འཕང་འབྲས་མཆོད་མཁན་ཚོས་འདིར་ཅིག་གཟིགས་རོགས།

政务   2024-09-03 17:04   青海  
འཕང་འབྲས་ནི་སྨན་ཟས་གཉིས་ཀའི་འབྱུང་ཁུངས་གྱི་མཚོན་བྱེད་རང་བཞིན་གྱི་སྣ་རིགས་ཤིག་ཡིན་པའི་ངོས་ནས། ཟས་རིགས་དང་བཏུང་བྱ། ལུས་ཁམས་བདེ་སྲུང་ཐོན་རྫས་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད། འོན་ཀྱང་བལྟས་ཚོད་ཀྱིས་རྒྱས་ཤིང་དམར་མདངས་བཀྲ་བའི་འཕང་འབྲས་ཀྱི་རྒྱབ་ཏུ་མི་རྣམས་ཀྱིས་མི་ཤེས་པའི་གསང་བ་ཡོད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་ཡོད་པས་འཛད་སྤྱོད་པའི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་བཞིན་ཡོད། 

སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀན་སུའུ་ཞིང་ཆེན་ཅིང་ཡོན་རྫོང་དུ་བསྐྱོད་སྐབས། གནས་འདིའི་འཕང་འབྲས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི28ཙམ་ཡོད་པ་དེ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ14ལ་ཁྱབ་ཡོད་ཅིང་། འཕང་འབྲས་ཀྱི་སྤུས་ཚད་ལ་འགན་ལེན་བྱས་ཏེ་དངུལ་མང་ཙམ་ཐོབ་ཆེད་དུ་འཕང་འབྲས་ཉོ་སྒྲུབ་བྱེད་མཁན་ཚོང་དུད་ཀྱིས་འཕང་འབྲས་ལ་རྫས་འགྱུར་མུ་ཟི་བཀོལ་གྱིན་ཡོད། 

ཚོང་དུད་ཞིག་གིས་གསར་འགོད་པར།  འཕང་འབྲས་གསར་པ་བཏོག་རྗེས་སྔོན་ལ་ནཱ་འབྲིང་བུལ་ཆུས་ཐེངས་གཅིག་བཀྲུ་དགོས། དེ་ལྟར་བྱས་ཚེ་ཉི་མར་སྐམ་པའི་འཕང་འབྲས་ཀྱི་མདོག་ཡག་ཏུ་འགྲོ་བཞིན་ཡོད། འོན་ཀྱང་ཆར་པ་བབས་ཚེ། ནཱ་འབྲིང་གིས་བཀྲུས་པའི་འཕང་འབྲས་ཀྱི་རྒྱུ་སྤུས་ལའང་ཁག་ཐེག་བྱེད་དཀའ་བས་དེ་དུས་མུ་ཟི་སྤྱོད་པ་ལས་ཐབས་གཞན་མེད་ཅེས་བརྗོད་པ་རེད།

ཚོང་དུད་ཁ་ཤས་ཀྱིས་མ་གནས་གྲོན་ཆུང་ཐུབ་ཆེད། བཟོ་ལས་ཐད་སྤྱོད་པའི་མུ་ཟི་བེད་སྤྱོད་བཞིན་ཡོད། བཟོ་ལས་མུ་ཟི་ནི་ཟས་རིགས་ལས་སྣོན་ཐད་ལ་སྤྱོད་མི་རུང་ཞིང་། དེར་དུག་གཤིས་ལྡན་པ་མ་ཟད། སྭེན་མང་པོ་འདུས་ཡོད་པས། མཁལ་མའི་བྱེད་ནུས་མི་ཚང་བ་དང་ཉམས་པ། མང་འབྱུང་རང་བཞིན་གྱི་དབང་རྩའི་གཉན་ཚད། མཆིན་པའི་བྱེད་ནུས་བཅས་ལ་གནོད་འཚེ་བཟོ་བཞིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章