མདའ་བཞི་ལ་གློག་འཁྱུག་ཐོག་རྒྱག་གི་ཉེན་བརྡ་སེར་པོ་བཏང་འདུག

政务   2024-09-06 17:25   青海  

མདའ་བཞི་རྫོང་གནམ་གཤིས་ལས་ཁུངས་ཀྱིས་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད16དང་སྐར་མ55སྟེང་གློག་འཁྱུག་ཐོག་རྒྱག་གི་ཉེན་བརྡ་སེར་པོ་བཏང་བ་སྟེ། སྔོན་དཔག་བྱས་པ་ལྟར་ན་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད16དང་སྐར་མ55ནས་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད22དང་སྐར་མ55བར་མཁར་ཟུར་གསུམ་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ། གསེར་ཐང་ཡུལ་ཚོ། དཔལ་སྦྱིན་སོག་རིགས་ཡུལ་ཚོ། མཚོ་སྔོན་པོ་ཡུལ་ཚོ། ཝ་མགྱོགས་ཡུལ་ཚོ་བཅས་ལ་གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་འབྱུང་སྲིད་ལ། ས་ཁུལ་ཁ་ཤས་ལ་སེར་བ་འབབ་པ་དང་དུས་ཐུང་ནང་དྲག་ཆར་འབབ་པ། ཐོག་རྒྱག་རླུང་གཡུག་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་འབྱུང་རྒྱུ་ཡིན་པས། འབྲེལ་ཡོད་སྡེ་ཁག་དང་མི་སྣས་ཉེན་ཟོན་གྲ་སྒྲིག་ལེགས་པོ་བྱ་དགོས།

འགོག་སྲུང་ཕྱོགས་སྟོན།

1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ལས་འགན་ལྟར་ཐོག་འགོག་བྱ་བ་ལེགས་པོར་བསྒྲུབ་དགོས།

2.རི་འཛེག་སོགས་ཕྱི་རོལ་གྱི་བྱེད་སྒོ་མཚམས་འཇོག་པ་དང་། སྤྱི་གླིང་དང་རོལ་རྩེད་ཁང་སོགས་ཀྱིས་ཕྱི་རོལ་གྱི་སྒྲིག་བཀོད་བེད་སྤྱོད་བྱེད་མཚམས་འཇོག་དགོས།

3.ཕྱི་རོལ་དུ་སྡོད་མཁན་རྣམས་སྡོང་བོ་ཆེན་པོ་དང་གྱང་ངམ་ཡང་ན་ལྕགས་རིགས་ཀྱི་དངོས་པོ་ཡོད་ས་དང་རིང་དུ་གྱེས་དགོས་ཤིང་། རི་མགོ་དང་རི་ངོས། ཁང་ཀླད། ཆུ་འགྲམ་སོགས་ཀྱི་སར་འདུག་མི་རུང་བར་མ་ཟད། ལག་ཁྱེར་ཁ་པར་བེད་སྤྱོད་མི་བྱེད་པ་དང་ལྕགས་རིགས་དངོས་རྫས་སོགས་ལག་ཏུ་འཛིན་མི་རུང་།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北州气象台 

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章