དགུན་ཉི་ལྡོག་གི་དུས་ཆེན་གསལ་བརྡ་དང་ཆེད་ཕུལ་གྱི་ཟབ་ཆོས་བྱིན་ཆེན།

文化   2024-12-20 21:19   四川  

དགུན་ཉི་ལྡོག་དང་ཚེས་བཅུ་དུས་ཆེན།

གོ་སྐབས་མ་ཤོར་བ་མཛོད།
 སྤྱི་ཟླ་12/21དང་། བོད་ཟླ་བཅུ་པའི་ཚེས་ཉེར་གཅིག་ནི། དགུན་ཉི་ལྡོག་གི་དུས་ཁྱད་པར་ཅན་ཡིན་པས། ཉིན་འདིར་དགེ་སྡིག་གང་བྱས་འགྱུར་ཤིན་ཏུ་ཆེ་བས། ཀུན་གྱིས་སྡིག་པ་མི་དགེ་བའི་ལས་འཛེམས་ཤིང་། ཁྱད་པར་དུ་ཀུན་བཟང་སྨོན་ལམ་འདོན་པ་སོགས་རྣམ་དཀར་དགེ་བའི་ལས་ལ་འབད་པ་ཤིན་ཏུ་གལ་ཆེའོ།།

ལྷག་ཏུ་ཉི་ཟླ་གཟའ་ཡིས་བཟུང་བའི་ཉིན་མོར་ཀུན་བཟང་སྨོན་ལམ་འདོན་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། སྤྱིར་སྨོན་ལམ་དེ་ཉིད་བཏོན་པའི་ཕན་ཡོན་དང་བྱེ་བྲག་ཉི་ཟླ་གཟའ་འཛིན་གྱི་སྐབས་སུ་བཏོན་པའི་ཕན་ཡོན་ནི། དེ་ཉིད་ལས། ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔ འཁྲུལ་མེད་རིག་པ་རང་གསལ་ནས༔སྨོན་ལམ་སྟོབས་ཅན་འདི་བཏབ་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔སྐྱེ་བ་གསུམ་ནས་མངོན་འཚང་རྒྱ༔ཉི་ཟླ་གཟའ་ཡིས་ཟིན་པའམ༔སྒྲ་དང་ས་གཡོས་བྱུང་བའམ༔ ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔ ཀུན་གྱིས་ཐོས་པར་འདི་བརྗོད་ན༔ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ རྣལ་འབྱོར་ང་ཡི་སྨོན་ལམ་གྱིས༔སྡུག་བསྔལ་རིམ་གྱིས་གྲོལ་ནས་ཀྱང་༔ མཐའ་རུ་སངས་རྒྱས་ཐོབ་པར་ཤོག༔ཅེས་གསུངས་པ་བཞིན་སྨོན་ལམ་ཁྱད་པར་ཅན་དེ་ཉིད་མ་མཐའ་ཡང་ཚར་རེ་གདོན་རྒྱུ་གལ་ཆེ་བས་ཀུན་གྱིས་དེ་བཞིན་ཐུགས་ལ་འཛིན་པར་ཞུ།


ཨ་ཧོ:阿吙


ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔  འཁྲུལ་མེད་རིག་པ་རང་གསལ་ནས༔

今後大威瑜伽士,無迷本覺自明中,

སྨོན་ལམ་སྟོབས་ཅན་འདི་བཏབ་པས༔  འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔

發出如是大力願,聞此一切有情眾,

སྐྱེ་བ་གསུམ་ནས་མངོན་འཚང་རྒྱ༔  ཉི་ཟླ་གཟའ་ཡིས་ཟིན་པའམ༔ 

三生之內現成佛。值遇日蝕或月蝕,

སྒྲ་དང་ས་གཡོས་བྱུང་བའམ༔  ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔

風雷咆哮地震動,冬至夏至或除夕,

རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔  ཀུན་གྱིས་ཐོས་པར་འདི་བརྗོད་ན༔

自身觀修普賢王,若皆聽聞此念誦,

ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔  རྣལ་འབྱོར་ང་ཡི་སྨོན་ལམ་གྱིས༔

三界一切有情衆,以此瑜伽誓願力,

སྡུག་བསྔལ་རིམ་གྱིས་གྲོལ་ནས་ཀྱང་༔  མཐའ་རུ་སངས་རྒྱས་ཐོབ་པར་ཤོག༔

痛苦漸次盡脫離,究竟證悟皆成佛。

ཀུན་བཟང་སྨོན་ལམ།



格言乐园
ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་སུ་ཕེབས།想感受大德高僧们的教言,请关注《格言乐园》公众平台🙏
 最新文章