མཚོ་བྱང་གི་སྡེ་ཁག་སོ་སོས་འབྲུབ་འགོག་གེཊ་སེལ་བྱ་བ་ནན་དུ་སྒྲུབ།【2】

政务   2024-09-06 15:30   青海  

ཉིན་ཤས་རིང་། བསྟུད་མར་དྲག་ཆར་འབབ་པའི་གནམ་གཤིས་དང་འབྲུབ་འགོག་གི་དུས་བབ་ཀྱི་མདུན་དུ་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོས“ཞོད་འགོག”“བཀའ་རྒྱར”བརྩིས་ཏེ། གནམ་གཤིས་རྩུབ་མོའི་མདུན་དུ་སྟོབས་ཤུགས་གཅིག་སྒྲིལ་དང་རང་འགུལ་ཧུར་བརྩོན་གྱིས་འབྲུབ་འགོག་གི་དམག་འཐབ་ཡག་པོར་བརྒྱབ་སྟེ་མང་ཚོགས་ལ་བདེ་འཇགས་ཀྱི་བར་སྟོང་མཁོ་འདོན་བྱས་ཡོད།  

ཁུལ་སྤྱི་བདེ་ཅུས་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་རྩ་དོན་ལྟར་འབྲུབ་འགོག་བྱ་བར་ནུས་ཤུགས་ཡོད་རྒུ་བཏོན།

ཉིན་ཤས་རིང་། བསྟུད་མར་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཟླ9པའི་ཚེས4ཉིན་གྱི་ཆུ་ཚོད9པར་མཚོ་སྔོན་ཞིང་ཆེན་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞི་པའི་མཁོ་བསྟུན་དང་ལེན་དང་ཞིང་ཆེན་དང་ཁུལ་གྱི་འབྲུབ་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་དགོངས་དོན་དང་དེ་བཞིན་འབྲུབ་འགོག་བྱ་བའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་རེས་གྲ་སྒྲིག་ལམ་ལུགས་དང“འབོད་བརྡ”དང“འབོད་ལན”ཡོད་པའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས་འཕྲིན་གཏོང་ཆུ་ཚོད24རིང་ལ་ཤར་གཏོང་ཐུབ་པ་རྒྱུན་འཁྱོངས་བྱས་ཏེ་རང་བྱུང་གནོད་འཚེའི་ཉེན་བརྡའི་ཆ་འཕྲིན་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་སོ་སོར་དུས་ཐོག་ཏུ་བརྒྱུད་བསྐུར་བྱས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཁོ་བསྟུན་ཉེན་སེལ་རོགས་སྐྱོབ་དཔུང་ཁག600ལྷག་ཙམ་ལས་སྒྲུབ་གྲ་སྒྲིག་གི་རྣམ་པར་སླེབས་ནས་མགྱོགས་མྱུར་དང་ལེན་བྱ་རྒྱུའི་འགན་ལེན་བྱས་ཏེ་འཕྲལ་དུ་འབྲུབ་འགོག་ཉེན་སེལ་བྱ་བའི་ནང་ཞུགས་ཡོད། འཇུ་ལག་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་ཉེན་རྟོག་པ100བཀོད་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་འབྲེལ་བ་ཆད་པའི་མི2འཚོལ་སྐྱོབ་བྱས།

དྲག་ཆར་བབས་ནས་ཤུགས་རྐྱེན་ཐེབས་པའི་དབང་གིས་ཁུལ་ཡོངས་ཀྱི་བགྲོད་ལམ8འགྲིམ་འགྲུལ་བཀག་སྡོམ་བྱས་པ་དང་། མིག་སྔར་བགྲོད་ལམ་ཚང་མར་འགྲིམ་འགྲུལ་བཀག་སྡོམ་མེད་པར་བཟོས་ཡོད། མིག་སྔའི་བར། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ122དང་རླངས་འཁོར37བཏང་བ་དང་།  འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་འགྲིམ་འགྲུལ་དང་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་མཉམ་འབྲེལ་ཐོག་མངོན་མེད་རྐྱེན་ངན་ལམ་དུམ15དང་ཟམ་པ28། ཟམ་ཆུང21། ཆུ་ལམ3བཅས་ལ་གྲལ་བཤེར་བྱས་ཏེ། ཆུ་དང་བྲག་རིར་ཐག་ཉེ་བའི་བགྲོད་ལམ་དང་ཟམ་པའི་ཆུ་ལམ་དང་། རི་གྲོང་གི་ལམ། འཛུགས་སྐྲུན་བྱ་ཡུལ། གཏེར་རི། སློབ་གྲྭ དགོན་པ་སོགས་ས་ཁོངས་སུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད། ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་བྱ་བ་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། “གནས་སྤོ་དགོས་པ་ཚང་མ་སྤོ་བ་དང་སྔ་མོ་ནས་སྤོ་བ། ངེས་པར་དུ་སྤོ་བ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱ་རྒྱུ་ཡིན་པར་བསྟན།    

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

文来源/海北祁连山报

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章