དེ་རིང་ནས་བཟུང་ཟི་ལིང་གི་མེ་འཁོར་འདི་དག་ཤར་གཏོང་སླར་གསོ་བྱས་ཡོད།

政务   2024-09-06 15:59   青海  
ཟླ9པའི་ཚེས4ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལན་གྲུ་ནས་འབྲོང་ཡུལ་དབར་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་གྱི་ཤུགས་རྐྱེན་འོག དེ་སྔ་སྐྱེལ་འདྲེན་བྱེད་མཚམས་བཞག་པའི་མེ་འཁོར་ཁག་ཅིག་སླར་གསོ་བྱ་རྒྱུ་སྟེ།
ཟླ9པའི་ཚེས6ཉིན་ནས་བཟུང་། ཞི་ཨན་བྱང་ས་ཚིགས་ནས་ཟི་ལིང་བར་གྱི་མེ་འཁོར་གཏོང་ཐེངསD2651དང་ཟི་ལིང་ནས་ཞི་ཨན་བྱང་ས་ཚིགས་བར་གྱི་མེ་འཁོར་གཏོང་ཐེངསD2660སླར་གསོ་བྱ་རྒྱུ་རེད།   

ཟླ9པའི་ཚེས7ཉིན་ནས་བཟུང་། ཞི་ཨན་བྱང་ས་ཚིགས་ནས་ཟི་ལིང་བར་གྱི་མེ་འཁོར་གཏོང་ཐེངསD2689དང་ཟི་ལིང་ནས་ཞི་ཨན་བྱང་ས་ཚིགས་བར་གྱི་མེ་འཁོར་གཏོང་ཐེངསD2698སླར་གསོ་བྱ་རྒྱུ་རེད།    

ཟླ9པའི་ཚེས7ཉིན་ནས་བཟུང་། ཞི་ཨན་བྱང་ས་ཚིགས་ནས་ཟི་ལིང་བར་གྱི་མེ་འཁོར་གཏོང་ཐེངསD2723དང་ཟི་ལིང་ནས་ཞི་ཨན་བྱང་ས་ཚིགས་བར་གྱི་མེ་འཁོར་གཏོང་ཐེངསD2724སླར་གསོ་བྱ་རྒྱུ་རེད།   
ཟླ9པའི་ཚེས6ཉིན་ནས་བཟུང་། དབྱིན་ཁྲོན་ནས་ཏུན་ཧོང་བར་གྱི་མེ་འཁོར་གཏོང་ཐེངསD2749/52དང་ཏུན་ཧོང་ནས་དབྱིན་ཁྲོན་བར་གྱི་མེ་འཁོར་གཏོང་ཐེངསD2759/8སླར་གསོ་བྱ་རྒྱུ་རེད།   
ཟླ9པའི་ཚེས6ཉིན་ནས་བཟུང་། དབྱིན་ཁྲོན་ནས་ཟི་ལིང་བར་གྱི་མེ་འཁོར་གཏོང་ཐེངསD2763/2/3དང་ཟི་ལིང་ནས་དབྱིན་ཁྲོན་བར་གྱི་མེ་འཁོར་གཏོང་ཐེངསD2764/1/4སླར་གསོ་བྱ་རྒྱུ་རེད།   
ཟླ9པའི་ཚེས6ཉིན་ནས་བཟུང་། ཟི་ལིང་ནས་དབྱིན་ཁྲོན་བར་གྱི་མེ་འཁོར་གཏོང་ཐེངསD2768/5/8དང་དབྱིན་ཁྲོན་ནས་ཟི་ལིང་བར་གྱི་མེ་འཁོར་གཏོང་ཐེངསD2767/6/7སླར་གསོ་བྱ་རྒྱུ་རེད།   
ལྕགས་ལམ་སྡེ་ཁག་གིས་རྒྱ་ཆེའི་འགྲུལ་པ་རྣམས་པར་དྲན་སྐུལ་བྱ་རྒྱུར། འབྲེལ་ཡོད་མེ་འཁོར་སྤ་སེ་འཚོང་བ་དང་དེ་བཞིན་མེ་འཁོར་གྱི་དུས་ཚོད་སོགས་ཀྱི་ཞིབ་ཕྲའི་ཆ་འཕྲིན་ཀྲུང་གོ་ལྕགས་ལམ12306དྲ་ཚིགས(12306ལག་ཁྱེར་ཁ་པར་གྱིAppཚུད་པ)ཐོ་འགོད་བྱེད་པ་དང་། མེ་འཁོར་ས་ཚིགས་ཀྱི་རང་འགུལ་སྤ་སེ་འཚོང་སའི་འཕྲུལ་ཆས་བརྒྱུད་དེ་འདྲི་རྩད་བྱེད་པའམ་ཡང་ན་ཀྲུང་གོ་ལྕགས་ལམ་གྱི12306འགྲུལ་བའི་ཞབས་ཞུའི་ཁ་པར་བརྒྱུད་དེ་འདྲི་རྩད་བྱ་ཆོག

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/西海都市报 

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章