࿑ ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། ཁ་འདོན་དང་དགེ་སྐུལ། འཚོ་བའི་རྒྱུན་ཤེས། གསར་འགྱུར། ཆོས་ཁྲིད་སོགས་བརྩམས་ཆོས་སྣ་མང་ཞིག་སྤེལ་བཞིན་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་རྒྱབ་སྐྱོར་གྱི་ཚུལ་དུ་རང་གི་ཡིད་ལ་འཐད་པའི་བརྩམས་ཆོས་དག་གཞན་ལ་ངོ་སྤྲོད་དམ་བརྒྱུད་སྤེལ་རེ་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
འཛམ་གླིང་ཨེ་ཛིའི་ཉིན་མོ་ནི་སྤྱི་ལོ༡༩༨༨ལོའི་ཟླ་དང་པོར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱིན་ཇིའི་རྒྱལ་ས་ལིན་ཏིན་ནས་རྒྱལ་ཁབ་༡༤༠ཡི་དབུ་ཁྲིད་ཆེ་གྲས་འདུས་པའི་ཚོགས་ཆེན་ཞིག་འཚོགས་ཤིང་། ཚོགས་ཆེན་དེའི་སྟེང་དུ་ལོ་རེའི་ཟླ༡༢པའི་ཚེས༡ཉིན་ནི་འཛམ་གླིང་ཨེ་ཛིའི་ཉིན་མོ་ཡིན་པ་གཏན་འཁེལ་བྱས་པ་རེད།དེ་ལྟར་གཏན་འཁེལ་བྱ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་གང་ཡིན་ཞེ་ན།
གཅིག ཨེ་ཛིའི་ནད་ཡམས་དེ་གོ་ལ་ཧྲིལ་པོར་སྔོན་འགོག་དང་ཚོད་འཛིན་བྱ་ཐུབ་པ་ཞིག་ཡིན་པའི་ངེས་ཤེས་རྙེད་དུ་འཇུག་པ་དང་།
གཉིས། མི་ཚང་མར་ཨེ་ཛི་འགོག་སྲུང་བྱེད་པར་མི་སོ་སོས་རང་ཉིད་ཀྱི་སྤྱོད་ལམ་ལ་འགན་འཁུར་རྒྱུ་དེ་ཆེས་གལ་ཆེ་བའི་དོན་དག་ཅིག་ཡིན་པ་ཤེས་སུ་འཇུག་ཆེད་དང་།
གསུམ། ཨེ་ཛི་ཉིན་མོའི་དྲིལ་བསྒྲགས་བརྒྱུད་དེ་མང་ཚོགས་ལ་ཨེ་ཛིའི་ནད་དུག་ཅན་དག་ནི་ནད་ཀྱིས་འཚེ་བཞིན་པའི་སྐྱེས་བོ་ཉམ་ཐག་གི་རིགས་ཡིན་ལ། ཁོང་ཚོར་སྙིང་རྗེ་དང་བསམ་ཤེས་བྱ་དགོས་པའི་འབོད་སྐུལ་གཏོང་ཆེད་དང་།
བཞི། རྣམ་པ་ཚོས་རང་རང་རྒྱལ་ཁབ་ཀྱི་ཨེ་ཛི་འགོག་བཅོས་བསྒྲིགས་བཀོད་ལ་རྒྱབ་སྐྱོར་བྱས་ཤིང་། གོ་ལ་ཧྲིལ་བོའི་མི་དམངས་ཡོད་ཚད་ཀྱིས་མཉམ་གཅིག་ཏུ་བྱ་འགུལ་སྤེལ་ནས་ལས་ཀ་འདིར་རྒྱབ་སྐྱོར་བྱེད་དུ་འཇུག་ཆེད་བཅས་སོ། །
༡
ལུས་འབྲེལ་ལས་ཕན་ཚུན་འགོ་བ།
