ཁུལ་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་བྱ་བའི་བཀོད་གཏོང་ཚོགས་འདུ་འཚོཊ།

政务   2024-09-04 15:10   青海  

ཁུལ་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།  

ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲུབ་འགོག་གེགས་སེལ་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དྲག་པོའི་ཐོག་ནས་ཕྱོགས་སོ་སོའི་འགན་འཁྲི་ནན་དུ་གཏོང་བ་དང་འགོག་ཟོན་བྱ་ཐབས་སོ་སོ་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཟེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པའི་འོས་མི་སངས་འབུམ་གྱིས་གཙོ་སྐྱོང་གནང་ཞིང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཚོགས་འདུར་ཞུགས།    

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། རེས་སྐོར་འདིར་དྲག་ཆར་བབས་པའི་བརྒྱུད་རིམ་གྱི་ཤུགས་རྐྱེན་ཁྱབ་ཁོངས་རྒྱ་ཆེ་བ་དང་ཆར་པ་འབབ་ཚད་ཆེ་ལ། ས་ཆ་ཁ་ཤས་སུ་འབབ་ཤུགས་ཆེ་བར་མ་ཟད། རེས་སྐོར་སྔོན་མར་དྲག་ཆར་བབས་པའི་ཤུགས་རྐྱེན་གྱིས་ས་རྒྱུའི་བརླན་ཚད་མཐོ་བས་ཆུ་ལོག་དང་འདམ་རྡོའི་ཆུ་རུད། རི་ཉིལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་འབྱུང་སླ་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལྷོད་གཡེང་དང་སུན་སྣང་། གཡོལ་སེམས། སྣང་མེད་བཅས་མི་བྱེད་པར་གཟབ་ནན་དང་ཏན་ཏིག་སྒོས་འབྲུབ་དུས་བདེ་འཇགས་ངང་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།    

