ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-09-04 08:45   青海  

གསར་འགྱུར་གལ་ཆེན། 

ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་མཁན་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་གྲོས་མོལ་གནང་།  

ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་མཁན་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་དང་གྲོས་མོལ་གནང་།  རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་ཁྱབ་བསྒྲགས་གནང་།

ཟླ9པའི་ཚེས3ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་མཁན་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་མཇལ་འཛོམས་གནང་།  

ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་མཁན་ཆ་ཏེ་ཙུང་ཐུང་མུའུ་ཧན་མོ་ཏེ་དང་མཇལ་འཛོམས་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཆ་ཏེའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་ཁྱབ་བསྒྲགས་གནང་།  

ཟླ9པའི་ཚེས3ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་མཁན་མ་ལ་ཝུའེ་ཡི་ཙུང་ཐུང་ཁྲ་ཁེ་ཝུའེ་ལ་དང་མཇལ་འཛོམས་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་མ་ལ་ཝུའེ་ཡི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་ཁྱབ་བསྒྲགས་གནང་།  

ཟླ9པའི་ཚེས3ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་མཁན་མོ་རི་ཐ་ཉི་ཡི་ཙུང་ཐུང་ཅ་ཙི་ཝ་ཉི་དང་མཇལ་འཛོམས་གནང་།  རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་མོ་རི་ཐ་ཉི་ཡི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་ཁྱབ་བསྒྲགས་གནང་།  

ཟླ9པའི་ཚེས3ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་མཁན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་དང་མཇལ་འཛོམས་གནང་། 

ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས།  

ད་ལོའི་དབྱར་ཁའི་གུང་གསེང་སྐབས(ཟླ7པ་ནས8པའི་བར)སུ། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་ཁྱོན་མི་ཐེངས་དུང་ཕྱུར1.1རྒྱལ་མཚམས་ནས་འགྲོ་འོང་བྱ་རྒྱུའི་འགན་ལེན་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས30.0%འཕར་ཡོད་པ་རེད།  

ཉེ་ཆར་ཁ་ན་ཏ་སྲིད་གཞུང་གིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་གློག་སྒུལ་རླངས་འཁོར་དང་། ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་སོགས་ཚོད་འཛིན་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པར་དམིགས་ཏེ། ཚོང་དོན་པུས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཡི་མི་རང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏས་སྤྱད་པའི་འབྲེལ་ཡོད་ཚོད་འཛིན་བྱེད་ཐབས་ལ“མཐོང་ཆུང་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད”བྱ་རྒྱུ་ཡིན་པ་དང་།  གཞན་ཡང་ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ནས་ནང་འདྲེན་བྱས་པའི་ལོག་དཀར་ས་བོན་དང་འབྲེལ་ཡོད་རྫས་འགྱུར་བཟོ་ལས་ཐོན་རྫས་སོགས་ལ་ཁྲིམས་ལྟར་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།  

ཚེས3ཉིན། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། རྒྱང་ཚོར་སྲུང་སྐར་ཨང་ཞེ་གསུམ་པའི་ཚོ་ཆུང02མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། སྲུང་སྐར་སྔོན་བཀོད་འཁོར་ལམ་དུ་བདེ་བླག་ངང་སླེབས་པ་རེད། 

སྤྱི་ཚོགས།

ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང11པ“མོ་ཅེ” (摩羯)རང་རྒྱལ་གྱི་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་སླེབས་པ་དང་འབྲེལ་ཚེས6ཉིན་གྱི་ཉིན་མོ་ཧྭ་ལྷོ་མཚོ་རྒྱུད་དུ་སྐམ་སར་འཛུལ་རྒྱུ་ཡིན་པ་དང་། རྒྱ་མཚོའི་རླུང་འཚུབ་དྲག་པོའི་རིམ་པར་སླེབས་ནས་ཧྭ་ལྷོ་མཚོ་རྒྱུད་དུ་ཆར་རླུང་དྲག་པོའི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་རེད།  

