山南市一小工作简讯

文摘   2024-01-02 14:22   西藏  




山南市一小工作简讯


◆ 喜报

◆ 2024年度市级课题开题报告

◆ 家庭教育

◆ 散学典礼

◆ 校园安全大排查

◆ 退休教师座谈会

◆ 教师随笔





ལྷོ་ཁ་གྲོང་ཁྱེར་སློབ་ཆུང་དང་པོའི་ལས་ཀའི་གསར་འགྱུར་མདོར་བསྡུས།


◆  གཏམ་བཟང་།

◆  ༢༠༢༤ལོའི་གྲོང་ཁྱེར་རིམ་པའི་ལས་གཞིའི་ཁ་བྱང་སྒོ་འབྱེད་སྙན་ཞུ།

◆  ཁྱིམ་ཚང་སློབ་གསོ།

◆  སློབ་དུས་མཇུག་སྒྲིལ་མཛད་སྒོ།

◆  སློབ་རྭའི་བདེ་འཇགས་ཞིབ་བཤེར། 

◆  ལས་འཁྱུར་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ།

◆  དགེ་རྒན་གྱི་ཐོལ་བྱུང་བརྩམ་བྱ།





喜报

近日,西藏自治区教育厅发布文件《关于公布西藏自治区第三批中小学学科带头人  骨干教师  教学能手的决定》,我校教师多吉次仁被评为西藏自治区中小学学科带头人。

近日,西藏自治区教育厅、西藏自治区民族事务委员会发布文件《关于公布2023年度全区教育系统铸牢中华民族共同体意识示范校名单的通知》,我校被评为2023年度全区教育系统铸牢中华民族共同体意识示范校,我校德教处刚组主任被评为2023年度全区教育系统铸牢中华民族共同体意识模范个人。

近日,西藏自治区教育厅发布文件《关于公布教育部“双名计划”名师名校长工作室成员名单的通知》,我校教师多吉次仁入选为教育部新时代名师名校长培养计划“卓玛名师工作室”成员。

近日,山南市教育局(体育局)发布文件《关于公布2024年度山南市教育科学研究课题立项结果的通知》,我校潘泽倩、益西拉姆、次仁拉姆、米玛次仁、仁增曲珍等五位老师的课题顺利立项。

近日,山南市教育局(体育局)发布文件《关于公布2022年度山南市教育科学科研规划立项课题结题鉴定结果公示》,山南市卓玛名师工作室成员、市一小教师欧珠卓玛的市级课题顺利结题,并课题成果获二等奖。



 2024年度市级课题开题报告

科研为伴,且行且思;微光成炬,向光而行。12 月 2 5 日上午,市一小2024 年度山南市级立项课题开题报告会在 集备室召开。此次市一小共有五位教师的课题入围2024年度山南市教育研究课题。卓玛书记、潘泽倩副校长、教研室加央主任、自治区学科带头人多吉次仁老师、山南市卓玛名师工作室成员欧珠卓玛老师以及各立项课题组主持人和成员参加报告会,会议由卓玛书记主持。

会议伊始,卓玛书记宣读了2024年度山南市教育科学研究课题立项文件,并对成功立项的五个课题组表示祝贺!紧接着由各课题负责人依次陈述开题报告,五位课题负责人分别从研究背景、选题意义、国内外研究现状、核心概念、研究目标、研究内容、主要研究方法、创新及特色之处和预期成果、研究进度、研究分工等方面向老师们做了详细的阐述与汇报。会议第二项议程是专家组成员针对五位课题负责人的 课题汇报内容进行了逐一点评,并提出了极具指导性的建议。

最后,卓玛书记对五个课题顺利立项开题表示热烈祝贺! 她指出,全体课题组成员要共同努力,不断扎实理论基础, 逐步沉淀研究成果。希望五个课题组能以点带面,大兴学术研究之风,点燃科研之火,掀起研究的热潮,更好服务于一小莘莘学子,提升教师专业素养。

