根据《中华人民共和国义务教育法》,为了普及九年义务教育,保障辖区内适龄儿童及时入学,经请示上级教育行政部门,召开校长办公会议,依据《关于做好2023年全区基础教育学校招生入学工作的通知》(藏教厅〔2023〕83号)文件精神,市一小招生工作将在近期内进行,现招生相关事宜公告如下:
2017年8月31日前出生的适龄儿童。
2023年7月22日至7月23日(周六、周天)两天。
具体报名时间为:
7月22日9︰30—12︰00 15︰30—18︰00
7月23日9︰30—12︰00 15︰30—17︰00
7月22日招生对象为,山南市一小学区本地生源,即辖区内的泽当街道办事处泽当社区、琼嘎顶社区、辖区内行政、事业、企业等单位的生源(户口为本地乃东区且在我校招生范围内居住,以房产证为依据,居住在单位周转房内的以单位证明为准,证明上必须有开具证明人的签字;辖区内两个社区居民以户口和社区开具居住地证明)7月23日招生对象为,山南市一小学区生源,符合条件的外来子女(在辖区内从事商业活动、在辖区内有住房的,以房产证和营业执照、正式劳动合同缴纳养老保险)
根据山教基〔2022〕3号《山南市教育局关于市直义务教育阶段学区划分通知》学区划分之规定,市一小招生辖区为住址在雅拉香布河路(老年活动中心)以北,香曲东路以东,萨热路以东,新华书店以北的全部学。(示意图中的红色部分)
四个教学班(均为混合班)共计160名学生招满为止。目前学校由于校舍和师资紧张,2023年新生仅具有开设4个教学班的条件,按照义务教育均衡发展,杜绝择校的规定,为更好地服务好辖区百姓,今年各市区、各县户籍择校生源不予以招生。
根据山教基〔2022〕3号《山南市教育局关于市直义务教育阶段学区划分通知》规定,
1、严格做到“应招尽招”,坚持免试就近入学,划片招生。坚持有效遏制“择校热”,严格跨片区招生,严禁招收择校生。
2、按照相关文件精神,现役军人等人员按优抚政策落实。
3、今年招生不招收在我辖区无住房、无营业执照等择校生。
4、今年招生不招收非我学区内的生源。(即各县、市外户口择校生源)
1、报名时法定监护人(父母一方)必须陪护子女到学校;
2、报名时请务必携带入学子女的户籍证件原件及学前教育毕业证和监护人住址证明原件(房产证、单位住房证明,相关证明须单位盖章、签字);
3、外来务工人员随迁子女,其监护人提供营业证或用工合同书、居住证。
1、身体有缺陷或特殊疾病的儿童,其监护人务必向学校如实告知;
2、监护人向校方提供的证明必须准确无误,如有造假,不予入学;
3、亲属代养的入学儿童,必须提供抚养证。
山南市一小
2023年7月11日
སློབ་བསྡུའི་སྤྱི་བསྒྲགས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བབས་སློབ་གསོའི་བཅའ་ཁྲིམས》ཀྱི་དགོངས་དོན་བཞིན། ལོ་དགུའི་འགན་བབས་སློབ་གསོ་ཁྱབ་གདལ་དང་སྡེ་ཁུལ་གྱི་སློབ་ལོ་ལོན་པའི་བྱིས་པ་དུས་ཐོག་ཏུ་སློབ་ཞུགས་ཐུབ་ཕྱིར་སློབ་གྲྭའི་སློབ་བསྡུའི་འགོ་ཁྲིད་ཚོ་ཆུང་གིས་ཆེད་དོན་ཚོགས་འདུའི་ཞིབ་གྲོས་བརྒྱུད། 《2023ལོའི་ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སློབ་གྲྭས་སློབ་བསྡུའི་ལས་ཀའི་བརྡ་ཐོ 》(བོད་ལྗོངས་སློབ་གསོ་ཐིང་གི〔2023〕ཡིག་ཨང83)གྱི་ཡིག་ཆའི་སྙིངགདོན་གཞིར་བཟུང་གྲོང་ཁྱེར་སློབ་ཆུང་དང་པོའི་2023ལོའི་སློབ་བསྡུའི་ལས་དོན་ཉེ་ལམ་གཉེར་རྒྱུ་ཡིན་པས་འདིར་སློབ་བསྡུའི་འབྲེལ་ཡོད་གནད་དོན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།2017ལོའི་ཟླ8པའི་ཚེས31སྔོན་སྐྱེས་པའི་སློབ་ལོ་ལོན་པའི་བྱིས་པ།
