རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཐོན་ཁུངས་ནི་གཞུང་ལུགས་ལྟར་ན་སྟོང་ཝ་ཁྲི2187ཡོད་ཅིང་། དེས་རྒྱལ་ཡོངས་ཀྱི3%ཟིན་པ་དང་། རང་རྒྱལ་གྱི་ཆུ་གློག་རྟེན་གཞི་གལ་ཆེན་ཞིག་ཡིན།
མིག་སྔའི་བར་དུ། རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་སྔོན་མཚམས་སུ་དེ་སྔ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ཆུ་གློག་སྒྲིག་ཆས་ཀྱི་གཞི་རྒྱ་སྟོང་ཝ་ཁྲི1000དང་། ལོ་རེའི་ཆ་སྙོམས་ཀྱི་གློག་གཏོང་ཚད་སྟོང་ཝ་དུས་ཚོད་དུང་ཕྱུར400ལ་བསླེབས་ཡོད། ཚོད་རྩིས་བྱས་ན། ལོ་རེར་དབྱང་གཉིས་ཐཱན་རྫས་ཕྱིར་འབུད་ཚད་ཏུན3800ལྷག་ཇེ་ཉུང་དུ་གཏོང་བཞིན་ཡོད།
2020ལོར། འཛམ་གླིང་གི་ཆེས་ཐོག་མའི་དྭངས་གཙང་ནུས་ཁུངས་ཀྱིས་གཙོར་བྱས་པའི་གློག་སྐྱེལ་བརྒྱུད་ལམ་སྟེ། མཚོ་སྔོན་ནས་ཧོ་ནན་ཞིང་ཆེན་བར་གྱི་སྟོང་ཧྥུ±800ཡི་ཁྱད་ཆེའི་མཐོ་གནོན་ཐད་རྒྱུག་ལས་གྲྭ་ལེགས་འགྲུབ་བྱུང་བ་དང་། གཉེར་སྐྱོང་བྱེད་མགོ་ཚུགས་པ་ནས་བཟུང་། "ལྗང་གློག་མྱུར་བགྲོད་གཞུང་ལམ"འདིས་ཀྲུང་ཡོན་ས་ཁུལ་ལ་ཁྱོན་བསྡོམས་ལྗང་གློག་སྟོང་ཝ་དུས་ཚོད་དུང་ཕྱུར600ལས་བརྒལ་བ་བཏང་ཡོད།
“ཆུ་འཛོམས་པ་དང་འོད་མང་བ། རླུང་གི་རྒྱུ་བ་ལེགས་པ། ས་རྒྱ་ཡངས་པ”བཅས་ཀྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་གང་ལེགས་བྱས་པ་བརྒྱུད། ཉེ་བའི་ལོ་ནས་བཟུང་། མཚོ་སྔོན་གྱིས་ཆུ་གློག་གིས་འདེགས་སྐྱོར་བྱེད་པ་དང་ཐོན་ཁུངས་སྣ་མང་ཕན་ཚུན་གསབ་རེས་བྱེད་པའི་འཕེལ་རྒྱས་ཀྱི་ནུས་ཁུངས་གྲུབ་ཚུལ་ཆགས་པར་སྐུལ་འདེད་བྱས་ཏེ། གནའ་ཉམས་དོད་ལ་གསོན་ཤུགས་ཀྱང་ལྡན་པའི་ས་གཞི་འདིའི་སྟེང་དུ། རྨ་ཆུའི་སྟོད་རྒྱུད་ཀྱི་དྭངས་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ངོ་མཚར་བའི་ངག་རྒྱུན་གསར་བ་ཞིག་རྩོམ་བཞིན་ཡོད།
ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系