གྲོང་ཁུལ་དུ་འགྲོ་ལམ་འགྲིམ་འགྲུལ་སྒྲིག་སྲོལ་གྱི་ཉིན་བརྒྱའི་འགག་སྒྲོལ་ཆེད་དོན་བཅོས་སྒྲིག་སྤེལ་རྒྱུའི་སྐོར་གྱི་གསལ་བརྡ།
རྒྱ་ཆེའི་གྲོང་མི་རྣམ་པ།
1.ཆང་བཏུངས་ནས་རླངས་འཁོར་གཏོང་བ་དང་། ར་བཟི་ནས་རླངས་འཁོར་གཏོང་བ། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ནན་པོ་བཟོ་བའི་ཁྲིམས་འགལ་བྱ་སྤྱོད།
2.གློག་སྒུལ་འཁོར་རིགས་དང་སྦག་སྦག་ལ་འཁོར་བྱང་དང་ལག་ཁྱེར་མེད་པ་དང་། བར་བརྒལ་དུས་ཚོད་ཀྱི་འཁོར་བྱང་བཀལ་ནས་ལམ་ཐོག་ཏུ་བསྐྱོད་པ། ཁ་ཕྱོགས་ལྡོག་སྟེ་བསྐྱོད་པ། གློག་དམར་བརྒལ་བ། གཏན་འབེབས་ཀྱི་འཁོར་ལམ་མིན་པར་བསྐྱོད་པ། སྒྲིག་འགལ་གྱིས་ཁ་བཀག་པ། ཁྲིམས་བརྒལ་གྱིས་མི་བླུགས་པ། སྦག་ཞྭ་མི་གྱོན་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད།
3.གཏན་འབེབས་ལས་བརྒལ་ནས་མི་ལ་གུས་ལུགས་མི་བྱེད་པ་དང་། སྒྲིག་འགལ་གྱིས་ཁ་བཀག་པ། ཁྲིམས་བརྒལ་གྱིས་འཁོར་ལམ་འགྱུར་བ། མི་ཚད་བརྒལ་བ། འགྲིམ་འགྲུལ་བརྡ་རྟགས་བརྒལ་བ། བདེ་འཇགས་སྲུང་ཐག་མ་བཅིངས་པ། སེར་ཐིག་གཉིས་ནས་ཁ་སྐོར་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད།
4.བོགས་གཏོང་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར་སོགས་འགྲུལ་སྐྱེལ་རླངས་འཁོར་གྱིས་སྒྲིག་འགལ་གྱིས་ཁ་བཀག་པ་དང་། ཁ་ཕྱོགས་ལྡོག་སྟེ་བསྐྱོད་པ། ཁྲིམས་འགལ་གྱིས་རླངས་འཁོར་མདུན་མ་ལས་བརྒལ་བ། གཏན་འབེབས་ལྟར་མིན་པའི་འཁོར་ལམ་ཐོག་བསྐྱོད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད།
5.ཟོག་འདྲེན་རླངས་འཁོར་ནང་འགྲུལ་པ་ཚད་བརྒལ་བ་དང་། ཁྲིམས་འགལ་གྱིས་མི་བླུགས་པ། ཁྲིམས་འགལ་གྱིས་རླངས་འཁོར་བཅོས་སྒྲིག་བྱས་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད།
6.རླངས་འཁོར་བཅོས་སྒྲིག་དང་། མཐུད་སྒྲིག་བྱས་པའི་སྦག་སྦག་འགྲོ་ལམ་ཐོག་བསྐྱོད་པ། རླངས་འཁོར་འགྲན་རྒྱུག་གིས་ལམ་ཧམ་བཟུང་བྱེད་པ་སོགས་འགྲིམ་འགྲུལ་ཁྲིམས་བརྒལ་གྱི་བྱ་སྤྱོད།
7.མྱུར་ཚད་དམའ་བའི་ཟོག་འདྲེན་རླངས་འཁོར་དང་། ཟོག་འདྲེན་རླངས་འཁོར་ཆེ་གྲས། ཉེན་ཆེའི་རྫས་འགྱུར་དངོས་པོ་དབོར་འདྲེན་བྱེད་པ་སོགས་ཀྱི་ཁ་ལོ་བས་གཏན་འབེབས་ལས་བརྒལ་ནས་བསྐྱོད་པའི་ཁྲིམས་འགལ་བྱ་སྤྱོད།
8.འགྲུལ་པས་གློག་དམར་བརྒལ་བ་དང་། གཞུང་ལམ་དཀྱིལ་ནས་བསྐྱོད་པ། སྲུང་སྒྲོམ་ལས་བརྒལ་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་ཀྱི་བྱ་སྤྱོད།
9.དེ་མིན་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ལས་གནོད་འཚེ་སྐྱེལ་བའི་ཁྲིམས་འགལ་བྱ་སྤྱོད།
གསུམ། བཅོས་སྒྲིག་བྱ་ཐབས།
1.《གསལ་བརྡ་》འདིའི་གཏན་འབེབས་ལས་འགལ་བའི་རླངས་འཁོར་ལ་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་》དང་འབྲེལ་ཡོད་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱ་རྒྱུ།
དམིགས་སུ་གསལ་བརྡ་སྤེལ།
གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་ནས།
2024ལོའི་ཟླ་12ཚེས་30ཉིན།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
སྒྲ་འཇུག ཚེ་སྒྲོན།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།