རྒྱལ་ཁབ་ཀྱིས་མཚོ་སྔོན་ལ་འབྲུབ་འགོག་མཁོ་བསྟུན་རིམ་པ4དང་ལེན་བྱས།

政务   2024-09-04 11:10   青海  

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་མཚོ་སྔོན་ལ་དམིགས་ནས་འབྲུབ་འགོག་མཁོ་བསྟུན་རིམ་པ་བཞི་བ་དང་ལེན་བྱས།

གནམ་གཤིས་སྡེ་ཁག་གིས་སྔོན་བརྡ་བཏང་བར་གཞིགས་ན། ཟླ9པའི་ཚེས4ཉིན་ནས་ཚེས5ཉིན་བར། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་དུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། ཚེས5ཉིན་ནས་ཚེས6ཉིན་བར། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་ས་ཁུལ་ཁག་ཅིག་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་ཡིན་པ་དང་ཆར་འབབ་ཁུལ་གནས་གཅིག་ལ་འབབ་པའི་ཚད་མཐོ་བ་དང་ས་ཁུལ་ཁ་ཤས་སུ་དྲག་ཆར་བབས་ནས་གནོད་འཚེ་ཕོག་པའི་ཉེན་ཁ་མངོན་གསལ་རེད།

<<རྒྱལ་ཁབ་འབྲུབ་འགོག་ཐན་འགོག་མཁོ་བསྟུན་སྔོན་ཇུས>>དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས། ཟླ9པའི་ཚེས4ཉིན་གྱི་ཆུ་ཚོད9སྟེང་མཚོ་སྔོན་ཞིང་ཆེན་ལ་དམིགས་ནས་འབྲུབ་འགོག་མཁོ་བསྟུན་རིམ་པ་བཞི་བ་དང་ལེན་བྱེད་མགོ་བརྩམས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

来源/中华人民共和国应急管理部 责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章