࿑ བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་སྟེ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཚེས་ཁྱད་པར་ཅན་ཡིན་པས། མགོན་པོ་མཆོག་ལ་གདུང་བའི་རྗེས་དྲན་དང་མཆོད་པའི་ཚོགས་རྫོགས་ཕྱིར་རྗེས་འཇུག་དག་གིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་དམ་པ་གསུམ་གྱིས་རྩིས་ཟིན་པར་བྱའོ།།
ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པའི། །
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །
རྒྱལ་བས་བསྔགས་པའི་ལམ་བཟང་འདི་ཉིད་ལས། །
སྐད་ཅིག་ཙམ་ཡང་བཟློག་པར་མ་གྱུར་ཅིག །
公元1419年,藏历十月二十五日,宗大师圆寂。痛失导师的人们开始在每一年的藏历十月二十五日都供灯纪念。燃灯节,就是宗喀巴大师的纪念日。
这一天没有过多的欢庆,更多的是思念与缅怀。人们燃起无数盏酥油灯,许愿佛法长明不灭,宗大师的圣教不衰,让象征着智慧的光明,照破愚痴黑暗,令智慧与福德增长。
ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད།
ཨོཾ་སྭ་སྟི།
མ་ལུས་ཕྱོགས་དུས་རྒྱལ་བའི་མཁྱེན་རབ་གང་། །
གཅིག་བསྡུས་རྗེ་བཙུན་ངག་གི་དབང་ཕྱུག་ནི། །
ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ། །
མཚུངས་མེད་བློ་བཟང་རྒྱལ་བའི་དབང་པོ་ཁྱོད། །
རྙོག་བྲལ་ཡིད་ཀྱི་རྒྱ་མཚོ་དྭངས་བའི་ངོས། །
དད་པའི་འདབ་སྟོང་བཞད་པའི་གེ་སར་ལ། །
དགྱེས་པར་བཞུགས་ནས་མོས་ལྡན་བདག་ཅག་གིས། །
བསྟོད་པའི་མེ་ཏོག་འཐོར་ལ་ཡུད་ཙམ་དགོངས། །
སྟོན་པ་མཆོག་དེས་དཔག་མེད་དཀའ་བ་ཡིས། །
བསྒྲུབས་པའི་ཆོས་ཚུལ་ཡིད་བཞིན་རིན་པོ་ཆེ། །
བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་འགོད་པའི། །
སྙིང་སྟོབས་རྡོ་རྗེའི་དམ་བཅའ་ཁྱོད་ཀྱིས་བཞེས། །
རྒྱུ་སྐར་ཕྲེང་བར་རྒྱུ་སྐར་བདག་པོ་བཞིན། །
རྒྱལ་སྲས་རྒྱ་མཚོའི་དབུས་ན་ཁྱོད་ཉིད་ནི། །
རྒྱལ་བའི་རྒྱལ་ཚབ་གཅིག་པུར་བསྔགས་པ་ཡི། །
སྒྲ་དབྱངས་མཐའ་ཡས་རྒྱལ་བའི་ཞིང་ཀུན་གྲགས། །
རྨད་བྱུང་རྒྱལ་སྲས་ཐུ་བོའི་རྣམ་ཐར་མཐའ། །
རྫོགས་ཀྱང་ད་དུང་བྱིས་པའི་རོལ་རྩེད་ཀྱིས། །
བསྟན་ལ་རིམ་གྱིས་སློབ་པའི་བརྫུ་བག་འདིས། །
ཡང་དག་ལམ་ལ་སྐྱེ་བོའི་ཚོགས་ཀུན་དྲོངས། །
རབ་འབྱམས་མདོ་དང་རྒྱུད་སྡེའི་ཟབ་རྒྱས་གནད། །
ཇི་བཞིན་མ་ནོར་འབྱེད་པའི་རྣམ་དཔྱོད་ཀྱིས། །
མང་དུ་ཐོས་པ་རྒྱ་མཚོའི་ཚུལ་འཆང་བས། །
ལེགས་བཤད་བྱེ་བའི་ཆུ་ཀླུང་གནས་སུ་གྱུར། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིཊ།
米昧则维叠钦坚仁塞
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།
智美钦毕汪波降比央
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག
堆部玛律江则桑围达
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།
冈津剋比邹晋宗喀巴
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།
洛桑扎比肖拉索瓦叠