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག14ཡིས་ཡིག་ཆ་བཏོན་ནས། ཡུལ་གྲོང་འཕྲོད་བསྟེན་ཁང་ཚང་མས་ཀྲུང་ལུགས་གསོ་རིག་ཁང་འཛུགས་པ་དང་ཀྲུང་ལུགས་གསོ་རིག་སྨན་པ་བཀོད་སྒྲིག་བྱེད་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་བཏོན་པ་རེད།  

དམངས་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་ཁྱོན་མི་ཐེངས་ཁྲི417.7ལ་གནས་སྐབས་རོགས་སྐྱོབ་བྱས་པ་རེད།  

ཉེ་ཆར་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུས2024ལོའི་ལོ་འཁོར་གྱི་ལས་རིགས་གསར་པ་བསྡུ་རུབ་ལས་དོན་སླར་ཡང་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།   

རང་རྒྱལ་གྱི་ས་གཤིས་ཤུལ་བཞག་ཐོན་ཡུལ་གསུམ་འཛམ་གླིང་ས་གཤིས་ཤུལ་བཞག་ཐོན་ཡུལ་ཁག་གཉིས་པའི་མིང་ཐོའི་ནང་བདམས་ཐོན་བྱུང་ཞིང་། དེ་དག་ནི་ཝུའུ་ཏ་ཉིས་བརྩེགས་དུས་རབས་ཀྱི་སྔོ་ཁེབས་འགྱུར་རྡོའི་ཐོན་ཡུལ་དང་། ཙི་ཀུང་ཏ་ཧྲན་ཧྥུ་ཁུང་འབྲུག་རྡོ་འགྱུར་ཚོགས་ཀྱི་རྗེས་ཤུལ། ཀུའེ་ལིན་ཁ་སི་ཐེ་བཅས་ཡིན་པ་རེད།  

རང་རྒྱལ་གྱི་ཞིན་ཅང་ཐུའུ་ལུའུ་ཧྥན་ཁན་ཨེར་ཁྲོན་པ(吐鲁番坎儿井)དང་ཧུའེ་ཀྲོའུ་ཆུ་རགས—ཝུའུ་ཡོན་ཧྲི་ཁུའུ(徽州堨坝—婺源石堨མཉམ་འབྲེལ་སྙན་ཞུ་ཕུལ་བ)སོགས་ལས་གྲྭ4འཛམ་གླིང་གི་ཞིང་ཆུ་འདྲེན་པའི་ལས་གྲྭའི་ཤུལ་བཞག་མིང་ཐོའི་ནང་བདེ་བླག་ངང་ཚུད་ཡོད་པ་རེད།  དེར་བརྟེན་རང་རྒྱལ་གྱི་འཛམ་གླིང་གི་ཞིང་ཆུ་འདྲེན་པའི་ལས་གྲྭའི་ཤུལ་བཞག་ཁག38ཡོད་པ་རེད།  

རང་རྒྱལ་གྱིLNGའབུད་རྫས་གཉིས་ལྡན་སྒུལ་ཤུགས་མ་ལག་སྤྱད་པའི་འདམ་འདྲུ་གྲུ་གཟིངས་ཆེ་གྲས་དང་པོའི“ཞིན་ཧེ་ཞུན(新海鲟)”གྲུ་གཟིངས་ཀྱིས་མཚོ་ཐོག་ཚོད་ལྟའི་ལས་འགན་ཚང་མ་བདེ་བླག་ངང་ལེགས་སྒྲུབ་བྱས་ནས། རྩིས་སྤྲོད་ཀྱི་ལྡོག་རྩིས་དུས་མཚམས་སུ་སླེབས་ཡོད་པ་རེད། 

རང་རྒྱལ་གྱི་མཚོ་ཐོག་སྣུམ་ཞིང་ཆེས་ཆེ་ཤོས་པོ་ཧའེ་སྣུམ་ཞིང་གི་མ་བཅོས་རྡོ་སྣུམ་ཉིན་རེར་ཏུན་ཁྲི10ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས། སྣུམ་ཞིང་གསར་སྤེལ་འཛུགས་སྐྲུན་བྱས་ནས་ལོ60ཙམ་རིང་གི་ལོ་རྒྱུས་ཀྱི་ཆུ་ཚད་ཆེས་མཐོ་ཤོས་བཏོད་ཡོད་པ་རེད།     