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན་ཏེ། གཅིག་ནས་མིག་སྔའི་འབྲུབ་འགོག་དུས་བབ་ལ་ངོས་འཛིན་གང་ལེགས་བྱེད་དགོས། གནམ་གཤིས་སྔོན་བརྡ་གཞིར་བཟུང་། ཚེས3ཉིན་ནས་ཚེས4ཉིན་བར་དྲག་ཆར་བབས་པ་ནི་ད་ལོའི་འབྲུབ་ཆུ་རྒྱས་ཚུན་གྱི་དྲག་ཆར་བབས་པ་ཆེས་ཆེ་བ་ཞིག་ཡིན་པ་མ་ཟད་གཞི་གྲངས་མང་པོ་ཞིག་གམ་ཡང་ན་ལོ་རྒྱུས་ཀྱི་སྣེ་ཐང་ལས་བརྒལ་རྒྱུ་ཡིན་པས་འབྲུབ་འགོག་གི་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་བསམ་བློ་དེ་ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་ཐོག་གཅིག་སྡུད་བྱས་ཏེ་ཆུ་ལོག་ཆེན་པོ་དང་ཉེན་ཁ་ཆེན་པོ་སྔོན་འགོག་བྱེད་པ་དང་། གནོད་འཚེ་ཆེན་པོ་སྐྱོབ་པ་བཅས་བྱས་ཏེ་ཆུ་ལོག་འགོག་ཟོན་གྱི་གལ་ཆེན་རང་བཞིན་དང་ཚབས་ཆེན་རང་བཞིན་ལ་གོ་བ་ཟབ་མོ་ལོན་དགོས།  གཉིས་ནས་ཕྱོགས་སོ་སོའི་འགན་འཁྲི་ནན་དུ་གཏོང་དགོས། ས་གནས་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་ཁོངས་མིའི་ལས་ཁུངས་ཀྱི་བྱ་བའི་འགན་འཁྲི་ངེས་པ་དོན་གྱིས་ནན་དུ་གཏོང་དགོས། ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ། ཧྲེ་བཅས"རིམ་ལྔའི"འགན་ལེན་བྱེད་པའི་འགན་འཁུར་བས་འགན་ལེན་ཁུལ་དང་འཐབ་ས་དང་པོར་བསྐྱོད་ནས་དངོས་འབྲེལ་བྱ་བ་སྤེལ་ནས་དོགས་ཟོན་དང་ཁ་གཏད་གཅོག་ཐབས་སོ་སོ་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་ཧྲེ། ཁྱིམ་ཚང་ཚང་མར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། ས་གནས་སོ་སོའི་ཏང་སྲིད་ཀྱི"མགོ་ཁྲིད་དང་པོའི"ཡུལ་དངོས་སུ་བསྡད་ནས་བཀོད་འདོམས་དང་གཅིག་གྱུར་བཀོད་གཏོང་། གཞོགས་འདེགས་མཉམ་ལས་བཅས་བྱེད་དགོས་པ་དང་། སྡེ་ཁག་སོ་སོས་རང་རང་གི་ལས་རིགས་དང་ཁྱབ་ཁོངས་ཀྱི་འབྲུབ་འགོག་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་དགོས་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་རྩད་ཞིབ་དམ་ཟབ་བྱེད་པ། དུས་ཐོག་ཏུ་ཉེན་བརྡའི་དྲན་སྐུལ་གཏོང་བ་དང་། "འབོད་བརྡ་འབོད་ལན་ཡོད་དགོས་པ"དོན་འཁྱོལ་བཅས་བྱས་ཏེ་ཐེངས་འདིའི་དྲག་ཆར་འབབ་པའི་གནམ་གཤིས་ཀྱི་བརྒྱུད་རིམ་ལ་ཁ་གཏད་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས། གསུམ་ནས་དོགས་ཟོན་བྱ་ཐབས་སོ་སོར་ཤུགས་སྣོན་དགོས། ཟམ་པ་དང་ཕུག་ལམ། ཆུ་གློག་ས་ཚིགས།  ཡུལ་སྐོར་ལྗོངས་ཁུལ། ཕྱི་རོལ་གྱི་ཨར་ལས་བྱེད་ས་དང་བཟོ་ཁང་། རི་ཁུལ་གྱི་མགྲོན་ཁང་། ཕྱི་རོལ་གྱི་སྒར་ས།དབྱར་དུས་ཀྱི་ཕྱུགས་ར། རོང(འབྲོག)པའི་སྤྲོ་སྐྱིད་ཁང་། གྲོང་གསེབ་ཀྱི་སློབ་གྲྭ ཚོང་འདུས་ཁྲོམ་ར། དགོན་པ། ས་གཤིས་གནོད་འཚེ་འབྱུང་སླ་བའི་ཁུལ། ཆུ་ལོག་གི་གནོད་འཚེའི་ཉེན་ཁ་ཆེ་བའི་ཁུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་འབྱུང་སླ་བའི་ས་ཁུལ་སོགས་གཙོ་གནད་དང་ཉེན་ཁ་ཆེ་བའི་ས་ཁོངས་ལ་རྩེ་གཅིག་ཏུ་དམིགས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གནད་ལ་འཁེལ་བའི་སྒོ་ནས་སེལ་དགོས། དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་སྤྱད་དེ་ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་བ་དང་ཉེན་ཁའི་གནས་ཚུལ་སེལ་ནས་གནས་གཅིག་ཀྱང་མི་ལུས་པ་དང་ཟུར་གཅིག་ཀྱང་མི་ལུས་པར་འགན་ལེན་བྱེད་དགོས། བཟོ་ལས་དང་ཉོ་ཚོང་དང་། གཏེར་རི། ཉེན་ཆེའི་དངོས་རྫས། གཏེར་སྙིགས་བང་མཛོད་སོགས་གཙོ་གནད་ཁེ་ལས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲག་ཆར་འབབ་པའི་གནམ་གཤིས་བྱུང་སྐབས་ཐོན་སྐྱེད་བྱེད་མཚམས་བཞག་ནས་མི་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས། གཞུང་ལམ་འགྲིམ་འགྲུལ་དང་ཨར་ལས་བདེ་འཇགས། དེ་བཞིན་འཕྲལ་སྡོམ་གྲ་སྒྲིག་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དགོས་ངེས་སྐབས་གཞུང་ལམ་བཀག་སྡོམ་དང་། རླངས་འཁོར་གཏོང་མཚམས་འཇོག་པ། ལས་མཚམས་སྐྲུན་མཚམས་འཇོག་པ་སོགས་ཀྱི་བྱ་ཐབས་བཙན་པོ་སྤྱད་དེ"མཚམས་འཇོག་དགོས་རིགས་ཚང་མ་མཚམས་འཇོག་ཐུབ་པ"བྱེད་དགོས། བཞི་ནས་དུས་ཐོག་ཏུ་སྔོན་དཔག་དང་སྔོན་བརྡ་གཏོང་དགོས། གནམ་གཤིས་སྡེ་ཁག་གིས་གནམ་གཤིས་འགྱུར་ལྡོག་དང་ཆར་ཆུ་འབབ་ཚུལ། ཆུའི་གནས་ཚུལ། ཆུ་བྲུག་ཚུལ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་ཏེ། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཐེངས་ཚགས་དམ་བྱས་ཏེ། སྔོན་དཔག་དང་སྔོན་བརྡ། ཉེན་བརྡ་གཏོང་རྒྱུ་དེ་དུས་ཐོག་དང་གནད་ལ་འཁེལ་བར་བྱས་ཏེ། ཆར་འབབ་ཡུལ་གཙོ་གནད་ས་ཁུལ་དང་སྡེ་ཁག་ལ་དོགས་ཟོན་དང་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་དྲན་སྐུལ་སྔོན་ལ་བྱས་ནས། ཕན་འབྲས་ཆེ་བའི་དོགས་ཟོན་དང་ཁ་གཏད་གཅོག་ཆེད་སྔོན་ལ་ཚད་འཇལ་བྱེད་དགོས། ལྔ་ནས་མགྱོགས་མྱུར་ངང་འབོད་བརྡ་དང་འབོད་ལན་ཡོད་པར་བྱེད་དགོས། གཙོ་གནད་ཁུལ་དུ་སྐོར་ཞིབ་འགོག་སྲུང་དང་ཉེན་གཡོལ་གནས་སྤོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁུལ་ཆ་ཤས་སུ་ཆུ་ཚོད་རེར་ཆར་ཧའོ་སྨི20ལས་བརྒལ་བའི་གནས་ཚུལ་ཐོན་སྐབས་དུས་ཚོད་དང་པོར་ཉེན་བརྡ་གཏོང་བ་དང་། དུས་ཚོད་དང་པོར་སྡེ་བ་དང་སྡེ་ཁུལ་དུ་འབོད་བརྡ་བརྒྱབས་ནས། ཉེན་གཡོལ་བྱ་དགོས་རིགས་དུས་ཐོག་ཏུ་ཉེན་གཡོལ་བྱེད་དགོས་པ་དང་། གནས་སྤོ་ཕྱིར་འཐེན་བྱ་དགོས་རིགས་གང་མགྱོགས་གནས་སྤོ་ཕྱིར་འཐེན་བྱས་ཏེ། མི་སྣ་ཤི་རྨས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱ་དགོས། དྲུག་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་མཐར་ཕྱིན་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རང་ས་ཁུལ་དང་རང་ལས་རིགས་ལ་ཐོན་སྲིད་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཞིབ་འཇུག་བརྡར་ཤ་བཅད་དེ། མངོན་མེད་རྐྱེན་ངན་གྲལ་བཤེར་གོ་རིམ་ལྡན་པ་དང་ཉེན་གཡོལ་གནས་སྤོ་དུས་ཐོག་ཏུ་གནད་ལ་འཁེལ་བར་བྱེད་དགོས། བདུན་ནས་མཁོ་བསྟུན་དམག་གྲབས་ཡག་པོ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