མཚོ་བྱང་ཁུལ་ལ་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་བཏང་འདུག

政务   2024-09-05 17:37   青海  


མཚོ་བྱང་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད16དང་སྐར་མ30སྟེང་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་བཏང་པ་སྟེ། སྔོན་དཔག་བྱས་པ་ལྟར་ན། ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད16དང་སྐར་མ30ནས་ཚེས6ཉིན་གྱི་ཆུ་ཚོད16དང་སྐར་མ30བར། མདའ་བཞིའི་ས་ཁུལ་མང་ཆེ་བ་དང་འཇུ་ལག་གི་ས་ཁུལ་མང་ཆེ་བ། མདོ་ལ་དང་རྐང་ཚའི་ཤར་རྒྱུད་བཅས་ལ་ཆར་ཆེན་འབབ་རྒྱུ་ཡིན་ཞིང་། རིམ་རྩིས་བྱས་ན་ཆར་འབབ་ཚད་ཧའོ་སྨི25ནས40བར་ཟིན་རྒྱུ་རེད། ཆེས་འབབ་དུས་ཆུ་ཚོད་རེའི་ནང་ཧའོ་སྨི15ནས20བར་ཟིན་རྒྱུ་རེད། དྲག་ཆར་གཙོ་བོ་ཚེས5ཉིན་གྱི་དགོང་མོར་འབབ་རྒྱུ་ཡིན་པ་དང་། བརྒྱུད་རིམ་འདིའི་ནང་དུས་ཐུང་རང་བཞིན་གྱི་དྲག་ཆར་དང་སེར་བ་འབབ་པ། ཐོག་རྒྱག་རླུང་གཡུག་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་འབྱུང་རྒྱུ་ཡིན་ལ། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད། ཆུ་བོ་ཆུང་འབྲིང་བྲུག་པ་དང་། ཆུ་ལོག་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཆུ་འཁྱིལ་བ་སོགས་ཀྱི་ཞོར་ཐོན་གནོད་འཚེ་འབྱུང་བའི་གནམ་གཤིས་ཀྱི་ཉེན་ཁ་ཆེ་བས་མཉམ་འཇོག་བྱ་དགོས། 

འགོག་སྲུང་ཕྱོགས་སྟོན།

1.ཆར་འབབ་ཁུལ་གྱི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ལས་འགན་ལྟར་ཆུ་ལོག་འགོག་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།

2.སློབ་གྲྭ་དང་བྱིས་སྙོར་ཁང་གིས་འགོག་སྲུང་བྱེད་ཐབས་སྤྱད་དེ་སློབ་མ་དང་བྱིས་པའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། 

3.ཁ་ལོ་བས་གཞུང་ལམ་དུ་ཆུ་འཁྱིལ་བ་དང་འགྲིམ་འགྲུལ་འགག་པར་དོ་སྣང་བྱས་ནས་རླངས་འཁོར་བདེ་འཇགས་ངང་སྐོར་བར་འགན་ལེན་ཏན་ཏིག་བྱེད་དགོས། 

4.ཉི་མར་སྐམ་པའི་དངོས་རྫས་བསྡུ་ལེན་བྱས་ནས་གཤོང་ས་དང་སྦངས་སླ་བའི་ས་ཁུལ་གྱི་དངོས་ཟོག་སྤོ་སྒྱུར་བྱེད་དགོས།

5.གཤོང་ས་དང་དམའ་སའི་ཉེན་ཁ་ཡོད་པའི་ཕྱི་རོལ་གྱི་གློག་ཁུངས་གཅོད་དགོས།

6.གྲོང་ཁྱེར་དང་གྲོང་རྡལ། ཞིང་ཁ། ཆུ་རགས་བཅས་ཀྱི་ཆུ་འབུད་མ་ལག་ལ་ཞིབ་བཤེར་དང་འཁྱིལ་ཆུ་བཤང་ཐབས་དགོས་ངེས་སྤྱད་དེ་ཆུ་མཛོད་ཀྱི་བདེ་འཇགས་ཆུ་མཐོ་ཚད་སྲུང་འཛིན་བྱེད་དགོས།



海北州发布暴雨蓝色预警

海北州气象台9月5日16时30分发布暴雨蓝色预警:预计,9月5日16时30分至6日16时30分,海晏大部、门源大部、祁连东部、刚察东部将出现大雨,累计降水量25~40毫米,最大小时雨强15~20毫米。强降水主要集中在5日夜间,过程期间伴有短时强降水、冰雹、雷暴大风等强对流天气。发生山体滑坡、泥石流、中小河流洪水、山洪、城乡积涝等次生灾害的气象风险较高,请注意防范。

防御指南:
1.强降水区的政府及相关部门按照职责做好防汛工作;
2.学校、幼儿园采取防御措施,保证学生和幼儿安全;
3.驾驶人员注意道路积水和交通堵塞,确保行车安全;
4.收盖露天晾晒物品,转移低洼易浸地区物资;
5.切断低洼地带有危险的室外电源;
6.检查城镇、农田、堤坝排水系统,采取必要的排涝措施,水库保持安全水位。

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། 

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北州气象台 

责编/彭毛才旦

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章