千里之行,始于足下,唯有学思并进,方能行稳致远。此次开题报告会给课题组提供了新思路、新方法,为课题的顺利开展奠定了良好的基础。相信在课题组勤于实践、深耕细研的努力下,市一小教科研工作一定能结出累累硕果。

图文来源:加央   



家庭教育

2023年12月27日上午,以班级为单位召开《家校携手  共育未来》为主题的家长会。





图文来源:各班班主任 



散学典礼

市一小2023—2024学年第一学期散学典礼

2023年12月27日下午,山南市一小在学术厅召开了以“快乐散学礼 平安度假期”为主题的2023—2024学年第一学期散学典礼总结大会,全体教职工参加了本次总结大会。会议由卓玛书记主持。

首先,分管教学副校长潘泽倩对本学期考试成绩作出了分析,并对本期学校教学工作作了总结,她充分肯定了这一学期以来,全校师生共同努力取得的优异成绩,并对来年寄予希望。工会主席洛桑强巴就今年学校的活动开展、工会经费的使用情况等工作也作了总结。分管安全副校长次仁觉旦对寒假期间的安全工作作了详细的布置,强调假期期间,教师要关注学生各方面安全,要时刻关注学生的状况,与家长密切沟通,做到假期安全教育不放松,齐抓共管促平安。

接着,王雪华校长对本学期学校工作进行全面细致的总结,总结中有成就分析、有亮点、有不足。还对新一年的工作提出了要求,希望全体教职工在假期要做到假而不歇,一如既往对学生做好各项安全教育,遵纪守法,健康娱乐,在教育教学工作中关爱学生,心系教育。鼓励教师要利用假期强身健体,加强学习,充实自己。

最后,卓玛书记强调,安全是一切幸福的根本和基石。在假期中,广大教师既要坚守安全红线,筑牢安全底线。遵守法律法规,做一个有社会责任感的公民;也要合理安排假期生活,多读书、多思考,树立终身学习理念,并推荐《习近平新时代中国特色社会主义思想的世界观和方法论专题摘编》《我的教育理想》《致教师》三本书。



会议在2023年度优秀教师、优秀党务工作者和优秀党员教师表彰的掌声中结束。

图文来源:袁琳




校园安全大排查

为了确保寒假期间校园安全,避免各类安全事故的发生, 我校于2023 年 12月27日下午,进行寒假前校园安全大排查。

全体校委会领导、稳安办人员以及海星物业负责人员对校园教学楼、办公楼、围墙、消防设施、电气线路、教职工宿舍等进行全面排查,对存在的安全隐患及时整改。
图文来源:罗布扎西



退休教师座谈会

2024年元月1日,学校组织召开退休教师“不负新时代  畅怀幸福晚年”主题教育座谈会。座谈会由工会主席洛桑强巴主持。

学校党总支书记卓玛致2024年新年贺词,并向老教师们简要解读2024年山南市《政府工作报告》重点内容。座谈会上,卓玛书记向各位退休教师介绍了近年来学校的发展情况,同时鼓励退休教师提出对学校发展的建议和意见,大家积极发言,就学生培养、师资队伍建设等方面提出了许多宝贵意见和建议。座谈会期间,还组织了一些互动环节,让退休教师之间交流和互动。大家畅所欲言,分享了自己的教育故事和感悟,增进了彼此之间的友谊。




通过座谈会,不仅使退休教师感受到来自学校的温暖和关怀,更是弘扬中华民族尊老、敬老传统美德的具体表现。
图来源:普布坚才   尼珍    
来源:洛桑强吧




教师随笔


卓玛,女,藏族,1980年8月生,中共党员,正高级教师,2001年7月参加工作。她是自治区十二届人大代表、山南市第一届人大代表,教育部新时代名师名校长培养对象,西南大学教师教育学院兼职教授,自治区名教师、自治区学科带头人、自治区兼职教研员、高级家庭教育指导师、山南市家校共育讲师、山南市“十百千”名师培养工程——卓玛名师工作室主持人,山南市家庭亲子阅读推广大使,现任山南市一小党总支书记。



