ཟླ་འཛིན་དང་དུས་ཆེན། 月食+阿弥陀佛吉日

美体   其他   2024-09-18 05:59   四川  

དེ་རིང་ནི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་སྟེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དུས་ཆེན་ཡིན་པས་དགེ་སྡིག་གང་བསྒྲུབ་ཀྱང་བྱེ་བར་འགྱུར་བ་མ་ཟད། ཟླ་འཛིན་ཡང་ཡོད་པས་དགེ་སྡུག་གང་བསྒྲུབ་ན་དུང་དུ་འགྱུར་རོ།། དེས་ན་དེ་རིང་གི་སྐབས་སུ་ཀུན་བཟང་སྨོན་ལམ་བཏོན་ན། དེ་ཉིད་ལས། སྨོན་ལམ་སྟོབས་ཆེན་འདི་བཏབ་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བ་གསུམ་དུ་མངོན་འཚང་རྒྱ༔ ཞེས་གསུངས་པས། འོག་གི་དེ་རིང་གི་ཆོས་སྐལ་དེ་ངེས་པར་ཚར་རེ་གསུང་རོགས།


今天是藏历七月十五日(9月18日)怙主无量光阿弥陀佛的殊胜吉日无论行善与恶都会变动一千万倍。今天也有月食,无论行善与恶都会增长一亿倍。若能在月食和日食时念诵《普贤王如来原文》,原文中说:发起如是广大愿,闻此原文诸有情,于三世之内即成佛。所以请无论如何都要念一遍下面的如来原文。


དེ་ཡང་དེ་རིང་ལ་རྒྱུད་ལྔའི་དེད་དཔོན་ཚངས་པ་ཀུན་རིག་སྔར་བཞིན་མྱུལ་ཏེ། དེར་སྣང་བ་མཐའ་ཡས་ཀྱི་མཚན་སྔགས་ཀྱིས་བསྐལ་བ་ཉིས་བརྒྱའི་སྡིག་པ་བྱང་ཞིང་གྲང་དམྱལ་དུ་མི་སྐྱེ་བར་གསུངས་པས་ཀུན་ཀྱིས་དུས་སྐབས་འདི་དམ་འཛིན་བྱེད་ནས་མཚན་སྔགས་གདོན་པ་དང་བདེ་ལྡན་ཞིང་དུ་སྐྱེ་བའི་རྒྱུ་བཞི་རྟེན་ཚོགས་ཞིང་གསལ་འདེབས་པ། ཚོགས་བསགས་སྒྲིབ་སྦྱང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། རྐྱེན་སྨོན་ལམ་རྣམ་པར་དག་པ། ཉམས་སུ་ལེན་པ་ཧ་ཅང་གལ་ཆེའོ།། 


还有五类首领梵天遍知之前一样在侦探,这时若念一遍无量光佛圣号,能消除二百劫的业力,解脱八热地狱。所以念一遍圣号与修往生四因(谓明观福田,积资净障,发菩提心,发清净缘)极为重要。

观世音菩萨




ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས།།

ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ།།

右手放光化观音

复化百俱胝观音


至尊绿度母




ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ།།

ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད།།

左手放光化度母

复化百俱胝度母


莲花生大士




ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་།།

ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད།།

心间发光化莲师 

复化百俱胝莲师


མཚན་སྔགས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། བསྙེན་པ་ནི། ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ

圣号:(藏语)丹迪 得银夏巴 扎炯巴 扬达巴 作诐桑吉 滾诐奧华德美巴拉 香擦洛 窍多 嘉森且奧(含义)顶礼供养皈依出有如来应供真实圆满正等觉怙主无量光佛 心咒: 阿弥 得哇 阿耶 色德 吽


སངས་རྒྱས་འོད་དཔག་མེད་ནི་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཡིན་པས་གསོལ་འདེབས་དང་སྐྱབས་འཇུག་ཞུས་ན་དུས་གསུམ་སངས་རྒྱས་ཀུན་གྱིས་བྱིན་རླབས་འཇུག་པ་ཡིན་ཞིང་མཚན་ཙམ་དྲན་པའམ་ཐོས་པས་ཚེ་རིང་བ་ནད་མེད་པ། བསོད་ནམས་འཕེལ་བ། མཐར་བདེ་ནས་བདེ་བར་བགྲོད་དེ་མངོན་པར་རྫོགས་པའི་གོ་འཕང་འཐོབ་བོ།།


阿弥陀佛是三世诸佛的本体师,祈祷就能得到所有佛的加持!凡是闻思阿弥陀佛名号,今生长寿,健康无病、增长福报、来世往生极乐,得到究竟佛果。


ཡེ་ཤེས་དྲི་མེད། by 益西智麦

ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོས་འཁོར་བའི་སེམས་ཅན་རྣམས་སངས་མི་རྒྱ་བའི་དབང་མེད་པའི་སྨོན་ལམ་ཁྱད་པར་ཅན་འདི་གསུངས་སོཿ

ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿ

ཞེས་གསུངས་སོཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་བསྟན་པའི་རྒྱུད་ལས་སྨོན་ལམ་སྟོབས་པོ་ཆེ་བཏབ་པས་སེམས་ཅན་ཐམས་ཅད་སངས་མི་རྒྱ་བའི་དབང་མེད་པར་བསྟན་པའི་ལེའུ་དེ་དགུ་བ་བའོཿ  ཞེས་རིག་འཛིན་རྒོད་ལྡེམ་ཅན་གྱིས་ཟང་ཟང་ལྷ་བྲག་གི་དབུས་བསེ་སྒྲོམ་སྨུག་པོའི་ནང་ནས་སྤྱན་དྲངས་པའི་ཀུན་བཟང་དགོངས་པ་ཟང་ཐལ་གྱི་རྒྱུད་ལས་ཁོལ་ཏུ་ཕྱུངས་པའོ།།



益西智麦
人不因出生而尊贵,而是因行为而尊贵。
 最新文章