ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-09-06 08:32   青海  

གསར་འགྱུར་གལ་ཆེན། 

ཟླ9པའི་ཚེས5ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ《ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ། མཉམ་དུ་ལས་དབང་ཐུན་མོང་ཚོགས་པ་སྐྲུན》ཞེས་མགོ་བརྗོད་དུ་འཁོད་པའི་བརྗོད་དོན་གསུང་བཤད་གནང་།  

ཟླ9པའི་ཚེས5ཉིན་གྱི་ཉིན་གུང། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་སུ་ཞུགས་པའི་པོ་ཚི་ཝ་ནའི་ཙུང་ཐུང་མ་ཞི་ཞི་དང་མཇལ་འཕྲད་གནང་།  རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་པོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་།  

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ན་སྨི་པི་ཡའི་ཙུང་ཐུང་མུའུ་པེན་པ་དང་མཇལ་འཕྲད་གནང་། 

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཀག་ནའི་ཙུང་ཐུང་ཨ་ཁུ་ཕུའུ-ཨ་ཏོ་དང་མཇལ་འཕྲད་གནང་།  རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཀག་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་།  

ཟླ9པའི་ཚེས5ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ་དང་མཇལ་འཕྲད་གནང་།  རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ལུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་།  

ཟླ9པའི་ཚེས5ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་སུ་ཞུགས་པའི་ཀི་ནེ་ཡའི་ཙུང་ཐུང་ཨེན་པ་ལུའོ་དང་མཇལ་འཕྲད་གནང་།  

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་དངོས་གཞིའི་འཚམས་འདྲི་གནང་བའི་སུའོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལུའོ་ཝ་ཏ་དང་མཇལ་འཕྲད་གནང་།  རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་།  

ཟླ9པའི་ཚེས5ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་སུ་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཕྲད་གནང་། 

ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ7པའི་ཟླ་མཇུག་བར་ཕྱི་རྒྱལ་གྱི་མ་འཇོག་མཁན་ལ་རང་རྒྱལ་གྱི་བུན་འཛིན་སྒོར་དུང་ཕྱུར་ཁྲི4.5ཡོད་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།  

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་ཐོག་མཐའ་བར་གསུམ་དུ་ཨ་སྒོར་དུང་ཕྱུར་ཁྲི3ཡན་རྒྱུན་འཁྱོངས་ཐུབ་ནས་ལོ19བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།  

རང་རྒྱལ་གྱི་ཐེན་ཝན(天文)གསུམ་པའི་ལས་འགན་འཆར་གཞི་ནི2028ལོའི་སྔ་རྗེས་སུ་འཕེན་གཏོང་གི་ལས་འགན་ཐེངས་གཉིས་བསྒྲུབས་ནས་སྐར་མ་མིག་དམར་གྱི་དངོས་དཔེ་ནས་སའི་གོ་ལར་ཕྱིར་ལོག་ཐུབ་རྒྱུ་དེ་རེད། 

སྤྱི་ཚོགས།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་དམར་པོ་བཏང་ཞིང་། སྔོན་དཔག་བྱས་ན་རྒྱ་མཚོའི་རླུང་འཚུབ“མོ་ཅེ”དེ་ཚེས8ཉིན་གྱི་ཕྱི་དྲོ་ནས་མཚན་མོའི་བར་དུ་ཧའེ་ནན་ཆུང་ཧའེ་ནས་ཀོང་ཏུང་ཏེན་པའེ་རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་འབུད་རྒྱུ་རེད།  

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཚེས5ཉིན་གྱི་ཆུ་ཚོད15ཐོག་ཀོང་ཏུང་དང་ཧའེ་ནན་གྱི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་བསྟུན་དང་ལེན་རིམ་པ་གཉིས་པ་བར་མཐོ་རུ་གཏོང་རྒྱུའི་ཐག་བཅད་པ་རེད།  

ཚེས5ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་ཏུན་རེར་ཆ་སྙོམས་སྒོར100ཉུང་དུ་བཏང་བ་རེད།  

ཚེས5ཉིན། འཛམ་གླིང་ཐོག་གི་ཁ་ཞེང་ཆེ་བའི་མྱུར་བགྲོད་ལྕགས་ལམ་གྱི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་ཆེ་ཤོས་ཡིན་པའི་ཧྲང་ཧའེ་དང་ཁྲུང་ཆིང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཐའེ་འབྲི་ཆུའི་ཕུག་ལམ་གྱི“སྣེ་ཁྲིད་རྟགས་ཅན”གྱི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་སྨི1000གི་འགག་སྒོ་ཆེན་པོ་ལས་བརྒལ་ནས། སྨི་ཁྲིའི་འབྲི་ཆུ་སྒྲོལ་བའི་ལས་དོན་དངོས་སུ་སྤེལ་མགོ་བརྩམས་པ་རེད།  

དེ་རིང་ཧང་ཀྲོའུ་ནས་དབྱི་ཝུའུ་བར་དང་། དེ་ནས་ཝུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ(ཧང་ཀྲོའུ་ནས་ཝུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ)ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་བརྩམས་པ་དང་། ཧང་ཀྲོའུ་ནུབ་ཚུགས་ནས་ཝུན་ཀྲོའུ་བྱང་ཚུགས་བར་ཆེས་མགྱོགས་ཤོས་ལ་ཆུ་ཚོད1དང་སྐར་མ27གྱིས་སླེབས་ཀྱི་ཡོད་པ་རེད།  

