གཉིས། མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ།(ཟླ2པའི་ཚེས3ཉིན་ནས་ཟླ2པའི་ཚེས9ཉིན་བར།)
སྔོན་དཔག་བྱས་ན་གཟའ་འཁོར་འདིའི་ནང་ཁུལ་ཡོངས་ལ་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་རེད། ཞིབ་ཕྲའི་སྔོན་བརྡ་གཤམ་གསལ་ལྟར།
ཟླ2པའི་ཚེས3ནས་ཚེས4ཉིན་བར། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད། མདའ་བཞི་དང་རྐང་ཚ་ལ་རིམ་པ6ནས7བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། རིམ་པ8ཡན་གྱི་ཐོད་རླུང་གཡུག་རྒྱུ་རེད།
ཟླ2པའི་ཚེས5ཉིན། ཁུལ་ཡོངས་ལ་སྤྲིན་མང་རྒྱུ་རེད། ཆ་སྙོམས་དྲོད་ཚད2℃ནས4℃བར་ཇེ་དམའ་རུ་འགྲོ་རྒྱུ་རེད།
ཟླ2པའི་ཚེས6ནས་ཚེས7ཉིན་བར། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད།
ཟླ2པའི་ཚེས8ནས་ཚེས9ཉིན་བར། མདོ་ལ་དང་འཇུ་ལག་ལ་ཁ་ཐོར་རང་བཞིན་གྱི་ཁ་བ་ཆུང་ཆུང་འབབ་པ་དང་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད། དེའི་ནང་མདའ་བཞི་དང་རྐང་ཚ་ལ་རིམ་པ5ནས6བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། རིམ་པ7ཡན་གྱི་ཐོད་རླུང་གཡུག་རྒྱུ་རེད།
2.ཟླ2པའི་ཚེས8ཉིན་ནས་ཚེས9ཉིན་བར། མདོ་ལ་དང་འཇུ་ལག་ལ་ཁ་བ་འབབ་པའི་གནམ་གཤིས་བྱུང་ནས་བགྲོད་ལམ་ཐོག་གངས་གསོག་ཐེབས་པ་དང་དར་ཆགས་སླ་བ། མཐོང་ཚད་ཇེ་དམའ་རུ་འགྲོ་བས། ཕྱིར་བསྐྱོད་མི་སྣས་སྔ་མོ་ནས་བགྲོད་ལམ་འཆར་འགོད་བྱས་ཏེ་འགོག་ཟོན་ཡག་པོ་བྱེད་དགོས།
3.གཟའ་འཁོར་འདིར་དྲོད་ཚད་ཅུང་དམའ་བས། སྤྱི་དམངས་ཀྱིས་གྲང་འགོག་དྲོད་སྲུང་བྱེད་པར་དོ་སྣང་བྱེད་དགོས་པ་དང་ཆམ་ནད་སྔོན་འགོག་བྱེད་དགོས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州气象台
责编/彭毛才旦
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系