གཉིས་པ། སློབ་བསྡུའི་དུས་ཚོད། 2023ལོའི་ཟླ7པའི་ཚེས22ནས་ཚེས23བར་ཁྱོན་ཉིན་གཉིས་ཡིན།
(གཟའ་སྤེན་པ་དང་ཉི་མ། དུས་ཚོད་ཉིན་གཉིས་ཡིན) ཞིབ་ཕྲའི་དུས་ཚོད་ནི།
སྤྱི་ཟླ7པའི་ཚེས22ཉིན། 9:30—12:00
15:30—18︰00
སྤྱི་ཟླ7པའི་ཚེས22ཉིན། 9:30—12:00
15:30—17︰00
ཟླ7པའི་ཚེས22ཉིན་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་ཁུལ་ནང་གི་རྩེད་ཐང་གྲོང་རྡལ་གྱི་གྲོང་མིའི་བུ་ཕྲུག་དང་སློབ་བསྡུའི་ཁྱབ་ཁོངས་གི་སྲིད་འཛིན་དང་། བྱ་གཞག་ཁེ་ལས་སོགས་ཚན་པའི་ལས་བཟོའི་བུ་ཕྲུག (ཐེམ་ཐོ་སྣེ་གདོང་ཆུས་ཁོངས་ཡིན་པ། གཞི་འཛིན་ས་ཁང་པའི་བདག་དབང་ལག་ཁྱེར་ཡིནཞིང་། གལ་ཏེ་ལས་ཁུངས་ཀྱི་ཁང་པའི་ནང་དུ་གནས་སྡོད་བྱས་ཡོད་ཚེ། ལས་ཁུངས་དེའི་ངོ་སྤྲོད་ཡི་གེ་འཁུར་དགོས་ཤིང་། ངོ་སྤྲོད་ཡི་གེའི་ཐོག་ཏུ་ངེས་པར་དུ་ངོ་སྤྲོད་ཡི་གེ་འབྲི་མཁན་གྱི་མཚན་རྟགས་དང་། སློབ་བསྡུའི་ཁྱབ་ཁོངས་སུ་ཚུད་པའི་སྡེ་ཁུལ་གཉིས་ཀྱི་གྲོང་མིས་ཐོ་འགོད་བྱ་དུས་ཐེམ་ཐོ་དང་རང་ཉིད་སྡོད་གནས་ཀྱི་དཔང་ཡིག་ཁ་གསལ་འཁྱེར་ཡོང་དགོས)ཟླ་བ7པའི་ཚེས23ཉིན་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་ཁུལ་ནང་ཚུད་ཀྱི་ཕྱི་ཕྱོགས་ནས་ཕེབས་པའི་ལས་ཞུགས་མི་སྣའི་བུ་ཕྲུག(ཐེམ་ཐོ་སྣེ་གདོང་ཆུས་ཁོངས་མིན་པ། སྡེ་ཁུལ་དུ་ཚོང་གཉེར་དང་། ཁང་པ་ཡོད་པ་སོགས་ཁང་པའི་བདག་དབང་ལག་ཁྱེར་དང་ཚོང་གཉེར་ལག་ཁྱེར། ལས་བཞུགས་དངོས་ཀྱི་གན་རྒྱ་བཅས་འཁྱེར་ཡོང་དགོས)ཡིན་དགོས།
གསུམ་པ། སློབ་བསྡུའི་ཁྱབ་ཁོངས། ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་ཡིག་ཨང﹝2022﹞3《ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་གྲོང་ཁྱེར་ཐད་གཏོགས་སློབ་གྲྭའི་འགན་བབས་སློབ་གསོའི་དུས་རིམ་གྱི་་སློབ་ཁུལ་དབྱེ་བའི་བརྡ་ཐོ》ཡི་གཏན་འབེབས་ལྟར། ངེད་སློབ་ཆུང་དང་པོའི་སློབ་མཚམས་ནི། ཡར་ལྷ་ཤམ་ཆུའི་ལམ(རྒན་རྒོན་བྱེད་སྒོའི་ལྟེ་གནས་ཀྱི་བྱང་ངོས)དང་། ཤམ་ཆུའི་ཤར་ལམ་གྱི་ཤར་ངོས། ཟ་ར་ལམ་གྱི་ཤར་ངོས། ཤིན་ཧྭ་དཔེ་འཚོང་ཁང་གི་བྱང་ངོས་བཅས་ཀྱི་སློབ་ལོ་ལོན་པའི་བྱིས་པ་རྣམས་ཡིན།
(རི་མོའི་སྟེང་གི་ཚོས་གཞི་དམར་པོའི་ཆ་ཤས་དག་ཡིན)
བཞི་པ། སློབ་བསྡུའི་གཞི་རྒྱ།