ཚེས5ཉིན། ཀྲུང་གོའི་མཁའ་དབྱིངས་རྟོག་འཇལ་ཚོད་ལྟ་ཁང་གིས་ཀྲུང་གོའི་ཐག་ཉེ་སའི་རྒྱུ་སྐར་ཆུང་རིགས་ཀྱི་འགོག་སྲུང་ལས་འགན་གྱི་ཇུས་གཞི་དང་རྒྱལ་སྤྱིའི་མཉམ་ལས་བསམ་བཀོད་ཐོག་མ་ཁྱབ་བསྒྲགས་བྱས།  

རང་རྒྱལ་གྱི་ཚན་ཞིབ་ཚོགས་པར་ཆུ་ཀུབ་ཕྱི་ཤུན་གྱིས་བློ་སྒོ་ཕྱེ་ནས་གྱེས་རྡུལ་བརྒྱུད་གཏོང་ཕྱི་ཤུན་གསར་པ་ཇུས་འགོད་ཀྱི་ཐབས་ཇུས་ཤིག་བཏོན་པ་རེད། འབྲེལ་ཡོད་ཞིབ་འཇུག་དེ་ཉེ་ཆར《རང་བྱུང·གསར་འགྱུར》ཞེས་པའི་དུས་དེབ་ཐོག་སྤེལ་འདུག 

ཚེས5ཉིན། ཆུ་ལོག་དང་འདམ་རྡོའི་ཆུ་རུད་ནང་གར་སོང་ཆ་མེད་དུ་གྱུར་ནས་ཉིན44ལ་འབྲེལ་བ་ཆད་པའི་སི་ཁྲོན་རྔ་བ་ཁུལ་ཆུ་ནག་རྫོང་ས་སྟོད་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་ཐན་ལེའི་སྐུ་ཕུང་རྙེད་པ་རེད། 

ཚེས5ཉིན། ཧུའུ་ནན་ཞང་ཐན་ཉེན་རྟོག་ཕྱོགས་ཀྱིས“གྲང་ཉར་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་ཐོན་ནས་འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་ཐོག་ནས་བྱིས་པ་བསླུ་འཚོང་བྱས་པ15ཤེས་རྟོགས་བྱུང་བའི”གནས་ཚུལ་དེ་དོན་དངོས་དང་མི་མཐུན་པ་དང་། དཀྲོག་གཏམ་བཟོ་མཁན་ཀྲུའུ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་པའི་བརྡ་ཁྱབ་བཏང་།  

ཉེ་ཆར། ཡུན་ནན་ལིན་ཚང་ཀྲེན་ཁང་རྫོང་གི་ཁོངས་སུ་འཛམ་གླིང་སྟེང་གི་གཟུགས་ཆེས་ཆེ་བའི་འབུ་མེ་ལྕེབ་རིགས་ཤིག་སྟེ། འབུ་མེ་ལྕེབ་ཝུའུ་ཅིའུ(乌桕大蚕蛾)ཤེས་རྟོགས་བྱུང་། 

སྲིད་ཇུས།

ཧོ་ནན་གྱིས་བྱེད་ཐབས23བཏོན་ནས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁོར་ཡུག་ལེགས་སུ་བཏང་བའི་ནང་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་གཉེར་སྐྱོང་བྱ་ཡུལ་གྱི་ཐོ་འགོད་ཚོད་འཛིན་སྔར་བས་ལྷུག་ཏུ་གཏོང་བ་སོགས་ཚུད་ཡོད་པ་རེད།  

ཡུན་ནན་གྱིས་གཏན་འབེབས་གསར་པ་ལག་ལེན་བསྟར་ནས་ཕུ་དམ་ནང་གི་འབུད་རླངས་སྡེབ་སྐྱེལ་ཞབས་ཞུར་གཅིག་གྱུར་དོ་དམ་བྱས་ཏེ་འབུད་རླངས་སྤྱོད་མཁན་གྱིས་ཕུ་དམ་ནང་གི་འབུད་རླངས་འཐེན་རྒྱུ་བཀག་འགོག་བྱས་པ་རེད།  

ཧའེ་ནན་གྱིས་གུན་སྐྱོང་ནང་ཞུགས་མཁན་གྱི་ལོ18(ཚུད་པ)མན་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ནད་པའི“སེམས་ཁམས་བློ་འདྲིའི”ཞབས་ཞུའི་རྣམ་གྲངས་དེ་སྨན་སྐྱོབ་ཀྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་ཁ་གསལ་བྱས།  

དེ་རིང་གི་གནམ་གཤིས།  

ནང་སོག་ཧོ་ཐའོ་ས་ཁུལ་དང་མཚོ་སྔོན་གྱི་བྱང་ཤར་རྒྱུད། ཀོང་ཏུང་གི་དབུས་ལྷོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་པ་དང་། དེའི་ནང་ཀོང་ཏུང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་ཀྱི་ཁ་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章