སྟོན་དུས་སློབ་དུས་མགོ་མ་རྩོམ་གོང་། ཀན་སུའུ་ཅི་ཧྲི་ཧྲན་རྫོང་གིས་གནོད་འཚེ་ཕོག་པའི་སློབ་གྲྭའི་གནོད་འཚེ་ཕོག་རྗེས་ཉམས་གསོ་དང་བསྐྱར་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། སློབ་དུས་གསར་པར་རྫོང་ཡོངས་ཀྱི་སློབ་གྲྭ231གི་དགེ་སློབ་ཁྲི6.5ལྷག་ཙམ་སློབ་གྲྭ་གསར་པ་དང་སློབ་ཁང་གསར་པར་བསྐྱོད་ཡོད་པ་རེད།  

སྲིད་ཇུས།

ཧྲང་ཧའེ་ཡིས་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས། མི་སྒེར་གྱི་འཛད་སྤྱོད་པས་རྙིང་པ་གསར་པར་བརྗེ་བའི་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བའི་ཁ་གསབ་ཚད་གཞི་སྒོར་ཁྲི1.5བར་མཐོ་རུ་བཏང་བ་དང་། འབར་སྣུམ་རླངས་འཁོར་ཉོ་བའི་ཁ་གསབ་ཚད་གཞི་སྒོར་ཁྲི1.2བར་མཐོ་རུ་བཏང་བ་རེད།  

ཁྲུང་ཆིང་དུ་སྡོད་དམངས་ཁྱིམ་ཚང(དངུལ་བུན་གཡར་མཁན་དང་བཟའ་ཟླ། ལོ་ན་མ་སྨིན་པའི་བུ་ཕྲུག་བཅས་ཚུད་ཡོད)གིས་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་རེ་ཞུ་བྱས་ནས་ཚོང་ཟོག་སྡོད་ཁང་ཉོ་སྐབས། ཁྱིམ་ཚང་གི་ཁོངས་མིར་སྡོད་ཁང་ཉོ་རྩིས་ཡོད་པའི་ཆུས་དང་རྫོང་དུ་སྡོད་ཁང་མེད་ན་ཁང་བ་དང་པོར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  

ཡུན་ནན་གྱིས་མི་སྤྱོད་མཁན་ལས་ཁུངས་ཀྱིས་ལོ་ལྟར་ཞབས་ཞུའི་དུས་ཡུན་ཟླ་བ་དྲུག་ཡན་ཟིན་པའི“དངུལ་ལོ་སྨན་པ་དཀའ་བཅུ་པ”སྒྲིག་འཛུགས་བྱས་ནས་རིན་མི་དགོས་པར་བདེ་ཐང་བརྟག་དཔྱད་ཐེངས་གཅིག་དང་ཞིང་ཆེན་ནང་ཁུལ་དུ་སྨན་བཅོས་དང་ངལ་གསོ་ཐེངས་གཅིག་བྱ་རྒྱུ་མ་ཟད། ཆ་རྐྱེན་དང་མཐུན་ན་མི་ལུས་ཐོལ་བྱུང་གུན་སྐྱོབ་ཉོ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  

དེ་རིང་གི་གནམ་གཤིས།  

ནང་སོག་དབུས་རྒྱུད་དང་བྱང་ཤར་རྒྱུད་དང་། ཀན་སུའུ་དབུས་རྒྱུད། མཚོ་སྔོན་དབུས་ཤར་རྒྱུད། ཧེ་ལུང་ཅང་ལྷོ་རྒྱུད། ཅི་ལིན་དབུས་རྒྱུད། ཧྲན་ཞི་བྱང་རྒྱུད། ཧོ་པེ་ནུབ་བྱང་རྒྱུད། སི་ཁྲོན་ལྷོ་རྒྱུད། ཡུན་ནན་ཤར་རྒྱུད། ཀོང་ཏུང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ནང་སོག་དབུས་རྒྱུད་དང་མཚོ་སྔོན་ཤར་རྒྱུད། ཡུན་ནན་བྱང་རྒྱུད། སི་ཁྲོན་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པའམ་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章