ཨ་མ་ལགས།  ང་ལ་བཀའ་བཀྱོན་མ་གནང་རོགས།
སྒྲོལ་མ།

ཨ་མ་ལགས། ང་རང་དལ་འབྱོར་མི་ལུས་ཀྱི་རྣམ་ཤེས་ཞུགས་པའི་ཉིན་དེ་ནས་བཟུང་།  ཁྱེད་ཀྱིས་ཁོག་པའི་སྙིང་དང་དཔྲལ་བའི་མིག་བཞིན་དུ་ང་ལ་གཅེས་ཤིང་བརྩེ་བ་ངས་ཤེས་ཀྱི་ཡོད།  ལྷག་པར་དུ་ཟླ་དགུ་ཞག་བཅུ་ཡི་ཨ་མའི་བྱམས་དང་དྲོད་འཁོལ་གྱིས་བསྐྲུན་པའི་ཁང་བཟང་ལས་ཐོན་ཏེ་དངོས་སུ་འཇིག་རྟེན་གྱི་ཕང་བར་ལྷུང་བའི་དམིགས་བསལ་གྱི་ཉིན་མོ་དེར།  ཁྱེད་ཀྱི་སྐུ་ལུས་དང་ཐུགས་སེམས་གཉིས་ཀ་ལ་བཟོད་ཐབས་མེད་པའི་སྡུག་བསྔལ་སྟེར་བ་ངས་དེ་བས་ཤེས་ཀྱི་ཡོད། 

ཨ་མ་ལགས། ཁྱེད་ཀྱིས་གསུངས་ཡས་ལ།  ང་རང་འཇིག་རྟེན་འདིར་སླེབས་པའི་ཉིན་མོ་དེ་ནི་ཁྱེད་ཀྱི་མི་ཚེའི་ནང་དོན་སྙིང་ཆེ་ཤོས་དང་ཆེས་བདེ་སྐྱིད་ཆེ་ཤོས་ཡིན་པ་མ་ཟད།  ང་ཚོའི་ཁྱིམ་ཚང་ལ་རྫོགས་མཐའ་མེད་པའི་དྲོ་སྐྱིད་སྟེར་བྱུང་གསུངས།

ཨ་མ་ལགས།  ཁྱེད་ཀྱིས་གསུངས་ཡས་ལ།  ང་རང་ཆུང་དུས་ཤ་རྩི་དཀར་ལ་ལུས་ཤ་རྒྱགས་པ།  ངོ་གདོང་ལ་ལྷད་མེད་འཛུམ་གྱིས་ཁེངས་ཡོད་པས།  ཉིན་གཅིག་ང་རང་མ་གཟིགས་ན་ཁྱེད་རང་ཐུགས་སེམས་སྟོང་ལྷང་ལྷང་དུ་གྱུར་གྱི་ཡོད་གསུངས།

ཨ་མ་ལགས། ཁྱེད་ཀྱིས་གསུངས་ཡས་ལ།  ང་ནི་ཉལ་ཚོད་མ་ཟིན་པའི་བྱིས་པ་ཞིག་ཡིན་པས།  དགོང་ལྟར་ཉལ་ཆས་ཐེངས་གསུམ་བཞི་གཡོགས་སྐྱོར་བརྒྱབ་དགོས་པས་ཨ་མ་ལགས་ལ་བདེ་ཞིང་ལྷོད་པའི་གཉིད་ཅིག་ཁུག་རྒྱུ་མ་བྱུང་གསུངས།

