མཚོ་སྔོན་གྱིས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་།

政务   2024-09-03 17:42   青海  


མཚོ་སྔོན་གྱིས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ཆེ་རུ་བཏང་ནས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་ཁུར་པོ་རྒྱུན་མཐུད་ངང་ཇེ་ཡང་དུ་བཏང་།

ཟླ9པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་གནས་ཚུལ་སྤེལ་དོན། སྨན་བཅོས་འགན་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། སྨན་བཅོས་འགན་བཅོལ་བཅོས་སྒྱུར་གྲུབ་འབྲས་ཀྱིས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལ་ཕན་པ་སྔར་ལས་མང་བོ་ཐོབ་ཆེད། ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་ཅུས་ཀྱིས་སྨན་བཅོས་ཀྱི་དཀར་ཆག་འགུལ་རྣམ་ལེགས་སྒྲིག་བྱ་བ་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་པ་དང་། ལེགས་སྒྲིག་བྱས་རྗེས། རང་ཞིང་གི་སྨན་བཅོས་ཞབས་ཞུའི་ལས་གཞི་དང་སྨན་སྤྱོད་རྒྱུ་ཆ་འགན་བཅོལ་དཀར་ཆག་ནང་བཅུག་པ་དེས་བསྡུར་ཚད་སོ་སོར87%དང68%ཟིན་ཡོད།

ཐེངས་འདིའི་སྨན་བཅོས་འགན་བཅོལ་དཀར་ཆག་འགུལ་རྣམ་ལེགས་སྒྲིག་བྱ་བས་ལས་གཞིའི་བྱེད་ནུས་ངེས་གནས་དང་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ། བདེ་འཇགས་ཀྱི་བྱེད་ནུས། ཐེབས་རྩའི་ཐེག་ནུས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ། དྲག་ཚད་མཐོ་ཞིང་སྒྲ་བརྒལ་ཚ་སེལ་གྱི་སྐྲན་ནད་སྨན་བཅོས་དང་ཁམས་དམར་འདྲེན་སྦུག་ཤར་གཏོང་གཤག་བཅོས། སྒྲ་སྐྱེད་འགོག་རྐྱེན་སྦྱོང་བརྡར་སོགས་སྨན་བཅོས་ཞབས་ཞུའི་ལས་གཞི138དང་འདར་སེལ་ཆས་དང་ཕྲུ་སྐྱི་སོགས་སྨན་སྤྱོད་རྒྱུ་ཆ་རིགས8རང་ཞིང་གི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་སུ་འཇུག་རྒྱུ་རེད། 2024ལོའི་ཟླ10པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

来源/青海日报 青海新闻网 责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章