ཨེ་ཙི་ནད་ཀྱི་ནད་དུག་དེ་ཕན་ཚུན་ལུས་འབྲེལ་བྱུང་བ་ལས་འབྱུང་ཞིང་། ཉལ་རོགས་ཇི་ལྟར་མང་ན་ནད་དུག་ཕོག་ཚད་དེ་ལྟར་ཆེ། མིག་སྔར་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཡི་ནད་དུག་ཕོག་མཁན་དེ་དག་ནི་ཕན་ཚུན་ལུས་འབྲེལ་བྱུང་བ་ལས་འགོས་པ་རེད། རང་རྒྱལ་ད་ཕོ་མོའི་ལུས་འབྲེལ་བྱུང་བ་ལས་ཨེ་ཙི་ནད་འགོ་བའི་གནས་ཚུལ་དེ་ཇེ་མང་དུ་འགྱུར་བཞིན་པའི་སྒང་རེད།
༢
ཁྲག་རྒྱུན་བརྒྱུད་ནས་འགོ་བ།
ཨེ་ཙི་འགོས་ནད་ཀྱིས་སྦགས་པའི་ཁྲག་རྒྱུན་དང་ཁྲག་རྒྱུན་ཐོན་རྫས་རྩ་ལམ་དུ་བརྒྱབ་པ་དང་། སྡོད་རྩར་དུ་ནག་རྒྱག་མཁན་གྱིས་ཨེ་ཙི་ནད་དུག་གིས་སྦགས་པའི་སྨན་ཁབ་ཐུན་མོང་དུ་སྤྱོད་པ། དུག་སེལ་མ་བྱས་པའི་དཔྱད་ཆས་དང་འཚོ་བའི་ཉེར་མཁོའི་དངོས་རྫས་ཏེ། དཔེར་ན་ཨེ་ཙི་ནད་དུག་ཅན་དང་མཉམ་དུ་སོ་འཁྲུ་དང་ཁ་སྤུ་བཞར་སྤྱད། སྐྲ་བཞར་སྤྱད་སོགས་མཉམ་སྤྱོད་བྱེད་པ། ངོ་གདོང་མཛེས་སྤྲས་ཡོ་བྱད་བཀོལ་བ་སོགས་ལས་འགོ་ཉེན་ཆེ། རང་རྒྱལ་དུ་ཨེ་ཙི་ནད་དུག་ཕོག་མཁན་ཁྲོད་ཀྱི་བརྒྱ་ཆའི་བདུན་ཅུ་ཡི་ནད་པ་ནི་ཁབ་མགོ་མཉམ་སྤྱོད་བྱས་པ་ལས་བྱུང་བ་རེད།
༣
མ་ཡིས་བུ་ལ་འགོ་བ།
ཨེ་ཙི་ནད་དུག་ཕོག་ཡོད་པའི་བུད་མེད་ཀྱིས་མངལ་སྦྲུམ་ཡོད་པའི་སྐབས་དང་། བྱིས་པ་བཙའ་བའི་སྐབས། ནུ་མ་ལྡུད་པའི་སྐབས་བཅས་སུ་ནད་དུག་བྱིས་པ་ལ་འགོ་སྲིད། སྐྱེས་ལོ་རན་པའི་བུད་མེད་ལ་ནད་དུག་ཕོག་པའི་མི་གྲངས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཨེ་ཙི་ནད་དུག་དེ་མ་ཡིས་བུ་ལ་འགོ་བའི་གནས་ཚུལ་རང་རྒྱལ་དུ་ཉིན་རེ་བཞིན་ཚབས་ཆེན་དུ་འགྲོ་བཞིན་ཡོད་པ་རེད། ལོག་གཡེམ་བྱེད་མཁན་དང་མཚན་མའི་ནད་ཡོད་མཁན། ད་དུང་སྡོད་རྩར་དུ་ནག་རྒྱག་མཁན་བཅས་ཚང་མ་ཨེ་ཙི་ནད་འགོ་སླ་བའི་མི་ཚོགས་རེད།
为提高人们对艾滋病的认识,世界卫生组织于1988年1月将每年的12月1日定为世界艾滋病日,号召世界各国和国际组织在这一天举办相关活动,宣传和普及预防艾滋病的知识。
● 艾滋病传播的主要途径
A 性
艾滋病可通过性交(阴道交、口交、肛交)等方式在男女之间和男男间传播,性伴侣越多,感染艾滋病的危险性越大。
B 血液
共用注射器吸毒、输入被艾滋病病毒污染的血液或血制品,使用未经严格消毒的手术、注射、针灸、拔牙、纹身等进入人体的器械,都可能传播艾滋病。
C 母婴
感染了艾滋病病毒的妇女会通过妊娠、分娩和哺乳,把艾滋病病毒传染给胎儿或婴儿。