ཨ་མ་ལགས།  ཁྱེད་ཀྱིས་གསུངས་ཡས་ལ་་་་་་་་་་་་་་་་་་་་

ཨ་མ་ལགས། དེ་སྔོན་ངས་གོམ་པ་གཉིས་གསུམ་ཙམ་ཞིག་སྤོ་ཤེས་ནའང་ཨ་མ་ལགས་ཀྱིས་བསྔགས་བརྗོད་གནང་བ་བགྲངས་ག་ལ་ཚར་ལ།  ངས་སྐད་ཆ་ཚིག་གཉིས་གསུམ་ཙམ་ཤོད་ཅིང་གླུ་ཆུང་རེ་ལེན་ཐུབ་པར་ཁྱེད་ཀྱི་བྱུ་རུ་ལྟར་དམར་བའི་མཆུ་སྒྲོས་ག་ཚོད་སྦྱོར་མྱོང་བ་ངས་བརྩིས་ག་ལ་ཚར།  ལྷག་པར་དུ་ངས་བྲིས་པའི་རི་མོ་ནི་ཁྱེད་ཀྱིས་རྩ་ཆེའི་ནོར་བུ་ལྟར་བརྩི་ཞིང་།  བསྟོད་པའི་ཐལ་མོའི་རྡེབ་སྒྲ་དེ་དུས་ད་ལྟའང་ངའི་རྣ་བརྒྱབ་ཏུ་ལྷང་ལྷང་སྒྲོག་གིན་འདུག  ནང་མི་སྐྱིད་པའི་དགོད་སྒྲ་དང་ཁྱིམ་མི་དགའ་བའི་གླུ་སྒྲ་ནི་ང་ཚོའི་ཁྱིམ་གྱི་རྒྱུན་ཟས་སུ་གྱུར།  ང་རང་ཡང་འཇིག་རྟེན་འདི་ན་ཆེས་བདེ་སྐྱིད་ལྡན་པའི་བྱིས་པ་དེ་ཡིན་པར་སེམས། 

ཨ་མ་ལགས། ང་རང་ཆུང་སྦར་མོ་གང་ནས་ཁྱེད་ཀྱི་བྱམས་དང་བརྩེ་བའི་དྲིན་གྱིས་བསྐྱངས་ཤིང་།  ཁྱེད་ཀྱི་ལང་ཚོའི་གཟི་མདངས་ཀྱིས་གསོས་ཡོད།  ད་ཆ།  ང་རང་ཡང་བསམ་མེད་ཀྱི་བྱིས་པ་ཞིག་ནས་དྲིན་གསོའི་ལས་ལ་བྲེལ་བཞིན་པའི་མི་བུ་ཞིག་ཏུ་འཚར་ལོངས་བྱུང་ཡོད།  ཁྱེད་ཀྱི་བྱམས་བརྩེའི་བཀའ་དྲིན་ངས་དུས་ནམ་ཡང་ཚོར་བཞིན་ཡོད་ལ།  ངས་ཀྱང་ཨ་མ་ལགས་ཀྱི་ཐུགས་འདུན་དང་མཐུན་པའི་བུ་ཕྲུག་བཟང་པོ་ཞིག་བྱེད་པར་འབད་བཞིན་ཡོད།  ཡིན་ནའང་།  ང་རང་སློབ་ཆུང་གི་རྒྱལ་སྒོ་འགྲིམས་ཤིང་ཡིག་རྒྱུགས་སྦྱངས་འབྲས་ཞེས་པའི་སྐར་གྲངས་ཀྱི་རྒྱ་རུ་ཚུད་པ་ནས་བཟུང་།

