མཚོ་བྱང་ཁུལ་གྱི་གལ་ཆེའི་གནམ་གཤིས་སྔོན་བརྡ།

政务   2024-09-06 17:15   青海  




གཅིག གནམ་གཤིས་སྔོན་བརྡ།

ཚ་ཁུལ་ཕལ་བའི་མཐོ་གནོན་ཕྱི་སྐོར་ལྷོ་ནུབ་དྲོད་བརླན་རླུང་རྒྱུན་དང་བྱང་ཕྱོགས་མཁའ་རླུང་གྲང་མོའི་ཐུན་མོང་གི་ཤུགས་རྐྱེན་ཐེབས་པས། སྔོན་དཔག་བྱས་ན། ཟླ9པའི་ཚེས8ཉིན་ནས་ཚེས9ཉིན་བར་ཁུལ་ཡོངས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་ཡིན་པ་དང་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། རིམ་རྩིས་བྱས་ན་ཆར་འབབ་ཚད་ཧའོ་སྨི20ནས50བར་ཟིན་རྒྱུ་ཡིན་ཞིང་། ས་ཁུལ་ཁ་ཤས་སུ་ཧའོ་སྨི60ཡན་ཟིན་རྒྱུ་རེད། ཆེས་འབབ་དུས་ཆུ་ཚོད་རེའི་ནང་ཧའོ་སྨི20ནས30བར་ཟིན་རྒྱུ་རེད། ཆར་འབབ་ཚད་གཙོ་བོ་ཚེས8ཉིན་གྱི་དགོང་མོ་ནས་ཚེས9ཉིན་གྱི་ཉིན་དཀར་བར་འབབ་རྒྱུ་ཡིན་པ་དང་། བརྒྱུད་རིམ་དེའི་ཁྲོད་དུས་ཐུང་ནང་དྲག་ཆར་དང་སེར་བ་འབབ་པ། ཐོག་རྒྱག་རླུང་གཡུག་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་འབྱུང་རྒྱུ་རེད།

གཉིས། ཤུགས་རྐྱེན་དང་དོ་ཁུར།

1.ཐེངས་འདིའི་ཆར་འབབ་ཁུལ་དེ་དུས་མགོའི་ཆར་འབབ་ཁུལ་དང་རིམ་བརྩེགས་བྱེད་སྲིད་པས་འབྲེལ་ཡོད་སྡེ་ཁག་གིས་ཆར་ཆུ་རིམ་བརྩེགས་བྱས་པ་ལས་འབྱུང་སྲིད་པའི་ས་གཤིས་གནོད་འཚེར་དོ་ཁུར་བྱས་ཏེ། ས་གཤིས་གནོད་འཚེའི་མངོན་མེད་ཉེན་ཁ་གྲལ་བཤེར་དང་ཆུ་ལོག་སྔོན་འགོག་གི་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས། འགོག་སྲུང་བྱ་ཐབས་ནུས་ལྡན་སྤྱད་དེ་ས་གཤིས་ཀྱི་གནོད་འཚེ་འབྱུང་རྒྱུར་སྔོན་འགོག་བྱེད་དགོས། 

2.ཆར་འབབ་པ་དང་གཏད་རྒྱུག་གནམ་གཤིས་ཀྱིས་མང་ཚོགས་ཕྱིར་སྐྱོད་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ཕྱུགས་ལས་ཐོན་སྐྱེད་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སྔོན་འགོག་བྱེད་དགོས།




海北州重要天气预报


一、天气预报
受副高外围西南暖湿气流及北方冷空气共同影响,预计9月8日-9日全州中到大雨,局地暴雨,过程累计降水量20~50毫米,局地可达60毫米以上,最大小时雨强20~30毫米。强降水主要集中在8日夜间至9日白天,过程期间伴有短时强降水、雷暴大风、冰雹等强对流天气。
具体预报如下:
8日:祁连、门源大到暴雨,其余地区中到大雨,最大小时雨强20~30毫米,过程期间伴有短时强降水、雷暴大风、冰雹等强对流天气;
9日:刚察、祁连、门源中到大雨,海晏中雨。
二、影响与关注
1.此次降水过程与前期降水落区重叠,相关部门需关注降水叠加可能诱发的地质灾害,提高地质灾害隐患点风险排查和山洪易发区防范的针对性,采取有效防御措施,防范地质和山洪灾害发生。
2.降水及强对流天气将对公众出行、交通运输、农牧业生产带来不利影响,需多加防范。

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北州气象台   责编/彭毛才旦

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章