒོམ་དགོས་ཤིང་། བླ་མ་རང་ལ་ཅི་ལྟར་བཀའ་དྲིན་ཆེ་བ། ཅི་ལྟར་དྲིན་ལན་གཞལ་དགོས་པ་སོགས་བསམ་དགོས།
今天这样一个特殊日子里我们应该好好观想自己的上师,对自己有什么恩德,自己应该要怎么报答?
གལ་ཏེ་བླ་མ་མེད་ན་ང་ཚོའི་ཚེ་འདི་ལ་ཉིང་དགོས་ཅི་ཡང་མེད་དེ་ཐར་བ་དང་བར་ཐག་ཅེ་རིང་དུ་འགྱུར་བས་སོ།། གལ་ཏེ་མཚན་ལྡན་གྱི་བླ་མ་ཞིག་ཡོད་ན་དེ་ལས་ཅི་ཡང་མི་དགོས་པར་ང་ཚོ་དེ་གཅིག་པུ་ལ་བརྟེན་ནས་མཐར་ཐུག་ཐར་བ་ཐོབ་ནུས་སོ།།
如果没有上师,我们的此生注定不会有意义,离解脱越来越远;如果有一个具德上师,我们不再迷茫,依靠他便能可以永恒解脱轮回。
ཡེ་ཤེས་དྲི་མེད། by 益西智麦