ཨ་མ་ལགས། ཁྱེད་ཀྱིས་ངའི་སློབ་སྦྱོང་སྦྱངས་འབྲས་ཀྱི་དོན་དུ་སེམས་སྡུག་དང་། གྲོང་པའི་བུ་ཆུང་དང་ངའི་སློབ་སྦྱོང་སྦྱངས་འབྲས་ཧེ་བག་ལས་ཐོན་པའི་སེམས་གཅོང་། དགེ་རྒན་དང་ཤ་ཉེ་ཚོས་ངའི་སྦྱངས་འབྲས་གླེང་བར་དོགས་པའི་འཇིགས་སྣང་།  ལས་རོགས་ཚོས་ངའི་རྗེས་སུ་ལུས་པའི་སྦྱངས་འབྲས་ཤེས་དོགས་ཀྱིས་དངངས་སྐྲག ད་དུང་་་་མདོར་ན།  དེ་ནས་བཟུང་ཨ་མའི་གཟི་འོད་འབར་བའི་ལང་ཚོའི་འཛུམ་ཞལ་གྱི་མེ་ཏོག་ཀྱང་སད་དང་སེར་བས་བཅོམ་སོང་།  ཨ་མ་ང་གཉིས་ཀྱི་སྤྲོ་སྣང་ལྡན་པའི་ཉིན་མོ་ཡང་ནག་ནོག་སྤྲིན་གྱིས་བསྒྲིབས་སོང་།  ཁྱེད་ཀྱི་བྱམས་བརྩེའི་འཛུམ་མདངས་ཀྱང་ཇེ་ཉུང་ནས་ཇེ་ཉུང་རེད་ལ།  ཟ་འདྲེ་དང་།  ལྐུགས་པ།  ཐབས་རྡུགས།  ནུས་མེད་སོགས་མཐོང་ཆུང་དང་དམའ་འབེབས་ཀྱི་ཚིག་རོ་ཇེ་མང་ནས་ཇེ་མང་རེད།

དུས་ཚོད་ནི་རྟ་ཕོ་ལྕག་གིས་སྐུལ་བ་དང་གཉིས་སུ་མ་མཆིས།སླར་ཡང་སློབ་དུས་འདིའི་མཇུག་སྡོམ་གྱི་དུས་ལ་སླེབས་སོང་།  དེ་རིང་ནི་ཡིག་རྒྱུགས་སྦྱངས་འབྲས་བརྒྱུད་བསྒྲགས་དང་དབྱར་གསེང་གི་འཆར་གཞི་གླེང་བའི་འཛིན་གྲྭའི་ཚོགས་འདུ་རེད།  ངའི་དམར་ཆུང་གི་སེམས་པ་འདར་སིག་སིག་བྱ་གིན་འདུག་ལ།  ཨ་མ་ལགས་ཁྱེད་ཀྱི་ཐུགས་སེམས་སྔ་ས་ནས་གྲང་ཤུར་ཤུར་བྱེད་པ་ངས་ཚོར་བྱུང་།

ཞོགས་ཉལ་རྒྱུག་རྒྱུར་དགའ་བའི་ང་རང་སློབ་དུས་གོང་མར་ཁྱེད་ཀྱིས་ཐེངས་ག་ཚོད་འབོད་གནང་གིན་ཡོད།ཡིན་ནའང་སློབ་དུས་འདིའི་ནང་ངས་ཐིར་ལྡན་ཆུ་ཚོད་ལ་བརྟེན་ནས་དུས་ཐོག་ཏུ་ལངས་ཐུབ་པ་དེས་ཀྱང་དུས་ཚོད་ནི་ཚེ་སྲོག་དང་དུས་ཚོད་ནི་སྟོབས་ཤུགས་ཡིན་པའི་རང་བཞིན་ལ་ངས་ངེས་ཤེས་རྙེད་ཐུབ་པ་རེད།  དེ་ངའི་གྲུབ་འབྲས་སུ་བརྩིས་ན་མི་ཆོག་གམ།     
       
