མཚོ་བྱང་གིས་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་བའི་ཉེན་བརྡ་བཏང་འདུག

政务   2024-09-03 19:51   青海  



མཚོ་བྱང་ཁུལ་རང་བྱུང་ཐོན་ཁུངས་ཅུས་དང་མཚོ་བྱང་ཁུལ་གནམ་གཤིས་ཅུས་ཀྱིས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་བརྡ་བཏང་པ།
འདས་ཟིན་པའི་ཆུ་ཚོད48རིང་གི་ཆར་བབས་པའི་གནས་ཚུལ་དངོས་དང་མ་འོངས་པའི་ཆུ་ཚོད24རིང་ཆར་འབབ་པའི་སྔོན་བརྡ་གཞིར་བཟུང་ནས་ས་གཤིས་གནོད་འཚེ་འབྱུང་སླ་བའི་ཚད་དང་ཟུང་འབྲེལ་བྱས་ཏེ། 2024ལོའི་ཟླ9པའི་ཚེས3ཉིན་གྱི་ཆུ་ཚོད20ནས་ཟླ9པའི་ཚེས4ཉིན་གྱི་ཆུ་ཚོད20བར་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དང་རྫ་དམར་ཡུལ་ཚོ། འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་དང་གྲེ་མ་ཡུལ་ཚོ། སྲིབ་ཞང་ཡུལ་ཚོ། ཏུང་ཁྲོན་གྲོང་རྡལ་བཅས་ཀྱི་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་བརྡའི་རིམ་པ་ནི་རིམ་པⅠ(ཉེན་བརྡ་དམར་པོ)ཡིན་པ་དང་གནམ་གཤིས་རྒྱུ་རྐྱེན་གྱིས་ས་གཤིས་གནོད་འཚེ་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ། མདོ་ལ་རྫོང་གི་ས་ཁུལ་གཞན་དག་དང་། འཇུ་ལག་རྫོང་གི་ས་ཁུལ་གཞན་དག མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་བཅས་ཀྱི་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་བརྡའི་རིམ་པ་ནི་རིམ་པII(ལི་མདོག་ཉེན་བརྡ)ཡིན་པ་དང་གནམ་གཤིས་ཀྱི་རྒྱུ་རྐྱེན་གྱིས་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ། མདའ་བཞི་རྫོང་གི་ས་ཁུལ་གཞན་དག་དང་རྐང་ཚ་རྫོང་གི་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་བརྡའི་རིམ་པ་ནི་རིམ་པIII(ཉེན་བརྡ་སེར་པོ)ཡིན་པ་དང་གནམ་གཤིས་རྒྱུ་རྐྱེན་གྱིས་ས་གཤིས་གནོད་འཚེའི་ཉེན་ཁ་ཅུང་ཆེ་བས།  ཆར་འབབ་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། སྐོར་ཞིབ་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ཏེ་མངོན་མེད་རྐྱེན་ངན་དང་ཉེན་ཁ་ཆེ་བའི་ཁུལ་གྱི་མང་ཚོགས་ཀྱི་ཉེན་གཡོལ་གནས་སྤོ་བྱ་བ་ཡག་པོ་བསྒྲུབ་རོགས།          
འགོག་སྲུང་ཕྱོགས་སྟོན།
1.རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མཁོ་བསྟུན་སྔོན་ཇུས་གཞིར་བཟུང་ས་གཤིས་གནོད་འཚེའི་འགོག་སྲུང་བྱ་བ་ཡག་པོར་བསྒྲུབ་དགོས།    
2.སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་དུས་ཐོག་ཏུ་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་བརྡའི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ་ས་གཤིས་གནོད་འཚེའི་ཉེན་བརྡའི་ས་ཁོངས་སུ་བསྐྱོད་མི་རུང་།    
3.ཉེན་བརྡ་དམར་པོའི་ཁུལ་ནི་རི་ལྡེབས་དང་གཡང་གཟར།  ལུང་ཤུར། ཆུ་དང་ཉེ་ས་བཅས་སུ་གནས་པའི་མི་སྣ་སྟེ། ས་གནས་དེ་གའི་གནོད་འཚེ་སྔོན་འགོག་སྡེ་ཁག་གི་སྒྲིག་འཛུགས་ལྟར་འཕྲལ་དུ་ཕྱིར་འཐེན་བྱས་ཏེ་ཉེ་འགྲམ་གྱི་ཉེན་གཡོལ་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་དགོས།   ལི་མདོག་ཉེན་བརྡའི་ཁུལ་ནི་ཉེན་ཁ་ཆེ་བའི་མངོན་མེད་རྐྱེན་ངན་དང་ཉེན་ཁ་ཆེ་བའི་ཁུལ་གྱི་འཇིགས་སྐུལ་ཕོག་པའི་མི་སྣ་སྟེ། ས་གནས་དེ་གའི་གནོད་འཚེ་སྔོན་འགོག་སྡེ་ཁག་གི་སྒྲིག་འཛུགས་གཞིར་བཟུང་འཕྲལ་དུ་ཉེ་འགྲམ་གྱི་ཉེན་གཡོལ་བཀོད་སྒྲིག་བྱ་ཡུལ་དུ་ཕྱིར་འཐེན་བྱེད་དགོས་པ་དང་། རི་ལྡེབས་དང་གཡང་གཟར། ལུང་ཤུར། ཆུ་དང་ཉེ་ས་བཅས་སུ་གནས་པའི་མི་སྣ་ཕྱིར་འཐེན་བྱེད་དགོས་པའི་བརྡ་རྟགས་གཞིར་བཟུང་དུས་ཐོག་ཏུ་ཉེ་འགྲམ་གྱི་ཉེན་གཡོལ་བཀོད་སྒྲིག་བྱ་ཡུལ་དུ་ཕྱིར་འཐེན་བྱེད་དགོས། ཉེན་བརྡ་སེར་པོའི་ཁུལ་གྱི་མི་སྣས་ཉེན་བརྡའི་ཆ་འཕྲིན་གྱི་འགྱུར་ལྡོག་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱེད་པ་དང་ཉེ་འགྲམ་གྱི་ཉེན་བརྡའི་མཚོན་རྟགས་ལ་དོ་སྣང་བྱས་ཏེ་གྲོག་རོང་དང་གཡང་གཟར་སོགས་ཉེན་ཁ་ཆེ་བའི་ས་ཁུལ་དུ་འདུག་མི་རུང་།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北州气象台 

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章