བོད་སྐད་ཡིག་མཐུན་སྦྱོར་ཚོགས་འདུའི་ཐོག་གཏན་འབེབས་བྱས་པའི་བརྡ་ཆད།

政务   2024-09-06 13:30   青海  

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པའི་སྟེང་ཞིབ་བཤེར་གཏན་འབེབས་བྱས་པའི་བརྡ་ཆད་སྤྱི་བསྒྲགས།
ཞིང་ཆེན(ལྗོངས)དང་། ཁུལ(གྲོང་ཁྱེར)།  རྫོང་སོ་སོའི་བོད་ཡིག་སྨྱན་སྦྱོར་ལས་ཁུངས།
རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱིས་གཉེར་སྒྲུབ་བྱས་པའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་ཟླ9པའི་ཚེས2ཉིན་ནས་ཚེས5ཉིན་བར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཡོངས་བོད་སྐད་ཡིག་གི་ཚགས་པར་དང་དུས་དེབ། རླུང་འཕྲིན་བརྙན་འཕྲིན། གསར་འགྱུར་དྲྭ་ཚིགས33གྱི་མི79ལྷག་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་རེད། ཐེངས་འདིའི་ཚོགས་འདུར་བོད་སྐད་ཡིག་གི་སྨྱན་སྦྱོར་ལས་ཁུངས4ཡིས་ལོ་གཅིག་རིང་གི་སྐབས་དོན་གསར་འགྱུར་དང་ཆ་འཕྲིན་ལག་རྩལ། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོགས་ནས་ཐོན་པའི་བོད་སྐད་ཡིག་གི་ཐ་སྙད་གསར་བ་དང་ཚིག་དུམ100འབྱོར་ཡོད། ཚོགས་འདུའི་བཀོད་སྒྲིག་ལྟར་ན། ཟླ9པའི་ཚེས3ཉིན་ཧྲིལ་བོར་ཐ་སྙད་གསར་བ་དང་ཆེད་མཁས་ཞིབ་དཔྱད་ཚན་ཆུང་གིས་ནན་ཏན་ངང་ཐ་སྙད་གསར་བ་དང་ཐ་སྙད་གཅིག་གྱུར་ཚད་ལྡན་གྱི་ཞིབ་དཔྱད་གཏན་འཁེལ་ལས་དོན་སྤེལ་བར་མ་ཟད། དེ་སྔའི་ཞིབ་བཤེར་གཏན་འབེབས་བྱ་བའི་ཁྲོད་ལྷག་པའི་ཐ་སྙད་ཚད་ལྡན་མིན་པ་དང་བསམ་འཆར་མི་འདྲ་བ་ཁག་ཅིག་ལ་དམིགས་ནས་གྲོས་བསྡུར་ཟབ་མོ་བྱས་ཏེ་བོད་སྐད་ཡིག་གི་ཐ་སྙད་གསར་བ་དང་ཐ་སྙད་གསར་བ་ཡིག་སྒྱུར་ཚད་ལྡན་སྔར་བས་ཡག་པོ་ཡོང་བ་བྱ་ཆེད་བརྗེ་རེས་རྒྱ་ཁྱབ་བྱས་པ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་ཐ་སྙད་གསར་བ་དང་ཐ་སྙད་གསར་བ50ཞིབ་བཤེར་གཏན་འབེབས་བྱས་ཡོད་པས་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས་བོད་སྐད་ཡིག་གི་སྨྱན་སྦྱོར་ལས་ཁུངས་ཁག་གིས་ངེས་པར་དུ་གཅིག་གྱུར་བེད་སྤྱོད་བྱེད་པར་ཐུགས་འཇགས་འཚལ། 

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་ནས།

སྤྱི་ལོ2024ལོའི་ཟླ9པའི་ཚེས5ཉིན།

༄༅།།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པའི་བརྡ་ཆད་ཞུས་བཤེར་གཏན་འབེབས་ཀྱི་སྤྱི་བསྒྲགས།

གཤམ་གྱི་བརྡ་ཆད་འདི་དག་ནི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པའི་སྐབས་སུ་ཞིབ་བཤེར་གཏན་འབེབས་བགྱིས་ཏེ་ཁྱབ་བསྒྲགས་བྱས་པ་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་འདི་ལྟར་བཀོལ་སྤྱོད་བྱ་དགོས་པས། གང་འདོད་དུ་མི་བཅའ་བར་ཞུ།