ཨ་མ་ལགས།   བུ་ཕྲུག་གི་བདེ་ཐང་ནི་ཁྱིམ་ཚང་གི་བདེ་སྐྱིད་ཡིན་པ་ངས་བློ་ལ་བརྟན་པོར་ངེས་ཏེ།  སྐུལ་རྩི་མང་པོ་ཡོད་པའི་སིལ་བཟས་དང་འཐུང་བྱ་སྤྱོད་པ་ཉུང་བས།    སློབ་དུས་འདིའི་ནང་ང་རང་ལ་ནད་དགོངས་གཅིག་ཀྱང་མེད་པ་དེ་ངའི་ལུས་པོའི་བདེ་ཐང་གི་སྐར་གྲངས་བརྒྱ་ཆ་དགུ་བཅུ་ཡན་ལོན་པའི་མངོན་ཚུལ་རེད།   དེ་ངའི་གྲུབ་འབྲས་སུ་བརྩིས་ན་ཆོག་གམ།

ཨ་མ་ལགས།འདི་ལོའི་དྲུག་གཅིག་ལུས་རྩལ་འགྲན་སྡུར་སྐབས་ངས་ལུས་རྩལ་རྣམ་གྲངས་ཁག་གསུམ་ལ་ཞུགས་ཐུབ་པ་མ་ཟད།  རྣམ་ཀུན་རང་ལས་ཆུང་བའི་སློབ་མར་དཔེ་ཁུག་འཁྱེར་རོགས་དང་གད་འཕྱིས་བྱེད་རོགས་ཐེངས་མང་བྱ་ཐུབ་པ་དེ་ནི་ངའི་མི་གཤིས་བཟང་ཕྱོགས་སུ་འགྲོ་བཞིན་པའི་མངོན་རྟགས་ཡིན་པས།  དེ་ངའི་གྲུབ་འབྲས་སུ་བརྩིས་ན་མི་ཆོག་གམ།  

ཨ་མ་ལགས།ཁ་སྔོན་ངས་བྲིས་པའི་བོད་ཀྱི་རྒྱུན་སྲོལ་རི་མོ་ཨ་ཅེ་ལྷ་མོ་ཞེས་པའི་བརྩམ་བྱ་དེར་འཛིན་གྲྭའི་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།    དེ་ངའི་གྲུབ་འབྲས་སུ་བརྩིས་ན་ཆོག་གམ།    

ཨ་མ་ལགས།ཏག་ཏག་རེད།  སློབ་དུས་འདིའི་ནང་ངས་ཁྱེད་ཀྱི་བཀོད་སྒྲིག་ལྟར་སྤྲོ་སྣང་ལྡན་པའི་ངལ་གསོའི་དུས་ཚོད་བློས་གཏོང་གིས་སྤེན་སྐྱིད་གསབ་སྦྱོང་འཛིན་གྲྭར་ཞུགས་པ་ཡིན།   ཡིན་ནའང་སློབ་གསོ་ནི་བརྒྱུད་རིམ་རྙོག་འཛིང་ཅན་དང་དཀའ་ཚེགས་ཅན་ཞིག་ཡིན་པའི་རང་བཞིན་ལ་ཁྱེད་ཀྱིས་བརྩི་འཇོག་གནང་རོགས།  གཅིག་བྱས་ན་ངའི་ཡིག་རྒྱུགས་སྐར་གྲངས་སྔ་ལོ་དང་བསྡུར་ན་ཅུང་ཟད་དམའ་རུ་འགྲོ་བའི་ཉེན་ཁ་འདུག   གང་ཡིན་ཟེར་ན་འདི་ལོའི་ཡིག་རྒྱུགས་ཀྱི་ནང་དོན་སྔ་ལོ་ལས་ཅུང་ཟད་དཀའ་བ་འདུག    ད་ཆ།  ངས་ཡིག་རྒྱུགས་ནང་དོན་ལ་དབྱེ་ཞིབ་བྱ་ཐུབ་པ་མ་ཟད།   རང་གི་མི་འདང་བའི་ཆ་ལ་ངོས་འཛིན་ཐུབ་ཀྱི་འདུག    དེ་ངའི་གྲུབ་འབྲས་སུ་བརྩིས་ན་མི་ཆོག་གམ།  

