མཚོ་བྱང་གི་སྡེ་ཁག་སོ་སོས་འབྲུབ་འགོག་གེཊ་སེལ་བྱ་བ་ནན་དུ་སྒྲུབ།【1】

政务   2024-09-05 17:55   青海  


ཉིན་ཤས་རིང་། བསྟུད་མར་དྲག་ཆར་འབབ་པའི་གནམ་གཤིས་དང་འབྲུབ་འགོག་གི་དུས་བབ་ཀྱི་མདུན་དུ་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོས“ཞོད་འགོག”“བཀའ་རྒྱར”བརྩིས་ཏེ། གནམ་གཤིས་རྩུབ་མོའི་མདུན་དུ་སྟོབས་ཤུགས་གཅིག་སྒྲིལ་དང་རང་འགུལ་ཧུར་བརྩོན་གྱིས་འབྲུབ་འགོག་གི་དམག་འཐབ་ཡག་པོར་བརྒྱབ་སྟེ་མང་ཚོགས་ལ་བདེ་འཇགས་ཀྱི་བར་སྟོང་མཁོ་འདོན་བྱས་ཡོད།  


ཁུལ་མཁོ་བསྟུན་དོ་དམ་ཅུས་ཀྱིས་རང་འགན་ཕྲག་ཏུ་འཁུར་ཏེ་འབྲུབ་འགོག་ལས་དོན་ལ་གཞོལ།


མཁོ་བསྟུན་དང་ལེན་བྱེད་རིང་། ཁུལ་མཁོ་བསྟུན་ཅུས་དོ་དམ་ཅུས་ཀྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་ཕྱོགས་བསྡུས་མཐུན་སྦྱོར་གྱི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བྱ་བའི་ཆེད་དོན་ཚན་ཆུང་བཙུགས་ནས་ཆུ་བེད་དང་གནམ་གཤིས། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་བདེ་སོགས་སྡེ་ཁག་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་དང་བྱ་བའི་མཉམ་ལས་ཀྱི་ལམ་སྲོལ་བཙུགས། མགོ་ཁྲིད་ལས་བྱེད་པས་རུ་སྣེ་ཁྲིད་དེ་ཆུ་ཚོད24རང་གི་མཁོ་བསྟུན་ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཤིང་། མེ་ཟོན་རོགས་སྐྱོབ་དང་དམངས་དམག་མཁོ་བསྟུན། སྤྱི་བདེ་དམིགས་བསལ་ཉེན་རྟོག་པ།  གཏེར་རིའི་མྱུར་སྐྱོབ་རུ་འབྲིང་བཅས་བསྡུ་རུབ་བྱས་ནས་བཀའ་ལ་སྒུག་ཅིང་། སྡེ་བ་རིམ་པའི(སྡེ་ཁུལ)ལས་འགན་གཅིག་ལྕོགས་སུ་ཁུར་བའི་མཁོ་བསྟུན་རོགས་སྐྱོབ་དཔུང་ཁག242དང་གཞི་རིམ་མཁོ་བསྟུན་ཤེས་མཁན། དེ་བཞིན་ཁུལ་རིམ་པའི་མཁོ་བསྟུན་བཀོད་འདོམས་རླངས་འཁོར་དང་དམིགས་བསལ་རླངས་འཁོར། མི་མེད་གནམ་གྲུ་བཅས་ཚང་མ་གྲ་སྒྲིག་བྱས་ནས་སྒུག་ཡོད་ཅིང་།  སྲུང་སྐར་ཁ་པར123ཚང་མ་སྙོམས་སྒྲིག་བྱས་་ཏེ་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་འཕྲད་སྐབས་འཕྲལ་དུ་དང་ལེན་དང་འཕྲལ་དུ་ཐག་གཅོད་བྱེད་པར་འགན་ལེན་ཏན་ཏིག་བྱས།    

དུས་ཐོག་དང་ནུས་ལྡན་སྒོས་འབོད་བརྡར་འབོད་ལན་ཡོད་པར་བྱས། ཟླ8པའི་ཚེས31ཉིན་གྱི་ཆུ་ཚོད18སྟེང་། ཁུལ་རིམ་པའི་འབྲུབ་འགོག་རིམ་པ་བཞི་པའི་མཁོ་བསྟུན་དང་ལེན་བྱེད་མགོ་བརྩམས་པ་དང་།  རྫོང་སོ་སོས་འབྲུབ་འགོག་རིམ་པ་བཞི་པའི་མཁོ་བསྟུན་དང་ལེན་བྱེད་མགོ་རྩོམ་པར་མཛུབ་ཁྲིད་གནང་ལ། “ཉིན་རེའི་གྲོས་མོལ་ཞིབ་དཔྱད”ལམ་སྲོལ་ལག་བསྟར་བྱེད་མགོ་བརྩམས་ཏེ་ཆར་ཆུའི་གནས་ཚུལ་དང་ཆུ་བྲུག་ཚུལ། གནོད་འཚེའི་གནས་ཚུལ་བཅས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ནས་དུས་བཀག་ལྟར་ཞིབ་འཇུག་དང་དབྱེ་ཞིབ་བྱས་ལ། མིག་སྔར། ཁུལ་རིམ་པའི་ཚོགས་འདུ་དང་གྲོས་མོལ་ཞིབ་དཔྱད་ཐེངས5ལ་འཚོགས་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚོགས་འདུ་དང་གྲོས་མོལབཀོད་གཏོང་ཐེངས436ལ་བྱས་ཡོད། གནམ་གཤིས་དང་མཁོ་བསྟུན་དོ་དམ་སོགས་སྡེ་ཁག་དབར་གྱི་ཆ་འཕྲིན་མཉམ་སྤྱོད་ལ་མུ་མཐུད་ཤུགས་བསྣན་ནས་གནམ་གཤིས་སྤྲིན་རིས་ཆེད་དོན་གསོ་སྦྱོང་བྱས་པ་དང་གནམ་གཤིས་སྤྲིན་རིས་གཞིར་བཟུང་སྔོན་ལ“འབོད་བརྡའི་ཞབས་ཞུ”སྤེལ་མགོ་བརྩམས་ཏེ་གནོད་འཚེའི་ཉེན་ཁ་ཏན་ཏིག་སྒོས་ཇེ་དམའ་རུ་བཏང་།     

