ཉེན་རྟོག་པ། དྲྭ་ལམ་དུ་རྩ་བ་ནས་སྤེལ་མི་རུང་བའི་འདྲ་པར་གྱི་རིགས་གསུམ།
གཤམ་གྱི་འདྲ་པར་འདི་གསུམ་དྲྭ་ལམ་དུ་རྩ་བ་ནས་སྤེལ་མི་རུང་། གལ་ཏེ་སྤེལ་ན་ཁྱོད་ཀྱི་ཚེ་སྲོག་དང་དཔལ་འབྱོར་ལ་ཉེན་ཁ་འབྱུང་སྲིད་པ་ཞིག་ཡིན།
གཅིག
རང་གི་ལག་ཏུ་རང་གི་ཐོབ་དཔང་དང་ཡང་ན་ཤོག་བུ་དཀར་པོ་སོགས་བཟུང་ཡོད་པའི་འདྲ་པར་གྱི་རིགས་གཏན་ནས་དྲྭ་ལམ་དུ་སྤེལ་མི་རུང་། གལ་ཏེ་སྤེལ་ན་མི་ངན་དག་གིས་དེ་ཁྱེར་སོང་ནས་བདེན་དཔང་རྫུན་མ་དང་དཔང་ཡིག་རྫུན་མ་སོགས་བཟོས་ཏེ་ཁྲིམས་འགལ་གྱི་ལས་ཀ་སྣ་ཚོགས་བསག་སྲིད་པ་རེད།
གཉིས།
གནམ་གྲུ་དང་མེ་འཁོར་སོགས་ཀྱི་འཛིན་བྱང་དྲྭ་ལམ་དུ་སྤེལ་མི་རུང་། འཛིན་བྱང་ཐོག་གི་གཤེར་རིས་ལས་ཁྱོད་མི་སྒེར་གྱི་ཡིག་ཚགས་ཁ་ཚང་མཐོང་ཐུབ་པ་ཡིན་པས་མི་ངན་དག་གིས་དམིགས་ཡུལ་ཡོད་པའི་སྒོ་ནས་དེ་དག་ཁྱེར་སོང་སྟེ་ཁྱོད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པ་རེད།
གསུམ།
རང་གི་ཁྱིམ་གྱི་ལྡེ་མིག་དང་རླངས་འཁོར་གྱི་ཨང་བྱང་སོགས་སྤེལ་མི་རུང་། གལ་ཏེ་སྤེལ་ན་མི་ངན་དག་གིས་ལག་རྩལ་བརྒྱུད་འདི་དག་ལས་ཁྱོད་ཀྱི་འགྲོ་འདུག་གི་གནས་ཚུལ་ཁ་ཚང་ཤེས་ཐུབ་པ་ཡིན་པས་ཁྱོད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བར་གོ་སྐབས་སྟེར་བ་ལྟ་བུ་རེད།