ཨ་མ་ལགས།སློབ་དུས་འདིའི་ནང་ངས་སློབ་ཕྱིའི་དཔེ་དེབ་ཉི་ཤུ་ལྷག་ཙམ་ལྟ་ཀློག་ཐུབ་ཡོད་ཅིང་།  བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་ལྟ་བའི་གོམས་གཤིས་བཟང་པོ་འཇགས་ཐུབ་བྱུང་།    དེ་ངའི་གྲུབ་འབྲས་སུ་བརྩིས་ན་ཆོག་གམ།  

ཨ་མ་ལགས།འཆམ་མཐུན་དང་ཞི་བདེ་ནི་འཛམ་གླིང་ཧྲིལ་པོར་དར་ཅིང་འཕེལ་བཞིན་པའི་ཡ་རབས་ཀུན་སྤྱོད་ཀྱི་མངོན་ཚུལ་ཞིག་རེད།   བཟོད་སྒོམ་དང་བསམ་ཤེས་ནི་ང་ཚོ་མི་རེ་ངོ་རེར་ངེས་པར་འཛོམས་དགོས་པའི་ཁྱད་ནུས་ཤིག་རེད།  སློབ་དུས་འདིའི་ནང་ངས་མི་གཞན་ལ་གནོད་པའི་བྱ་བ་སྣ་ཁ་གཅིག་ཀྱང་བྱས་མ་མྱོང་ལ།   རང་ཉིད་ལ་མཐོང་ཆུང་དང་བརྙས་བཅོས་ཤོད་མཁན་གྱི་སློབ་ཕྲུག་ཁག་ཅིག་ལ་ཡང་བཟོད་བསྲན་བྱས་ཡོད།   དེ་ངའི་གྲུབ་འབྲས་སུ་བརྩིས་ན་མི་ཆོག་གམ།

ཨ་མ་ལགས།དཔའ་མ་ཞུམ།   སྙིང་མ་སྡུག་ཨང་།   ངས་རང་གིས་རང་ལ་རེ་བ་ནན་པོ་བཅོལ་ཏེ་ཤེས་སྤྱོད་གཉིས་འཛོམས་ཀྱི་མི་སྣ་ཞིག་ཏུ་གྱུར་ཐབས་ལ་འབད་ཆོག

ཨ་མ་ལགས།  ཡིད་མ་སྐྱོ།  སེམས་མ་ཕམ་ཨང་།  ང་ལ་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་གནོངས་དང་།   ངས་ཡོད་ཚད་སྙིང་སྟོབས་ཤིག་ཏུ་བསྒྱུར་ཆོག
ཨ་མ་ལགས། ཐུགས་མ་ཚབ།  སེམས་མ་སྡུག་ཨང་།    ཁྱེད་ཀྱི་བུ་ཕྲུག་ལ་ཐང་དཀར་རྒོད་པོ་ལྟ་བུའི་གཤོག་རྩལ་མེད་ཀྱང་།   ཁྲུང་ཁྲུང་དཀར་མོ་ལྟ་བུར་ནམ་གཞུག་སྐྱོང་ཐུབ་པ་ཞུས་ཆོག

ཨ་མ་ལགས།  ངང་རྒྱུད་རིང་ཙམ་དང་།  ཐུགས་རྒྱ་ཆེ་ཙམ་གནང་དང་།  ངས་ཁྱེད་ཀྱི་དཀའ་སྡུག་གིས་གཙེས་པའི་ལུས་སེམས་གསོ་བའི་སྨན་མཆོག་ཅིག་ཅི་ནས་ཀྱང་འབུལ་ཐུབ་པ་ཞུས་ཆོག




来源:各科室

初审:潘泽倩      次仁觉旦

审核:卓   玛      王 雪 华

编辑:米玛次仁



山南市一小
拓宽学校对外沟通和宣传渠道。
 最新文章