ཉེན་གཡོལ་བྱེད་ཐབས་མཐའ་གཅིག་དོན་འཁྱོལ་ཏུ་བྱས།  ཡུལ་སྐོར་མཛེས་ལྗོངས་ཁུལ19དང་། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་ས་ཚིགས137། སྒར་འདེབས་རྟེན་གཞི29བཅས་གནས་སྐབས་སུ་སྒོ་བརྒྱབ་ལ། སློབ་ཆུང7དང་བྱིས་སྙོར་ཁང43གནས་སྐབས་སུ་སློབ་ཁྲིད་བྱེད་མཚམས་བཞག་པ་དང་། གཞི་རིམ་གྱི་བྱིས་སྙོར་ཁང64ཡི་སློབ་མགོ་རྩོམ་པའི་དུས་ཚོད་ཕྱིར་འགྱངས་བྱས་ཡོད། རྒྱལ་ལམG213ལམ་ཐིག་གི་བར་དམ་ཆུ་བོའི་ཟམ་ཆེན་དང་མདོ་ལ་རྫོང་མུ་རིའི་ཟམ་ཆེན། ཐེན་མུ་གཞུང་ལམ་ཧའེ་ལང་ཟམ་ཆེན་སོགས་ལམ་དུམ་དུ་འགྲིམ་འགྲུལ་བཀག་སྡོམ་ལག་བསྟར་བྱས་ལ།  ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག31།  ཕྱི་རོལ་གྱི་ཨར་ལས་ལས་ཡུལ་དང་ཨར་ལས་བྱ་ཡུལ146། གཏེར་རི10། གཏེར་སྙིགས་མཛོད3བཅས་གནས་སྐབས་སུ་མཚམས་བཞག་པ་དང་།  ཕྱུགས་ར་དང་ཆུ་འགྲམ། ལུང་ཤུར་བཅས་ཀྱི་སྦྲ་གུར50ཕྱིར་འཐེན་བྱས་ཏེ་ཁྱོན་མི9918གནས་སྤོ་བྱས་པ་དང་ཉེན་གཡོལ་ས་ཚིགས515བཙུགས།    

བྱ་བའི་སྟོབས་ཤུགས་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་། “རིམ་པ་ལྔའི”འགན་ལེན་འགན་འཁྲིའི་མགོ་ཁྲིད་ལ་སྐུལ་འདེད་དང་།    “1+10”སྦྲེལ་གནས་མགོ་ཁྲིད་དང་འགན་ལེན་ས་ཚིགས་སོ་སོའི་མགོ་ཁྲིད་ཀྱིས་སྡེ་བ་དང་སྡེ་ཁུལ། ཆུ་ལོག་གི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཚིགས་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་གནས་སྡོད་ལྟ་སྲུང་བྱས་ལ། རིམ་རྩིས་བྱས་ན་འཐབ་ས་དང་པོར་བསྐྱོད་པའི་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ6དང་། རྫོང་རིམ་པ་དང་དེ་མན་གྱི་ལས་བྱེད་པ2517། ཛ་དྲག “འབོད་བརྡ”བཏང་བའི་ཞི་རིམ་ལས་བྱེད་པ་མི་ཐེངས3471། ཁེ་ལས་ཀྱི་འགན་འཁུར་བ་མི་ཐེངས471བཅས་ཡོད།

གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་སྒོས་གྲལ་བཤེར་བྱས་པ། དུས་ཚོད་དང་པོའི་ནང་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆུ་ལོག་གི་གནོད་འཚེ་གནས་ས་དང་ས་གཤིས་ཀྱི་གནོད་འཚེ་གནས་ས། ཆུ་ལམ་དང་ཆུ་བོ། ཕྱུགས་འཚོ་ས། ཟམ་པ། བགྲོད་ལམ་སོགས་གཙོ་གནད་ཁག་ལ་ཡང་བསྐྱར་དྲ་འཐེན་རྣམ་པའི་སྒོ་ནས་གྲལ་བཤེར་བསྐྱར་ཞིབ་བྱེད་པར་སྐུལ་འདེད་བཏང་ལ། ཆུ་གློག་ས་ཚིགས་དང་ཆུ་ལམ་གྱི་ཆུ་རགས291དང་། ལྕགས་ལམ་དང་གཞུང་ལམ། ཟམ་པ།  ཕུག་ལམ439། གཤོང་ས་དང་ཞོད་སྐྱོན་འབྱུང་སླ་བའི་ས་ཁུལ(ས་འོག་སྦུག་ལམ)3515དང་། ཆུ་བོ་དང་བྲག་རི་ལ་ཐག་ཉེ་བའི་ཁུལ283བཅས་ལ་སྐོར་ཞིབ་བྱས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

文来源/海北祁连山报

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章