1 首创经济 ཕུད་འགྲེམ་དཔལ་འབྱོར།    

2 最初一公里 ཐོག་མའི་འགག་གནད།    

3 伤不起 ཕོག་ཐུག་མི་རུང་བ།    

4 绝绝子 དཔེ་མི་སྲིད་པ།    

5 新质生产力 སྤུས་གསར་ཐོན་སྐྱེད་ནུས་ཤུགས།    

6 带量采购 གོང་བདེའི་ཉོ་སྒྲུབ།    

7 降碳、减污、扩绿、增长 ཐཱན་གཅོག བཙོག་འཕྲི། ལྗང་བསྐྱེད། འཕར་སྣོན།    

8 抓拍 འཛིན་ལེན།    

9 月光族 ཟླ་ཟད་ཚོགས་པ།    

10 招财引智 འཇོན་འགུག་བློ་འདྲེན།    

11 平面媒体 ངོས་མཉམ་སྨྱན་སྦྱོར།    

12 泥塑巨人 ཕྱི་རྫིག་ནང་སྟོང་།    

13 新质力量 སྤུས་གསར་སྟོབས་ཤུགས།    

14 关口前移 འགག་སྒོ་མདུན་སྤོས།    

15 “零门槛”落户 ཆ་རྐྱེན་མེད་པའི་གཞིས་ཆགས།    

16 托底性帮扶 མཐིལ་འགྱོག་རོགས་སྐྱོར།    

17 久久为功 སྙིང་རུས་གཏན་འཁྱོངས།    

18 智库 རིག་མཛོད།    

19 微创新 གསར་གཏོད་ཕྲ་མོ།    

20 UP主 UPཔ།    

21 对标对表 དཔེ་བསྡུར་གཞི་བསྡུར།    

22 独特优势 ཐུན་མིན་དགེ་མཚན།    

23 食洋不化 སྤྱོད་ཡོན་གཉིས་རྡུགས།    

24 原乡 མེས་ཡུལ།    

25 陈陈相因 སྲོལ་རྙིང་མཁྲེགས་འཛིན།    

26 凝心铸魂 བློ་སྒྲིལ་སེམས་བསྐྱེད།    

27 人心向背 བློ་སེམས་རྒྱབ་འགལ།    

28 蝴蝶效应 བྱེ་ལེབ་ནུས་སྣང་།    

29 破窗效应 སྒེའུ་བརྟོལ་ནུས་སྣང་།    

30 “灰犀牛”事件 བསེ་རུ་སྐྱ་བོའི་དོན་རྐྱེན།    

31 “黑天鹅”事件 ངང་ནག་དོན་རྐྱེན།    

32 对标看齐 དཔེ་བསྡུར་མིག་ལྟོས།    

33 中轴线 དཀྱིལ་ཐིག    

34 强军精武 དཔུང་སྟོབས་ཧྲག་དམག    

35 四驾马车 རྟ་བཞི་ཐེར་གེ།    

36 载人深潜 མི་ཐེག་གཏིང་འཛུལ། མི་སྡོད་གཏིང་འཛུལ།    

37 敢于亮剑 དཔའ་དམ་ཕོད་པ།    

38 兜底性民生建设

མཐིལ་སྐྱོང་ཅན་གྱི་དམངས་འཚོ་འཛུགས་སྐྱོང་།    

39 历史周期律 ལོ་རྒྱུས་ཀྱི་ཆོས་ཉིད།    

40 微网实格 དྲྭ་ཐོག་ཞིབ་གཉེར།    

41 关键少数 འགག་རྩའི་ཉུང་ཤས།    

42 督办 སྒྲུབ་སྐུལ།    

43 六合同风,九州共贯 ཀུན་དང་མཐུན་པའི་སྲོལ་བཟང་དེ།  ཀྲུང་གོ་ཡོངས་ཀྱིས་མཉམ་དུ་བཀུར།    

44 银发经济 དབུ་དཀར་དཔལ་འབྱོར།

45 解冻存款 བཅོལ་དངུལ་བཀག་བཀྲོལ། 

46 凯恩斯定律 ཁན་སེའི་གཏན་སྲོལ།  

47 旧农贷 ཞིང་བུན་རྙིང་བ།    

48 逆汇 ལྡོག་ཕྱོགས་དངུལ་འགྲུལ།    

49 有形、有感、有效 རིག་རྒྱུ་དང་ཚོར་རྒྱུ། ཕན་འབྲས་ཡོད་པ།    

50 静态管理 འཇགས་རྣམ་དོ་དམ། 


རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章