སློབ་ཁྲིད་འཛིན་གྲྭ་བཞི(རྒྱ་བོད་འདྲེས་མའི་འཛིན་གྲྭ)ཁྱོན་སློབ་མ་160བསྡུ་རྒྱུ་ཡིན།ཉེ་དུས་སློབ་གྲྭར་དགེ་རྒན་མི་འདང་བ་སོགས་ཀྱི་གནས་ཚུལ་གྱི་རྐྱེན་པས་2023ལོའི་སློབ་གསར་སློབ་མ་འཛིན་གྲྭ་བཞི་ལས་བསྡུ་བའི་ཆ་རྐྱེན་མེད་པས། འགན་བབས་སློབ་གསོ་དོ་མཉམ་དང་། སློབ་གྲྭ་གདམ་ག་བྱ་མི་ཆོག་པའི་གཏན་འབེབ་གཞིར་བཟུང་། ཆེས་ལེགས་པའི་པའི་སྒོ་ནས་སྡེ་ཁུལ་མི་དམངས་ལ་ཞབས་ཞུ་བཅས་ཡོང་ཕྱིར་ངེད་སློབ་གྲྭའི་ཁྱབ་ཁོངས་མིན་པའི་སློབ་མ་གཅིག་ཀྱང་བསྡུ་རྒྱུ་མིན།
ལྔ་པ། སློབ་བསྡུའི་རྩ་དོན།
1.ས་ཁོངས་ཇི་བཞིན་སློབ་མ་བསྡུ་རྒྱུ།
2.ཡིག་ཆའི་སྙིང་དོན་གཞིར་བཟུང་དམག་མིའི་བུ་ཕྲུག་སོགས་ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ།
3.སློབ་གསར་སློབ་བསྡུའི་ཁྲོད་སློབ་བསྡུའི་ཁྱབ་ཁོངས་སུ་སྡོད་ཁང་མེད་ལ་ཚོང་གཉེར་ལག་ཁྱེར་མེད་པའི་སློབ་མ་བསྡུ་གི་མིན།
4.ངེད་སློབ་གྲྭའི་ཁྱབ་ཁོངས་མ་ཡིན་པའི་རྫོང་ཁག་དང་ལྷོ་ཁ་གྲོང་ཁྱེར་ཁོངས་གཏོགས་མིན་པའི་སློབ་མ་བསྡུ་གི་མིན།
དྲུག་པ། སློབ་བསྡུའི་བླང་བྱ།1.མིང་ཐོ་འགོད་སྐབས་ཁྲིམས་མཐུན་ལྟ་སྐྱོང་བས་བུ་ཕྲུག་སློབ་གྲྭར་ཕེབས་རོགས་ཞུ་དགོས།2.མིང་ཐོ་འགོད་སྐབས་སློབ་ཞུགས་བུ་ཕྲུག་གི་ཐེམ་ཐོའི་མ་དེབ་དང་སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་ཐོན་ལག་ཁྱེར།ལྟ་སྐྱོང་བའི་སྡོད་གནས་དཔང་ཡིག(ཁང་པའི་བདག་དབང་དང་བོགས་ལེན་གན་རྒྱ)མ་ཡིག་བཅས་ངེས་པར་དུ་བསྣམས་ཕེབས་དགོས།3.ཕྱིར་ཕེབས་ལས་ཞུགས་མི་སྣའི་བུ་ཕྲུག་ཡིན་ཚེ་ལྟ་སྐྱོང་བའི་ཚོང་གཉེར་ལག་ཁྱེར་རམ་གླ་པའི་གན་རྒྱ་དང་སྡོད་གནས་དཔང་ཡིག་བཅས་བསྣམས་དགོས།
བདུན་པ། དམིགས་བསལ་དྲན་སྐུལ།
1.ལུས་པོར་སྐྱོན་ཆག་གམ་དམིགས་བསལ་ན་ཚ་ཡོད་ཚེ།ལྟ་སྐྱོང་བས་སློབ་གྲྭར་ཇི་བཞིན་གསལ་འདེབས་ཞུ་དགོས།2.ལྟ་སྐྱོང་བས་མཁོ་འདོན་དཔང་ཡིག་དག་བདེན་ཐུབ་འཛོལ་མེད་ཡིན་དགོས། རྫུན་བཟོ་བྱུང་ན་སློབ་ཞུགས་མི་ཐུབ།3.སྤུན་མཆེད་ཀྱིས་གསོ་ཉར་བྱས་པའི་སློབ་ཞུགས་བྱིས་པར་ངེས་པར་དུ་གསོ་ཉར་ལག་འཁྱེར་ཡོད་དགོས།
བརྒྱད་པ། སློབ་བསྡུའི་ས་གནས།
གྲོང་ཁྱེར་སློབ་ཆུང་དང་པོ།
དགུ་པ། སློབ་བསྡུའི་བློ་འདྲིའི་ཁ་པར།
13659588050 18143834942
13659581619
ལྷོ་ཁ་གྲོང་ཁྱེར་སློབ་ཆུང་དང་པོ་ནས།
2023ལོའི་ཟླ7པའི་ཚེས11ཉིན།