གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་ནས་མཆོད་རྟེན་མང་པོའི་གནའ་ཤུལ་རྙེད།

政务   2024-09-03 15:30   青海  
ཉེ་ཆར། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པ་གཏིང་ཟབ་སྤེལ་བ་དང་བསྟུན་ནས། ས་དགའ་རྫོང་རིག་དངོས་ཡོངས་བཤེར་རུ་ཁག་གིས་རྫོང་ཁོངས་སུ་མཆོད་རྟེན་མང་པོའི་གནའ་ཤུལ་རྙེད་པ་དང་། དེ་མིན་བཟོ་རྩལ་ཐུན་མོང་མ་ཡིན་པའི་ཚ་ཚ9380རྙེད་པ་དེ་དག་ས་གནས་དེ་གའི་ཆོས་ལུགས་རིག་གནས་དང་། སྒྱུ་རྩལ་འཕེལ་རྒྱས། དེ་བཞིན་ལོ་རྒྱུས་ཀྱི་འཕེལ་རིམ་བཅས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ཚ་ཚ་དེ་དག་གི་གལ་ཆེའི་རང་བཞིན་དང་མིག་སྔའི་ཁོར་ཡུག་ལ་དམིགས་ནས། ས་དགའ་རྫོང་རིག་དངོས་ཡོངས་བཤེར་རུ་ཁག་གིས་ཆེད་ལས་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་ཡོད། མིག་སྔར། རྩད་ཞིབ་དང་འཚོལ་བསྡུ། གཙང་བཤེར། ལེགས་སྒྲིག་བཅས་རགས་ཙམ་བྱས་པ་བརྒྱུད། ཚ་ཚ་དེ་དག་གནས་སྐབས་ཉར་ཚགས་ཆ་རྐྱེན་འཛོམས་པའི་བཀྲ་ཤིས་ལྷུན་པོ་དགོན་པར་དབོར་ནས་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད།
རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་སྐོར་སྐྱོད་རུ་ཁག་གི་ཆེད་མཁས་པ་སྐལ་བཟང་དབང་འདུས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། ཚ་ཚ་དེ་དག་ལོ་རྒྱུས་རིང་ཞིང་གྲངས་འབོར་མང་ལ་སྣ་ཁ་ཡང་མང་པོ་ཡོད་པས། ལོ་རྒྱུས་དང་སྒྱུ་རྩལ། རིག་གཞུང་བཅས་ལ་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་དང་རིམ་པ་གསུམ་པའི་རིག་དངོས་ཞིབ་དཔྱད་གཏན་འཁེལ་གྱི་ཚད་གཞི་དང་མཐུན་ཡོད་ཟེར།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章