དེ་རིང་བོད་ཟླ་དགུ་པའི་ཚེས་གཅིག་ནི་སངས་རྒྱས་ཏིང་ངེ་འཛིན་གྱི་དགེ་སྡུག་བརྒྱ་འགྱུར་དུས་ཆེན་ཡིན་ལ། ཟླ་བ་འདི་ནི་ནང་པའི་ཆེས་ཁྱད་འཕགས་ཀྱི་དུས་ཆེན་བཞི་ལས་བདག་ཅག་གི་སྟོན་པ་མཆོག་སུམ་ཅུ་རྩ་གསུམ་ལྷ་ཡུལ་ཏུ་ཡུམ་གྱི་སྐྱེ་བ་སོགས་ལྷ་རྣམས་ལ་ཆོས་བསྟན་ཏེ་བདེ་བ་ལ་བཀོད་ནས་སླར་མི་ཡུལ་དུ་ལྷ་ལས་བབས་པའི་ཟླ་བ་ཡིན་པས། ཚོགས་བསགས་སྒྲིབ་སྦྱོང་བྱེད་ན་ཕན་ཡོན་དུང་བཅུར་འགྱུར་བར་གསུངས་པས་དགེ་སྒྲུབ་ཀྱི་གོ་སྐབས་ཆེས་བཟང་བ་དེའོ།།
今天是藏历九月初一(11月2日)不光是禅定王佛的殊胜吉日,作何善恶成百倍。这整个月(11月2日—12月1日)也是佛教最殊胜的四大吉祥月之一,我等本师释迦牟尼佛在三十三天界,为了母亲等天众解脱而讲法后,返回人间的天降月,功德增上十亿倍,清净业障,积累福德,资粮的绝佳时机。
དེ་ཡང་ཟླ་བ་འདི་མ་ལ་དྲིན་ལན་འཇལ་བའི་ཟླ་བ་ཉིད་དུ་གྱུར་ཡོད་སྟབས། འདིའི་ནང་དུ་དགེ་བ་ཅི་ནུས་ནས་བསྒྲུབ་པ་དང་། ལྷག་ཏུ་ཕ་མ་གཉིས་ལ་ཞབས་ཏོག་ཅི་འགྲུབ་གྱི་ཁ་ཉན་ཚིག་བརྩི། ཕ་མ་གཉིས་སོགས་མཐའ་ཡས་པའི་སེམས་ཅན་དོན་དུ་དགེ་བ་རེ་ལ་འཇུག་པ་ཧ་ཅང་གལ་ཆེའོ།།
这个月也称报母恩之月,不止要多行善业,尤其是赡养父母,恭顺听从,报答现在的父母的同时,以父母为主无边的众生而做一些善业是特别重要。
ཡེ་ཤེས་དྲི་མེད། 益西智麦