རོགས་སྐྱོབ་དངོས་ཟོག་སྒྲིག་ཆས་དང་རོགས་སྐྱོབ་འཚོ་བའི་དངོས་ཟོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ཉེན་ཁའི་དུས་སུ་མགྱོགས་མྱུར་དང་ལེན་ཐུབ་པ་དང་རོགས་སྐྱོབ་ནུས་ལྡན་ཐུབ་པར་འགན་ལེན་བྱས་ཏེ། བེད་སྤྱོད་མི་བྱེད་ཀྱང་གྲ་སྒྲིག་བྱེད་པ་ལས་བེད་སྤྱོད་སྐབས་སུ་གྲ་སྒྲིག་མེད་པ་བྱེད་མི་རུང་། རིམ་པ་སོ་སོའི་མེ་ཟོན་མཁོ་བསྟུན་རོགས་སྐྱོབ་དཔུང་ཁག་དང་དམངས་དམག་མཁོ་བསྟུན་རོགས་སྐྱོབ་དཔུང་ཁག ས་གནས་སོ་སོ་དང་ལས་རིགས་སོ་སོའི་མཁོ་བསྟུན་སྐྱོབ་རོགས་དཔུང་ཁག་གིས་དམག་རྒྱག་སྐབས་ཀྱི་རྣམ་པ་ཁྱོན་ཡོངས་ནས་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཆས་དང་དངོས་ཟོག་འདང་ངེས་གྲ་སྒྲིག་དང་འཕྲུལ་ཆས་ཆེ་གྲས་གྲ་སྒྲིག་ཡག་པོ་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་ཉེན་སེལ་རོགས་སྐྱོབ་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས། བརྒྱད་ནས་ཆ་འཕྲིན་སྙན་སྒྲོག་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱར་ནན་མོར་གཞིགས་ནས། ཆ་འཕྲིན་སྙན་སྒྲོག་ཐབས་ལམ་གཅིག་གྱུར་ཡོང་བར་བྱས་ཏེ། ཆུ་ཚོད་ཕྱེད་ཀ་རེར་ཞིང་ཆེན་མཁོ་བསྟུན་བཀོད་འདོམས་ལྟེ་གནས་ལ་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱེད་དགོས་པ་དང་གནོད་འཚེའི་གནས་ཚུལ་ཐོན་ཚེ། དུས་ཚོད་དང་པོར་ཆ་འཕྲིན་སྙན་ཞུ་བྱེད་དགོས། དགུ་ནས་ལས་རེས་ལས་སྲུང་ལ་ཤུགས་སྣོན་དགོས། མཁོ་བསྟུན་ལས་རེས་བྱ་བའི་ལམ་ལུགས་ལ་བརྩི་སྲུང་ནན་མོ་བྱས་ཏེ། མཁོ་བསྟུན་ཁ་པར་ཉན་པ་དང་སྒྲིག་ཆས་འཁོར་སྐྱོད་སྲུང་སྐྱོབ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ལས་འགན་ལས་གནས་ཐོག་འབྱོར་བ་དང་འགན་འཁྲི་མིའི་ཐོག་ཏུ་དོན་འཁྱོལ་བྱེད་པ། དོ་དམ་གནད་ལ་འཁེལ་བ་བཅས་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ཐོན་ཚེ་འཕྲལ་མར་ཉན་པ་དང་དུས་ཚོད་དང་པོར་སྙན་ཞུ་བྱེད་པ། དུས་ཚོད་དང་པོར་ཐག་གཅོད་བཅས་བྱེད་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

ཁུལ་གནམ་གཤིས་ཅུས་དང་ཁུལ་མཁོ་བསྟུན་དོ་དམ་ཅུས་ཀྱིས་ཉེ་དུས་ཀྱི་སྔོན་དཔག་དང་གནོད་འགོག་གེགས་སེལ་སོགས་ཀྱི་གནས་ཚུལ་ཁྱབ་བརྡ་བཏང་ལ། ཁུལ་རང་བྱུང་ཐོན་ཁུངས་ཅུས་དང་། ཁུལ་ཆུ་བེད་ཅུས། འཇུ་ལག་རྫོང་དང་མདོ་ལ་རྫོང་བཅས་ཀྱིས་གཏམ་བཤད་སྤེལ།    

ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་རའི་འགན་འཁུར་བློ་མཐུན། དེ་བཞིན་རྫོང་སོ་སོའི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་གཙོ་གནད་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་རྫོང་སོ་སོའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།    

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

文来源/海北政务 文/海北州应急管理局 图/祁连山报社全媒体记者 才项什姐

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章