མཚོ་བྱང་ཁུལ་ལ་དྲོད་ཚད་མར་ཆག་པ་དང་ཁ་བ་འབབ་པ། རླུང་གཡུག་པ་སོགས་ཀྱི་གནམ་གཤིས་འབྱུང་རྒྱུ་རེད།
གཅིག གནམ་གཤིས་སྔོན་བརྡ།
མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས། སྔོན་དཔག་བྱས་ན་ཚེས1ཉིན་གྱི་དགོང་མོ་ནས་ཚེས2ཉིན་བར་མཚོ་བྱང་ཁུལ་ལ་དྲོད་ཚད་མར་ཆག་པ་དང་ཁ་བ་འབབ་པ། རླུང་གཡུག་པ་སོགས་ཀྱི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། ཁུལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ2ནས4བར་མར་ཆག་རྒྱུ་རེད། སྔོན་བརྡ་ལྟར་ན་ཐེངས་འདིའི་བརྒྱུད་རིམ་ནང་རིམ་རྩིས་བྱས་ན་ཁ་བ་འབབ་ཚད་ཧའོ་སྨི0.1ནས4.5བར་ཟིན་པ་དང་། ཁངས་གསོག་ཐེབས་ཚད་ལི་སྨི1ནས4བར་མང་དུ་ཕྱིན་པ་དང་ཁ་བ་འབབ་ཚད་གཙོ་བོ་ཚེས2ཉིན་གྱི་དགོང་མོ་རེད། ཚེས2ཉིན་གྱི་ཕྱི་དྲོར་མདའ་བཞི་དང་རྐང་ཚ་ས་ཁུལ་ལ་རིམ་པ5ནས6བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་རེད།
ཁ་བ་འབབ་པ་དང་དྲོད་ཚད་མར་ཆག་པ། རླུང་གཡུག་པ་བཅས་ཀྱི་གནས་ཚུལ། ཚེས1ཉིན་གྱི་དགོང་མོར་འཇུ་ལག་ལ་ཁ་བ་ཆུང་ཆུང་འབབ་པ་དང་ས་ཁུལ་གཞན་དག་ཏུ་སྤྲིན་མང་རྒྱུ་ཡིན་ཞིང་། ཚེས2ཉིན་འཇུ་ལག་ལ་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད། མདོ་ལར་ཁ་བ་ཆུང་ཆུང་འབབ་རྒྱུ་ཡིན་ཞིང་། མདའ་བཞི་དང་རྐང་ཚར་ཁ་ཐོར་རང་བཞིན་གྱི་ཁ་བ་འབབ་རྒྱུ་རེད། ཁུལ་ཡོངས་ཀྱི་ཉིན་རེའི་ཆེས་མཐོ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ2ནས6བར་མར་ཆག་པ་དང་། ཕྱི་དྲོར་མདའ་བཞི་དང་རྐང་ཚ་ས་ཁུལ་ལ་རིམ་པ5ནས6བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་རེད།
ཤུགས་རྐྱེན་ཐེབས་པའི་ལམ་དུམ་གཙོ་བོ། སྔོན་དཔག་བྱས་ན། G315、G227、G341、G213、G338、G569、S301、S209、S302、S304、S303、S205སོགས་མཚོ་བྱང་མངའ་ཁོངས་ཀྱི་ལམ་དུམ་གཞུང་ལམ་ཐོག་དར་ཆགས་ནས་གཞུང་ལམ་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས། ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་དལ་མོར་བསྐོར་དགོས།
གཉིས། དོ་ཁུར་དང་གྲོས་གཞི།
ཁ་བ་འབབ་པ་དང་དྲོད་ཚད་མར་ཆག་པའི་གནམ་གཤིས་ཀྱིས་ལམ་ངོས་སུ་ཁངས་གསོག་ཐེབས་པ་དང་། བགྲོད་ལམ་ཐོག་དར་ཆགས་ནས་མཐོང་ཚད་ཞན་དུ་ཕྱིན་ཏེ་གཞུང་ལམ་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་འབྲེལ་ཡོད་སྡེ་ཁག་གིས་གཞུང་ལམ་སྐྱེལ་འདྲེན་འགན་ལེན་བྱ་བ་ཡག་པོ་བསྒྲུབ་ནས་རླངས་འཁོར་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས།
海北州将出现降温、降雪、吹风天气
一、天气预报
受冷空气影响,预计1日夜间-2日海北州将出现一次降温、降雪、吹风天气过程,全州平均气温将下降2~4℃。根据预报,本次过程累计降雪量0.1~4.5毫米,新增积雪深度1~4厘米,降雪主要集中在2日白天;2日午后海晏、刚察地区有5~6级吹风天气。
降雪、降温、吹风分布情况:1日夜间门源小雪,其余地区多云;2日门源小到中雪,祁连小雪,海晏、刚察分散性小雪,全州日最高气温下降2~6℃,午后海晏、刚察地区有5~6级吹风天气。
主要影响路段:预计,G315、G227、G341、G213、G338、G569、S301、S209、S302、S304、S303、S205等海北境内路段将出现道路结冰,可能对公路交通造成不利影响,请过往车辆减速慢行,谨慎驾驶。
二、关注与建议
降雪、降温天气导致路面积雪、道路结冰、能见度差,将对公路交通产生不利影响,建议相关部门做好道路运输保障工作,确保车辆安全通行。
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
来源/海北州气象台
责编/格日加布
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系